ཨོ་ཌི་བི་ཤའི་ཡུལ་གྱི་མཁའ་འགྲོ་མ་ཟུང་ཏཱ་ར་ཏཱ་རི་ནི་སྐོར་ལ་དཔྱད་པ།

འཆད་མཁན། བློ་བཟང་དཔལ་ལྡན།

བཞུགས་གནས། སྡེ་རྭ་ལྡུན་དགེ་འཕེལ་གླིང་།

ཆེད་ལས། ཡིག་ཚགས་བརྙན་ཕབ་དང་ཕྱོགས་སྒྲིག་པ།

ཏཱ་ར་ཏཱ་རི་ནི་ལྷ་ཁང་ནི་དུས་རབས་མང་པོའི་རིང་ལ་ཉམས་གསོ་ཐེངས་མང་བྱས་ཡོད། ཉེ་ཆར་ལྷ་ཁང་གི་སྲོལ་རྒྱུན་དང་བཟོ་རྩལ་གྱི་ངོ་བོ་རྒྱུན་འཛིན་བྱེད་པའི་ཐོག་ནས་དེང་རབས་ཀྱི་མཐུན་རྐྱེན་དང་གཞི་རྒྱ་ཆེ་རུ་གཏོང་བའི་དམིགས་ཡུལ་བཅས་ཉམས་གསོ་བྱས་ཡོད།

ལྷ་ཁང་དུ་ལོ་འཁོར་མའི་ནང་དུས་སྟོན་མང་པོ་སྲུང་བརྩི་བྱེད་ཀྱི་ཡོད། ལོ་རེའི་ཟླ་བ་གསུམ་པ་དང་བཞི་པའི་ནང་སྲུང་བརྩི་བྱེད་པའི་”ཙཻ་ཏྲ་པར་བ”ཡང་ན་”ཏཱ་ར་ཏཱ་རི་ནི་མེ་ལ”ནི་གལ་ཆེ་ཤོས་ཀྱི་དུས་སྟོན་ཡིན། དུས་སྟོན་འདིའི་སྐབས་སུ་རྒྱལ་ཁབ་ཀྱི་ས་ཕྱོགས་གང་ས་ནས་དད་ལྡན་སྐྱེ་བོ་མང་པོ་ལྷ་ཁང་དུ་འདུ་འཛོམས་བྱེད་ཀྱི་ཡོད། ཕ་མ་མང་པོས་རང་གི་ཕྲུ་གུའི་ཐོག་མའི་སྐྲ་འབྲེག་པའི་”མུན་དན”ཆོ་ག་ནི་ལྷ་མོ་རྣམས་ཀྱི་སྲུང་སྐྱོབ་ཆེད་དུ་མཆོད་འབུལ་གྱི་ཚུལ་དུ་བྱེད་ཀྱི་ཡོད། ཙཻ་ཏྲ་མེ་ལ་མ་ཟད། གཞན་ཡང་ཟླ་བ་དང་པོའི་ནང་གི་སཾ་ཀྲནྟི་མེ་ལ། ཧོ་ལི་དང་མཉམ་དུ་ཡོང་བའི་དོལ་པུརྞི་མ། དུར་གཱ་པུ་ཇའི་སྐབས་ཀྱི་ཤ་ར་ཏི་ཡ་པར་བ། དི་ཝ་ལིའི་སྐབས་ཀྱི་ཤྱ་མ་ཀ་ལི་པར་བ་བཅས་ནི་ལྷ་ཁང་འདིར་སྲུང་བརྩི་བྱེད་པའི་དུས་སྟོན་གལ་ཆེན་གཞན་ཡིན།

ཏཱ་ར་ཏཱ་རི་ནི་ལྷ་ཁང་ནི་དུས་རབས་མང་པོའི་རིང་ལ་ཉམས་གསོ་ཐེངས་མང་བྱས་ཡོད། ཉེ་ཆར་ལྷ་ཁང་གི་སྲོལ་རྒྱུན་དང་བཟོ་རྩལ་གྱི་ངོ་བོ་རྒྱུན་འཛིན་བྱེད་པའི་ཐོག་ནས་དེང་རབས་ཀྱི་མཐུན་རྐྱེན་དང་གཞི་རྒྱ་ཆེ་རུ་གཏོང་བའི་དམིགས་ཡུལ་བཅས་ཉམས་གསོ་བྱས་ཡོད།

ལོ་རྒྱུས མཧཱ་བྷ་ར་ཏ་ལས་ཤེས་གསལ་ལྟར་ན། མཧཱ་བྷ་ར་ཏའི་དམག་འཁྲུག་མ་འགོ་ཚུགས་གོང་དུ་བླ་མ་ཤྲི་ཀྲི་ཤ་ན་ཡིས་ཨར་ཇུ་ན་ལ་ཤྲི་ཌེ་ཝི་ཀུ་པ་ཡང་ན་བྷ་ཌ་ར་ཀ་ལི་ལ་རྒྱལ་བའི་སྨོན་ལམ་འདེབས་དགོས་པའི་བསླབ་བྱ་གནང་ཡོད། བྷ་ཌ་ར་ཀ་ལི་དེ་སཏིའི་ཡན་ལག་ནས་འབྱུང་བ་ལྟར་ཨ་ཌི་ཤག་ཏི་པི་ཐཱ་གཙོ་བོ་གཞན་བཞི་ལྟར་མཧཱ་བྷ་ར་ཏའི་དུས་སྐབས་དང་ཡང་ན་ལོ་ངོ་༦༠༠༠ཙམ་སྔོན་ལ་ཡོད་པའི་ཨ་ཌི་ཤག་ཏི་པི་ཐ་སི་ཡིན། འདི་ནི་ང་ཚོས་ད་ལྟའི་བར་དུ་ཐོབ་པའི་གནས་ཚུལ་རྙིང་ཤོས་དེ་ཡིན། ལོ་རྒྱུས་ཀྱི་ཐོན་ཁུངས་ལྟར་ན། ལོ་ངོ་ ༢༣༠༠ ཙམ་སྔོན་ལ་མའོ་རི་ཡའི་རྒྱལ་པོ་ཨ་ཤོ་ཀ་ཡིས་ཀ་ལིང་གྷན་དམག་འཁྲུག་ནང་ཀ་ལིང་གྷན་རྒྱལ་ཁམས་དང་དེའི་རྒྱལ་ས་ལྟེ་གནས་སམ་པ་(ས་མ་པ་)མར་ཕབ་པ་དེས་རྒྱ་གར་གྱི་ས་ཁུལ་འདིའི་ནང་པའི་ཆོས་ལུགས་ཀྱི་དབང་ཆ་ཤུགས་ཆེ་རུ་བཏང་ཡོད། དེ་དུས་ཀྱི་སམ་པ་དེ་ཏ་ར་ཏ་རི་ནི་རི་བོའི་མཆོད་ཁང་ནས་སྤྱི་ལེ་༧ཙམ་ལས་མེད། དེར་བརྟེན་ཤེས་ཡོན་པ་ཚོས་ཏ་ར་ཏ་རི་ནི་དེ་ཀ་ལིང་ག་རྒྱལ་ཁམས་ཀྱི་ལྷ་གཙོ་བོ་(ཨིསི་ཊ་ཌེ་ཝི་)ཡིན་པར་ཡིད་ཆེས་བྱེད་ཀྱི་ཡོད། ཨ་ཤོ་ཀ་ཡིས་ཀ་ལིངྒ་དབང་དུ་བསྡུས་རྗེས་མཁས་པ་ཚོས་དེ་ནི་ནང་ཆོས་ཀྱི་ལྟེ་གནས་གྲགས་ཅན་ཞིག་ཏུ་མཐོང་། རུ་ཤི་ཀུལ་ཡ་ཆུ་བོའི་འགྲམ་གྱི་གན་ཇམ་གྱི་ས་ཁུལ་དེ་ནང་པའི་ཆོས་ལུགས་ཀྱི་ས་ཁུལ་ཤུགས་ཆེན་ཞིག་ཡིན་པ་དང་། མཧཱ་ཡ་ན་ནང་པའི་ལྷ་ཁང་གི་ལྷ་གལ་ཆེན་ཞིག་ཡིན་པའི་ཏ་ར་(ནང་ཆོས་)ཞེས་པའི་མིང་དེས་ནང་པའི་ཤུགས་རྐྱེན་ཡོད་པའི་བསམ་ཚུལ་བསྟན་ཡོད། ལྷ་ཁང་གི་མཆོད་ཁང་ནང་དུ་སྒོམ་རྒྱག་བཞིན་པའི་སངས་རྒྱས་ཀྱི་སྐུ་བརྙན་དེས་ས་ཆ་འདི་ནང་པའི་ཤཀ་ཏ་ཆོས་ལུགས་ཀྱི་སྔོན་གྱི་ལྟེ་གནས་ཤིག་ཡིན་པའི་བརྗོད་གཞི་ལ་ཡིད་ཆེས་སྤྲོད་ཀྱི་ཡོད།

 

 

སྔོན་མ།
སོག་པོའི་རྟ་དམག་གིས་བོད་དུ་ཉི་ཧོང་གི་རལ་གྲི་ཀླད་ལ་གདེངས་པ་ཞེས་པའི་བརྩམས་ཆོས་ངོ་སྤྲོད། སུམ་ཅུ་སོ་བཞི་བ།
རྗེས་མ།
སྲིད་པའི་ཞང་ཞུང་སྐོར་གྱི་རགས་བཤད། ༼ ཚན་པ་ལྔ་བ། ༽

Leave a Reply

keyboard_arrow_up