༼ བདེན་པ་དང་འཚེ་བ་མེད་པའི་སྦྱོར་བ་ཕྱག་བཞེས་༽ ཞེས་པའི་དཔེ་དེབ་བོད་སྒྱུར་དང་འབྲེལ་བའི་དེབ་དེ་བོད་ཡིག་ནང་སྒྱུར་བའི་རིམ་པ་དང་ནང་དོན་གནད་བསྡུས་ངོ་སྤྲོད།

འཆད་མཁན། བྱང་པ་རིག་འཛིན་ལྷུན་གྲུབ།

སྡོད་གནས། ཏཱ་ལའི་བླ་མ་མཐོ་སློབ།

ཆེད་ལས། བོད་ཀྱི་སྐད་ཡིག་དགེ་རྒན་དང་ལོ་ཙཱ་བ།

ཏཱ་ལའི་བླ་མ་མཐོ་སློབ་ཀྱི་བོད་དགེ་དང་འབུམ་རམས་པ་བྱང་པ་རིག་འཛིན་ལྷུན་གྲུབ་ཀིས་བསྒྱུར། རིག་འཛིན་ལྷུན་གྲུབ་ལགས་ནས་དཔེ་དེབ་འདི་བོད་ཡིག་ནང་སྒྱུར་བའི་འཕྲུལ་དེབ་དགོས་མཁན་ཡོད་ན་ལོ་ཙཱ་བ་ཁོང་ལ་འབྲེལ་བ་ཞུས་ཆོག་ཅིང་། ངེད་བླ་མཁར་ལ་འབྲེལ་བ་གནང་ན་མཁོ་སྤྲོད་ཞུ་ཐུབ། རིག་འཛིན་ལྷུན་གྲུབ་ལགས་ཀྱིས་དཔེ་དེབ་འདི་བོད་ཡིག་ནང་སྒྱུར་བའི་འཕྲུལ་དེབ་དགོས་མཁན་ཡོད་ན་ལོ་ཙཱ་བ་ཁོང་ལ་འབྲེལ་བ་ཞུས་ཆོག་ཅིང་། ངེད་བླ་མཁར་ལ་འབྲེལ་བ་གནང་ན་མཁོ་སྤྲོད་ཞུ་ཐུབ། དེབ་འདིའི་བརྗོད་སྙིང་ངོ་སྤྲོད་སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་གིས་བོད་འགྱུར་གླེང་བརྗོད་སྩལ་བ་འདིར་གསལ་བ་མཉམ་དུ་འབུམ་ལམ་ཞུས་ཡོད་པར་གཟིགས་འཚལ། ཆེད་བརྗོད། ༄༅།།དཔེ་དེབ་འདི་སྐུ་ཞབས་བྷསྐར་བྱས་དང་རཇནི་བྱུས་གཉིས་ཀྱིས་ཨིན་ སྐད་དུ་བརྩམས་པའི་(Experiments with Truth and Non-violence)“བདེན་པ་དང་ འཚེ་བ་མེད་པའི་སྦྱོར་བ་”ཞེས་པ་དེ་བོད་སྐད་དུ་བསྒྱུར་བ་ཞིག་ཡིན། ཨིན་སྐད་དུ་ཡོད་ པའི་དཔེ་དེབ་དེ་བཞིན་ད་བར་དཔར་ཐེངས་གཉིས་ཐོན་ཟིན་ཞིང་། རྒྱ་ཆེའི་ཀློག་པ་པོ་ རྣམས་ལ་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ཆོས་སྲིད་ཀྱི་མཛད་འཕྲིན་རླབས་ཆེན་ ཁག་དང་། བོད་ཀྱི་བྱུང་རབས་དང་ད་ལྟའི་གནས་བབ། བཙན་བྱོལ་བོད་མིའི་ལས་དབང་ སོགས་ཤེས་རྟོགས་ཡོང་བར་ཕན་རླབས་ཆེན་པོ་བྱུང་ཡོད། ། ༧གོང་ས་མཆོག་རྒྱ་གར་ནང་བཙན་བྱོལ་དུ་ྋཞབས་སོར་འཁོད་པ་ནས་བཟུང་ གཞིས་བཞུགས་བོད་མི་རྣམས་བསམ་ཡུལ་ལས་འདས་པའི་སྡུག་སྦྱོང་མནར་གཅོད་ དང་ལུས་སྲོག་ལོངས་སྤྱོད་ཀྱི་ཐོབ་ཐང་ཆ་ཚང་ཤོར་བའི་གནས་བབ་ཡ་ང་བའི་འོག་ད་ བར་གནས་དགོས་བྱུང་ཞིང་། ད་དུང་ཡང་འཚེ་མེད་ཞི་རྒོལ་གྱི་ལམ་ནས་རང་ལུས་མེར་ སྲེག་གཏོང་མཁན་རྒྱུན་ཆད་མེད་པར་ཡོང་བཞིན་ཡོད། འདས་པའི་མི་ལོ་དྲུག་ཅུ་ལ་ ཉེ་བའི་རིང་བོད་མི་ཉིས་འབུམ་མ་ཟིན་ཙམ་ཞིག་ཁྱིམ་མཚེས་རྒྱལ་ཁབ་ཁག་ཏུ་བཙན་ བྱོལ་དུ་འབྱོར་བ་རྣམས་ཀྱིས་བོད་ཀྱི་རྩ་ཆེའི་ཆོས་དང་རིག་གཞུང་ལེགས་བྱང་བཅས་ མི་ཉམས་རྒྱུན་འཛིན་ཡོང་ཐབས་སུ་བོད་ཀྱི་གདན་ས་དང་དགོན་སྡེ་ཆེ་ཁག་ཕལ་མོ་ ཆེ་རྒྱ་བལ་འབྲུག་གསུམ་དུ་གསར་བཞེངས་ཀྱིས་ཐོས་བསམ་སྒོམ་སྒྲུབ་ཀྱི་ལམ་ནས་ རྒྱལ་བསྟན་འཛིན་སྐྱོང་དང་། ལྷག་པར་འཇིག་རྟེན་ཡོངས་སུ་བོད་བརྒྱུད་ནང་བསྟན་གྱི་ཁྱབ་སྤེལ་རླབས་ཆེན་བྱུང་བ་མ་ཟད། བོད་རིགས་ན་གཞོན་རྣམས་སྲོལ་རྒྱུན་དང་དེང་ རབས་གཉིས་ཚོགས་ཀྱི་ཤེས་ཡོན་སློབ་སྦྱོང་ཕུན་སུམ་ཚོགས་པ་བྱ་རྒྱུའི་གོ་སྐབས་ ཐོབ་པ་དང་། བོད་མིའི་ཆབ་སྲིད་ཀྱི་རང་བཞིན་ཡང་དག་པའི་མང་གཙོའི་ལམ་སྲོལ་ དུ་བཙན་ཐབས་སུ་བསྒྱུར་གནང་མཛད་དེ་ད་ཆ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ སྒྲོམ་གཞིའི་འོག་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་ཁྲིམས་ཀྱི་དབང་བསྒྱུར་འོག་མང་ ཚོགས་ཀྱིས་འོས་འདེམས་བྱས་པའི་དབུ་ཁྲིད་རྣམས་ཀྱིས་འཛིན་སྐྱོང་གནང་བཞིན་པ་ དང་། དེ་བཞིན་༧གོང་ས་མཆོག་གིས་འགྲོ་བ་མིའི་བཟང་སྤྱོད་གོང་འཕེལ་གཏོང་ཐབས་ དང་། ཆོས་ལུགས་ཁག་གི་མཐུན་འབྲེལ། བོད་ཀྱི་བདེན་ཐབས་གསལ་ཐབས་བཅས་ ཐུགས་བསྐྱེད་ཆེན་པོ་གསུམ་གྱི་མཛད་ཁུར་རྒྱུན་སྐྱོང་གནང་བཞིན་པ་འདི་དག་བོད་ཀྱི་ སྐད་ཡིག་མི་ཤེས་པའི་རྒྱ་ཆེའི་མང་ཚོགས་ནང་དངོས་དོན་གནས་ཚུལ་གསལ་སྟོན་ བྱས་པའི་ཚད་འཛིན་འཕེར་བའི་ཡིག་ཆ་ཨིན་སྐད་དུ་དཀོན་ཙམ་ཡོད་པར་བརྟེན། ཌོཀ་ ཊར་བྱུས་སྟེང་ཞལ་ནས་ལོ་མང་སྐུ་ངལ་ལྷུར་བཞེས་ཀྱིས་དཔེ་དེབ་འདི་འབྲི་རྩོམ་དཔར་ སྐྲུན་གནང་བ་ཡི་རངས་བསྔགས་བརྗོད་ཀྱི་གནས་སུ་གྱུར། དེབ་འདིའི་ནང་དོན་སྤྱི་དང་། ཁྱད་པར་འཕགས་བོད་ཀྱི་གནས་བབ་དང་། གཽདྷཱིའི་བཞུད་ལམ་སོགས་བོད་མིས་མཚོན་ བོད་སྐད་རྒྱུན་སྤྱོད་པ་རྣམས་ཀྱིས་ཀྱང་མཁྱེན་རྒྱུ་གལ་ཆེར་བརྟེན། ཨཱཙཱརྱ་རིག་འཛིན་ ལྷུན་གྲུབ་ཀྱིས་བོད་སྐད་དུ་ཕབ་བསྒྱུར་གནང་འདུག་པ་འདིས་རྒྱ་ཆེའི་ཀློག་པ་པོ་རྣམས་ ལ་ཕན་ཐོགས་ཆེན་པོ་ཡོང་བའི་ཡིད་ཆེས་ཡོད། ། བླ་ན་མེད་པའི་སྐྱེས་མཆོག་ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་ པོ་མཆོག་གི་མཛད་སྤྱོད་ལ་བརྟེན་ནས་ཕྱི་ལོ་བརྒྱ་ཕྲག་ཉེར་གཅིག་པ་འདིའི་སྐྱེ་འགྲོ་ རྣམས་ཀྱི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་ལམ་སྲོལ་བདེན་པ་དང་འཚེ་བ་མེད་པའི་ཕྱོགས་ སུ་བསྒྱུར་ཐུབ་པའི་རེ་འདུན་དང་། ཕྱག་དེབ་རྩོམ་པ་པོ་སྟེང་ཞལ་དང་བོད་བསྒྱུར་ལོ་ཙཱ་བ་བཅས་ལ་ལེགས་སོའི་གཟེངས་བསྟོད་དང་འབྲེལ་རྣམ་དཀར་གྱི་བྱ་བ་འདི་ལས་ཐོབ་པའི་དགེ་ཚོགས་འགྲོ་ཀུན་བྱང་ཆེན་ཐོབ་པའི་རྒྱུར་བསྔོ་སྨོན་མཚམས་སྦྱོར་དང་བཅས། ཤཱཀྱའི་བཙུན་གཟུགས་ཟམ་གདོང་བློ་བཟང་བསྟན་འཛིན་གྱིས་ ༢༠༡༧ ཕྱི་ཟླ་ ༥ ཚེས་ ༣༠ ཉིན་བྲིས་པ་དགེའོ།། །།

སྔོན་མ།
༼བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་མིན་༽ཞེས་པའི་དེབ་ངོ་སྤྲོད།༢༥
རྗེས་མ།
༼བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་མིན་༽ཞེས་པའི་དེབ་ངོ་སྤྲོད།༢༦

ལན་ཞོག

ཁྱེད་རང་གི་གློག་འཕྲིན་ཁ་བྱང་འགྲེམ་སྤེལ་མི་བྱ། Required fields are marked *

Fill out this field
Fill out this field
Please enter a valid email address.
You need to agree with the terms to proceed

keyboard_arrow_up