སྟོན་པའི་རྒྱལ་ཚབ། བསྟན་པའི་བདག་པོ། མགོ་ནག་བོད་མིའི་༧སྐྱབས་མགོན་ཁྱེད་སྐུ་མི་བསྙུང་། གསུང་མི་འགག །ཐུགས་མི་འགྱུར་བའི་ངང་ནས་འཚོ་ཞིང་གཞེས་རྒྱུ་དེ་བས་ལྷག་པའི་འདོད་དོན་ཞིག་ང་ཚོ་ལ་མེད།
བྱང་ཕྱོགས་གངས་རིའི་ར་བས་བསྐོར་བའི་རྒྱུད། །
བོད་ཡུལ་ཆོས་ལྡན་ཞིང་གི་རྒྱལ་ཁམས་སུ། །
སྐྱེ་དགུའི་ཕན་དང་བདེ་བ་མ་ལུས་པ། །
འབྱུང་བའི་ཡོན་གནས་དམ་པ་ཐུགས་རྗེའི་གཏེར། །
འཕགས་མཆོག་སྤྱན་རས་གཟིགས་དབང་མི་གཟུགས་ཅན། །
ཐུབ་བསྟན་འཛིན་པ་རྒྱ་མཚོ་ལྟ་བུ་ཡི། །
གཙུག་གི་རྒྱན་གྱུར་བླ་མའི་ཞབས་སྐྱེས་པད། །
སྲིད་མཐའི་བར་དུ་གཡོ་མེད་བརྟན་གྱུར་ཅིག །
སློབ་འབངས་སུ་གཏོགས་པ་ཨོ་རྒྱན་ཕྲིན་ལས་པས། སྤྱི་ལོ་ ༢༠༢༤ ཟླ་ ༧ ཚེས་ ༦ ལ་གུས་པས་ཕུལ།