རྒྱ་ནག་གཞུང་གིས་གོ་སྒྲིག་བྱས་ནས་པེ་ཅིང་དུ་རྒྱལ་སྤྱིའི་བོད་རིག་པའི་དཔྱད་གླེང་ཚོགས་འདུ་སྐབས་བདུན་པ་ཟེར་བ་དེ། ཟླ་༨པའི་ཚེས་༡༤ ནས ༡༦ བར་ཉིན་གསུམ་རིང་འཚོགས་ཡོད་པ་རེད། ཚོགས་འདུ་དེ་དང་འབྲེལ་ནས་བོད་རིག་པའི་ཞིབ་འཇུག་གི་གནས་བབ་དང་། རྒྱ་ནག་གཞུང་གིས་བོད་སྐད་ཡིག་ཐོག་ལག་བསྟར་བྱེད་བཞིན་པའི་སྲིད་ཇུས་སྐོར་ལ་འབུམ་རམས་པ་རྒྱལ་ལོ་ལགས་དང་མཉམ་དུ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་གཞོན་པ་དཔལ་ལྡན་རྒྱལ་ལགས་ཀྱིས་གླེང་་མོལ་ཞུས་པར་གསན་གཟིགས་གནང་རོགས།