མདུན་ཤོག
སྲིད་པའི་བླ་མཁར།
བླ་མཁར།
འཆད་ཁྲིད།
སྲིད་པའི་ཁ་བརྡ།
ཁ་བརྡ།
བརྙན།
སྒྲ།
སྲིད་པའི་རྩོམ་རིག
གནའ་རབས་རྩོམ་རིག
དེང་རབས་རྩོམ་རིག
སྙན་རྩོམ།
སྒྲུང་རྩོམ།
རྩོམ་རིག་མཐའ་དཔྱོད།
སྲིད་པའི་ཡིག་ཚགས།
ལོ་རྒྱུས་ཡིག་ཚགས།
སྲིད་དོན་ཡིག་ཚགས།
རྒྱལ་སྤྱིའི་ཡིག་ཚགས།
སྲིད་པའི་དཔྱོད་མིག
སྲིད་པའི་དཔྱོད་མིག
རྩོམ་ཡིག
རྩོམ་བསྡུའི་བརྡ་ཡིག
སྲིད་པའི་གཏམ།
སྲིད་པའི་སྐོར།
དིང་རི་བ།
ཨ་འཇམ། (ཨ་རི།)
རྒྱུན་ལྡན་མཚན་མོ་ཞིག་ཀྱང་གློ་བུར་དུ་འཕག་ནས།།
ས་དང་རྡོ་བ་གཏུམ་པོས་དབུགས་བཏུམ་ལ་བཅུག་སོང་།།
འཚོ་བའི་རྨི་ལམ་ཞིག་པའི་ས་རྡུལ་གྱི་འོག་ན།།
ངུ་འབོད་སྟོང་ཕྲག་སྐར་མདའ་ཤར་ཤུར་དུ་འཐེན་སོང་།།
དགུན་གྱི་ཙག་ཁ་གདངས་པའི་མཆེ་བ་ཡི་བར་ནས།།
རྩིབས་རུས་ཧྲིག་ཧྲིག་བཅག་པའི་གནམ་ས་ནི་ཡོམ་སོང་།།
རྩི་རྐང་ཤུགས་གླུ་ལེན་པའི་གནའ་གྲོང་གི་དིང་རི།།
མཁར་ཆག་སྐྱ་བོ་གཟེངས་པའི་རླུང་ནག་གིས་བཅུམ་སོང་།།
འཇམ་མཉེན་ལག་བརྡ་ཕྲ་མོ་རྩིག་སྲུབ་ནས་འབུད་དུས།།
བྲང་ལ་སྦྱར་བའི་གཅེས་ཕྲུག་གསོན་ཉམས་ཀྱིས་བརྟས་འདུག།
ཚེ་སྲོག་རེ་རེར་འཐམ་པའི་གཏམ་རྒྱུད་ཀྱི་ཟུག་རྔུ།།
སྙིང་ལ་བྲབ་པའི་ལྕག་ཚན་དམར་ནག་ཏུ་གྱུར་སོང་།།
གསུང་རབ་འཁུར་བའི་ཡ་གིའི་ཆོས་ལམ་ནི་རིང་མོ།།
ས་གཞི་སྤྲུགས་པའི་ཤུལ་གྱི་དུར་ས་རུ་གྱུར་སོང་།།
བདག་པོ་མ་རྙེད་འབོད་པའི་ལུང་སྟོང་གི་མཚན་མོ།།
ཨ་ཅེ་པི་ཝང་བོར་བའི་ཆག་སྒོ་ནི་འཁོར་སོང་།།
ཇོ་མོ་གླང་མས་སྲུང་བའི་གཡང་ཆགས་ཀྱི་མི་སྡེ།།
སྟོད་གཞས་གློ་བུར་འགག་པའི་མགྲིན་པ་ནི་བརྣངས་སོང་།།
ཤིང་རྟ་དལ་བུར་འདེད་པའི་འཁོར་མདའ་ནི་ཆག་པས།།
ས་འོག་ལུས་པའི་རྣམ་ཤེས་འཚོལ་བ་ལ་བྲེལ་སོང་།།
བརྡ་འཕྲིན་གསར་བས་བོས་པའི་ཤ་ཉེ་ཡི་སྐུ་མགྲོན།།
རྨ་རྒྱལ་སྦོམ་རའི་ཉིན་སྲིབ་རེ་རེ་ནས་ཆས་སོང་།།
ལག་དང་སྐད་ཆ་འཁེང་བའི་སྐར་ཆ་ནི་རེ་རེ།།
ལོ་ཟླ་སྟོང་ཕྲག་མནན་པའི་ལྕི་ཚད་ཅིག་བྱུང་སོང་།།
རིགས་པའི་ཐལ་སྒྲ་བཙན་པའི་ལྷ་ཆོས་ཀྱི་སྡེ་ཆེན།།
མྱ་ངན་ཟེ་བ་འདར་བའི་མཁར་མོ་དེ་ཉིལ་སོང་།།
མི་སྡུག་འཚོ་བའི་སྲུབ་ལ་སེན་མོ་ཡིས་བྲད་ནས།།
ཚེ་སྲོག་རྟ་རྔ་ཙམ་ལ་སྐྱོབ་པ་ལ་བྲེལ་སོང་།།
ལག་པ་མང་བོ་རུབ་པའི་ལྷགས་རླུང་གི་བར་ནས།།
མཆི་མའི་ལོ་རྒྱུས་ཐིགས་པས་རྩིག་པ་དེ་འགྱེལ་སོང་།།
པང་གདན་ཁྲ་ཁྲ་ཅན་གྱི་ཨ་མ་ནི་རྒན་མོ།།
ནམ་མཁའ་ནག་པོར་འོ་དོད་ཤེད་ཚད་ཀྱིས་བོས་སོང་།།
རང་རང་སེམས་ཀྱི་རྟ་ཕོ་སྣ་ཚོགས་ཤིག་ཞོན་ནས།།
དིང་རི་བ་ཡི་མུན་ནག་བཤུ་བ་ལ་གཤར་སོང་།།
ངོ་ལ་ས་རྡུལ་གོས་པའི་བྱིས་པ་རེ་བསྲུངས་ནས།།
རང་ལེན་པར་ཆས་གཡས་སྐོར་གཡོན་སྐོར་ལ་བྲེལ་སོང་།།
སུ་ལ་འཁང་ར་མེད་པའི་ཀི་སྟོང་རེ་ཤོར་ཡང་།།
རྩིག་པའི་རྒྱུ་ཆ་དེ་ལ་སེམས་ཁྲལ་གྱིས་བརྟས་བྱུང་།།
སྡོད་ཁང་གྲུ་བཞི་རེ་རེ་རྨེག་མེད་དུ་འགྱེལ་དུས།།
འཛུགས་སྐྲུན་སྐད་པོ་ཆེ་ལ་ཐེ་ཚོམ་གྱིས་བཏགས་སོང་།།
སང་ཉིན་ཟེར་བའི་ཉི་མ་ཡག་པ་དེར་ཚོམ་ཡང་།།
འདུ་བྲལ་མཆོད་པའི་མར་མེ་ཡིག་དྲུག་ལ་སྒྲོན་སོང་།།
བྱང་གི་ཨ་རི་ཞེས་པའི་རྒྱུས་མེད་ཀྱི་ཡུལ་ནས།།
གདུང་སེམས་མཚོན་པའི་ཡི་གེ་ནད་པ་འདི་ཤོར་སོང་།།
༢༠༢༥ ༡ ༨
སྔོན་མ།
ངས་འདི་ལྟར་བཤད་འདོད།
རྗེས་མ།
དིང་རི་ལ་ཕུལ་བའི་སེམས་འཕྲིན།
ལན་ཞོག
Cancel reply
ཁྱེད་རང་གི་གློག་འཕྲིན་ཁ་བྱང་འགྲེམ་སྤེལ་མི་བྱ།
Required fields are marked
*
Fill out this field
Fill out this field
Please enter a valid email address.
གོང་འཁོད་མིང་དང་གློག་འཕྲིན་སོགས་ཉར་ཚགས་གནང་རོགས། ཐེངས་རྗེས་མའི་སྐབས་སུ་སྤྱོད་དགོས།
You need to agree with the terms to proceed
སྤྲིངས།
Δ
keyboard_arrow_up
Menu