བསྒྲགས་པ་ཙི་ནའི་རྒྱལ་རབས་ཀྱི་སྤྱི་དོན་ངོ་སྤྲོད། ཚན་པ་ཉེར་དྲུག

 འཆད་མཁན། གློག་ཞགས།

རྩ་ཚིག་ལས། སུང་ཡོན་མེན་ཆིན་རྗེས་ལ་ནི༎ རྒྱལ་རབས་རྫོགས་པ་ཤེས་པར་བྱ༎ གོང་གི་དུས་རབས་ཉེར་གཅིག་ནས༎ གཅིག་དགུ་བཅུ་གཅིག་སྤྱི་དོན་ནོ༎ ཞེས་པ་ལས་ཆིན་ནམ་མན་ཇུའི་རྒྱལ་རབས་སྐོར་བཤད་པ། མན་ཇུའི་རྒྱལ་རབས། རྒྱལ་རབས་བཅུ་གཉིས་བྱུང་། (༡༦༡༦–༡༩༡༡) ཐོག་མཐའ་བར་གསུམ་དུ་ངེས་དགོས་པའི་གནད་ཚིག

ཐོག་མ། སྤྱི་ལོ་༡༦༡༦ལོར་མན་ཇུའི་གོང་མ་ནོར་གྭན་ཆ་[1]ཡིས་བཙུག

མཐའ་མ། སྤྱི་ལོ་༡༩༡༡ལོར་མཇུག་རྫོགས། བར་གྱི་གཟུང་བྱ།

1. སྤྱི་ལོ༡༦༤༤ལོར་མན་ཇུས་ཀྲུང་གོའི་རྒྱལ་ས་འཕྲོགས་རྗེས་སུ་ཀྲུང་གོའི་རྒྱལ་རབས་ད་དུང་མཇུག་རྫོགས་མེད་ལ།མན་ཇུའི་རྒྱལ་རབས་མཇུག་མ་རྫོགས་པའི་སྔོན་ནས་ཀྲུང་གོར་རང་ཉིད་ཀྱི་རྒྱལ་རབས་ཚུགས་ཡོད།

2. མན་ཇུ་དང་ཀྲུང་གོའི་མེན་རྒྱལ་བློན་གྱིས་ལྔ་བ་ཆེན་མོར་བོད་སོག་གི་དམག་རོགས་ཐེངས་མང་ཞུས་མོད་བཀའ་བཞེས་ཐོབ་མེད།

3. མན་ཇུ་དང་སོག་པོའི་འབྲེལ་བ།

4. མན་ཇུ་དང་ཐེ་ཝན་གྱི་འབྲེལ་བ།

5. ཀྲུང་གོའི་རྒྱལ་རབས་མཐའ་མ་ཐེ་ཕེན་གནམ་གྱི་རྒྱལ་ཁབ། [1]སུམ་པའི་མཚོ་སྔོན་ལོ་རྒྱུས་ཚངས་གླུ་གསར་སྙན་དུ་ནོར་གྭན་ཆ་ཞེས་བྲིས་ཡོད་ལ།(努尔哈赤)སྤྱི་ལོ་༡༦༡༦ལོར་ཅིན་རྗེས་མའམ་མན་ཇུའི་རྒྱལ་ཁབ་འཛུགས་མཁན་དེ་ཡིན།

སྔོན་མ།
བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་མིན་ཞེས་པའི་དེབ་ངོ་སྤྲོད། ༦༩
རྗེས་མ།
བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་མིན་ཞེས་པའི་དེབ་ངོ་སྤྲོད། ༧༠

ལན་ཞོག

ཁྱེད་རང་གི་གློག་འཕྲིན་ཁ་བྱང་འགྲེམ་སྤེལ་མི་བྱ། Required fields are marked *

Fill out this field
Fill out this field
Please enter a valid email address.
You need to agree with the terms to proceed

keyboard_arrow_up