བསྒྲགས་པ་ཙི་ནའི་རྒྱལ་རབས་ཀྱི་སྤྱི་དོན། ངོ་སྤྲོད་ཚན་པ་བཞི་པ།

འཆད་མཁན། གློག་ཞགས།

 ངོ་སྤྲོད་ཚན་པ་བཞི་བ།

རྩ་ཚིག་ལས།

ཞ་ཧྲང་དང་ནི་ནུབ་ཀྱི་ཀྲོའུ་ཞེས་པ་ལས་ཀྲོའུ་ནུབ་མའི་རྒྱལ་རབས།                            རྒྱལ་རབས་བཅུ་གཉིས་བྱུང་།              (སྤྱི་ལོའི་གོང་གི ༡༠༤༦—གོང་གི༧༧༠ ལོའི་བར།)   རྒྱལ་ས་སྔ་རྗེས་གཉིས་མཉམ་གནས།  ཧའོ།(镐 ད་ལྟའི་ཧྲའན་ཞིའི་ས་ཁོངས།) ལའོ་ཡའེ།(洛邑ད་ལྟའི་ཧུ་ནན་གྱི་མངའ་ཁོངས་སུ་ཡོད།)   ཐོག་མཐའ་བར་གསུམ་དུ་ངེས་དགོས་པའི་གནད་ཚིག་གཙོ་བོ།

ཐོག་མ། ཀྲོའུ་ནུབ་མའི་མེས་པོ་ཆིས་དང་རྒྱལ་པོ་ཐོག་མ་ཀྲོའུ་ཝུའུ་ཝང་། མཐའ་མ། རྒྱལ་པོ་མཐའ་མ་ཀྲོའུ་ཡུག་ཝང་། བར་གྱི་གཟུང་བྱ།

༡ རྒྱལ་རབས་གཉིས་པ་ཁྲིན་ཝང་གི་སྐབས་སུ་རྒྱལ་པོ་དགུང་ལོ་མ་སྨིན་པའི་དབང་གིས་ཁོང་གི་ཡབ་རྒྱལ་པོའི་སྐུ་མཆེད་བློན་པོ་ཀྲོའུ་ཀོང་གིས་སྲིད་ཚབ་མཛད། ཀྲོའུ་ཀོང་ནི་རུའུ་ལུགས་ཀྱི་ལྟ་གྲུབ་སྲོལ་འབྱེད་པ་ཡིན། རྒྱལ་ས་ཕྱོགས་གཉིས་སུ་བཅད་བཟུང་བྱས།

༢  རྒྱལ་རབས་བཅུ་བ་ལེའུ་ཝང་གིས་སྲིད་མ་ཟིན་པར་བློན་པོ་ཀྲོའུ་ཀོང་དང་ཧྲོ་ཀོང་གཉིས་ཀྱིས་མཉམ་དུ་གནམ་སྲས་ལ་སྲིད་སྐྱོང་རོགས་མཛད་པ་ནས་བཟུང་མཉམ་འབྲེལ་གྱི་ལོའམ་སྤྱི་ལོའི་གོང་གི་༨༤༡ ནི་ཙི་ནའི་ལོ་རྒྱུས་སྟེང་གི་ལོ་ཚིགས་གསལ་བར་བྱེད་པའི་མགོ་ཚུགས་དུས་ཡིན།

༣  སྐབས་དེར་བསྡོམས་པས་རྒྱལ་ཁབ་༢༠༩ ཡས་མས་ཡོད་པ་ལས། ཅིང་གོ་དང་སུང་གོ ཁྲུའུ་གོ ཀྲིན་གོ་བཞི།

༤  ས་འོག་ནས་ཐོན་པའི་ཧུ་ཙོང་སྟེང་གི་ཀྲུང་གོ་ཞེས་པའི་ཡིག་འབྲུ་ཐོག་མ་དང་མཐོན་པོ་ལྔའི་འབྲེལ་བ། མིང་ཤན་སྦྱར། ཀྲོའུ་ནུབ་མ། 西周 ཆིས། 弃 ཀྲོའུ་ཝུའུ་ཝང་། 周武王 ཁྲིན་ཝང་། 成王 བློན་པོ་ཀྲོའུ་ཀོང་དང་ཧྲོ་ཀོང་།周公,召公 ལེའུ་ཝང་།厉王 ཅིང་གོ 晋国 སུང་གོ宋国 ཁྲུའུ་གོ 楚国 ཀྲིན་གོ 郑国   ཧུ་ཙོང་། 何尊 སྴེམ་ཅི། 陕州 ཞོལ་རྡོ་རིང་ཕྱི་མའི་ལྷོ་ངོས་སུ་གསལ། མཐོན་པོ་ལྔ། ཤར་གྱི་ཐེ་རི་མཐོན་པོ། ལྷོ་ཡི་ཧིན་རི་མཐོན་པོ། ནུབ་ཀྱི་དཔཱའ་རི་མཐོན་པོ། བྱང་གི་ཧིན་རི་མཐོན་པོ། དབུས་ཀྱི་ཟོང་རི་མཐོན་པོ། (五岳:東嶽泰山、西嶽華山、 中嶽嵩山、北嶽恆山、南嶽衡山。)

སྔོན་མ།
བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་མིན་ཞེས་པའི་དེབ་ངོ་སྤྲོད། ༤༧
རྗེས་མ།
ལྷ་སའི་དངོས་བྱུང་བདེན་དཔང་ངོ་སྤྲོད། ༡༨

ལན་ཞོག

ཁྱེད་རང་གི་གློག་འཕྲིན་ཁ་བྱང་འགྲེམ་སྤེལ་མི་བྱ། Required fields are marked *

Fill out this field
Fill out this field
Please enter a valid email address.
You need to agree with the terms to proceed

keyboard_arrow_up