འཆད་མཁན། དོལ་པོ་དགེ་བཤེས་ཕུན་ཚོགས་ཉི་མ།
ནང་དོན་གནད་བསྡུས།
«རྒྱལ་རབས་བོན་གྱི་འབྱུང་གནས་»དང་«གླེང་གཞི་བསྟན་པའི་བྱུང་ཁུངས་»གཉིས་ཀྱི་ངོ་སྤྲོད་རགས་བསྡུས། ཁྱུང་པོ་བློ་གྲོས་རྒྱལ་མཚན་གྱི་ངོ་སྤྲོད་རགས་བསྡུས། «རྒྱལ་རབས་བོན་གྱི་འབྱུང་གནས་»དང་«གླེང་གཞི་བསྟན་པའི་བྱུང་ཁུངས་»གཉིས་དཔེ་རྒྱུན་ལག་སོན་བྱུང་སྟངས། «རྒྱལ་རབས་བོན་གྱི་འབྱུང་གནས་»དང་«གླེང་གཞི་བསྟན་པའི་བྱུང་ཁུངས་»གཉིས་གཅིག་པ་མིན་པའི་སྐོར། ཁྱུང་པོ་བློ་གྲོས་རྒྱལ་མཚན་གྱིས་ལུགས་ལྟར་གཤེན་རབ་མི་བོའི་འཁྲུངས་ལོ་གཏན་འབེབས་བྱེད་སྟངས། «གླེང་གཞི་བསྟན་པའི་བྱུང་ཁུངས་»ཀྱི་མཚན་བྱང་མི་མཚུངས་པ་ཡོད་ཚུལ་སྐོར། «རྒྱལ་རབས་བོན་གྱི་འབྱུང་གནས་»དང་«གླེང་གཞི་བསྟན་པའི་བྱུང་ཁུངས་»གཉིས་མཛད་པའི་ལོ་ཚིགས་གཏན་འབེབས། གཞུང་གཉིས་ཀྱི་ནང་དོན་གནད་བསྡུས། སྟོན་པ་རབས་དགུའི་སྐོར། རྒྱལ་པོ་གཉའ་ཁྲིའི་སྐོར། བོད་མིའི་བྱུང་རབས་སོགས་ཞུས་པའོ།།