འཆད་མཁན། གཅན བཀྲ་ཤིས་དོན་གྲུབ།
སྡོད་གནས། བལ་ཡུལ།
ཆེད་ལས། དགེ་རྒན་དང་ལོ་རྒྱུས་ཞིབ་འཇུག་པ།
གཏམ་བཤད་མཁན། གཅན བཀྲ་ཤིས་དོན་གྲུབ། བལ་ཡུལ་གྱི་རྒྱལ་རབས་རིམ་བྱོན་ཞེས་པའི་གཏམ་བཤད་འདི་ནི་གནའ་བོའི་བལ་པོའི་རྒྱབ་རབས་རིམ་བྱོན་དང་། ནང་བསྟན་དང་ཆོས་ལུགས་གཞན་དར་སྟངས། ཕྱི་ནང་གི་གནས་རི་དང་ལྷ་ཁང་རྙིང་པ་རྩ་ཆེན། མི་རིགས་མི་འདྲ་བ་ཁག་ཅི་ཡོད་དང་དེ་དག་གི་འབྱུང་ཁུངས་དང་སོ་སོའི་ཡུལ་གོམས་གཤིས། ཆོས་སྲིད་ཀྱི་འཕེལ་རིམ་དང་གཅིག་འོག་གཅིག་བསྡུས་ཀྱི་བྱུང་བ། ད་ལྟའི་གནས་སྟངས་སོགས་ཡིག་ཚང་སྣ་ཚོགས་དང་ས་གནས་སྐོར་སྐྱོད་ཀྱིས་དབྱེ་ཞིབ་འཐུས་ཚང་བྱས་པ་ཞིག་ཡིན་པས། བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་ཆོས་སྲིད་རྒྱ་བསྐྱེད། རྒྱལ་རབ་གཞན་དང་ཡུལ་མིའི་འབྲེལ་འདྲིས་དང་ཕན་ཚུན་ལྟོས་བཅོས་ཀྱི་འབྲེལ་ལམ་ཅི་བྱུང་སོགས་གནའ་དེང་གི་བལ་བོད་ལོ་རྒྱུས་གསལ་བར་མཚོན་པའི་མེ་ལོང་སྟེ། ད་ལྟའི་བར་དུ་བོད་སྐད་ནང་བལ་པོའི་རྒྱལ་རབས་ལོ་རྒྱུས་དང་ཕྱི་ནང་གི་གནས་རྩ་ཆེན། བལ་བོད་འབྲེལ་ལམ་སོགས་ཀྱི་སྐོར་ནས་གཏམ་བཤད་འཐུས་ཚང་ཤོས་དེ་ཡིན་སྙམ་པས། ང་ཚོས་རྒན་གཅན་བཀྲ་ཤིས་དོན་གྲུབ་ལགས་ཀྱི་གཏམ་བཤད་རྣམས་སྒྲ་སྒམ་ཨང་རིམ་བཞིན་དྲ་ངོས་སུ་འགོད་རྒྱུ་ཡིན་པས་དོ་སྣང་ཅན་ཚོས་གསན་གཟིགས་གནང་རྒྱུ་མ་སྙེལ་བ་གནང་རོགས་ཞུ།