ངོ་སྤྲོད་ཀྱི་ཚན་པ་གསུམ་པ།
རྩ་ཚིག་ལས།
ཞ་ཧྲང་དང་ནི་ནུབ་ཀྱི་ཀྲོའུ། ཞེས་པ་ལས་ཧྲང་རྒྱལ་རབས།
གཉིས་པ། ཡཱིང་ཧྲང་ངམ་ཧྲང་རྒྱལ་རབས། རྒྱལ་པོ་སུམ་རབས་སུམ་ཅུ། (སྤྱི་ལོའི་གོང་། ༡༦༠༠— གོང་། ༡༠༢༨/༡༠༤༦ ལོའི་བར།)
རྒྱལ་རབས་འདིའི་ཐོག་མཐའ་བར་གསུམ་དུ་ངེས་དགོས་པའི་གནད་ཚིག
ཐོག ཧྲང་རྒྱལ་རབས་ཀྱི་ཐོག་མ་རྒྱལ་པོ་ཐཱང་།
མཐའ། རྒྱལ་རབས་མཐའ་མ་ཧྲང་ཀྲུའུ་ཝང་།(ཏུན་ཧོང་གི་བོད་འགྱུར་མ་ཞང་ཤུ་ཞེས་པའི་ནང་གི་ཨིན་གྱི་ རྒྱལ་པོ་ཅྀའུ་ཟེར་བ་དེ་རེད།)
བར། ༡ རྒྱལ་རབས་ཉི་ཤུ་པ་ཕན་ཀིན་དང་ཉེར་གསུམ་པ་ཝུའུ་ཏེན། རྒྱལ་རྒྱུད་པོ་ཅི་ཙི། ༢ ཙི་ནའི་ཡི་གེ་ཐོག་མར་དར་བ། ༣ གནམ་ལ་དད་ཅིང་བྱ་ལ་དགའ་བ། ༤ ལོ་ཁམས་དང་སྤར་ཁའི་རིག་གནས་དར་བ།
བོད་ཀྱི་རྒྱལ་རབས་གང་ཞིག་དང་དུས་མཉམ་ཡིན་པའི་དཔྱད་གཞི། ཞང་ཞུང་སྲིད་པའི་རྒྱལ་པོ་གསེར་གྱི་བྱ་རུ་ཅན་བཅོ་བརྒྱད། (སྤྱི་ལོའི་གོང་གི ༡༧༠༠— གོང་། ༡༡༠༠ ཙམ་གྱི་ལོའི་བར།)
མིང་ཤན་སྦྱར།
ཡཱིང་ཧྲང་། 殷商
ཧྲང་ཀྲུའུ་ཝང་། (ཅྀའུ) 商纣王
ཕན་ཀིན། 盘庚
ཝུའུ་ཏེན། 武丁
ཅི་ཙི། 箕子