རྒྱུག་ཆུ་ཁེར་འགྲོ་ཞིག

འབུམ་རམས་པ་དགེ་བཤེས་ཆོས་འཁོར་ཚང་། (ཅེག་སྤྱི་མཐུན་རྒྱལ་ཁབ)

གཙང་ཆེན་ཁྲི་དང་འབུམ།
རྒྱ་མཚོའི་སྙན་པས་བསླུས།
འོན་ཀྱང་། ཁེར་རྐྱང་ལ་རོལ་བའི་རྒྱུག་ཆུ་ཞིག
རང་དབང་ངང་རང་ལམ་སྙེག

རང་སེམས་སྤང་ལ་གཏད་དེ།
རྫིང་བུར་ངལ་གསོ་ཞིང་།
མཚེའུར་སྐྱིད་ཉལ་རྒྱག

ལ་འགོ་ཡི་སྒྲུང་གཏམ་བཤད།
ལུང་གཤོང་གི་ལོ་རྒྱུས་ཉན།
ལ་སྟོང་དང་ལུང་ཁྲི་འགྲིམས།

བྲག་གཟར་ལས་མཆོང་བར་དགའ་བས།
བློ་ཁོག་གཟེགས་མར་ལྡིང་།
གྲོག་རོང་དུ་རྒྱུག་པར་བྲོད་པས།
གདེང་ཚོད་རླབས་སུ་འཕྱོ།

དེ་ལྟར་ན་ཡང་། མཐའ་ཡི་རྒྱ་མཚོར་མི་ཕྱོགས་ཤིང་།
དེར་འདྲེ་འདོད་ཀྱང་མེད་དེ།
རང་དབང་གིས་གྱར་བ་དེ་ལས་སྐྱིད་ཅིག་གང་ན་མཆིས།

 

གླང་རབ་གཙུག་ལག་སློབ་གཉེར་ཁང་(University of Oxford)ཆེན་མོའི་སྤྱང་ཕྲུག་གྲྭ་ཚང་(Wolfson College)དུ་༢༠༢༤།༠༩།༠༤ ཉིན་བྲིས།

 

སྔོན་མ།
སྨྲ་རུ་མེད་པའི་སྙན་ངག
རྗེས་མ།
སོག་པོའི་རྟ་དམག་གིས་བོད་དུ་ཉི་ཧོང་གི་རལ་གྲི་ཀླད་ལ་གདེངས་པ་ཞེས་པའི་བརྩམས་ཆོས་ངོ་སྤྲོད།

ལན་ཞོག

ཁྱེད་རང་གི་གློག་འཕྲིན་ཁ་བྱང་འགྲེམ་སྤེལ་མི་བྱ། Required fields are marked *

Fill out this field
Fill out this field
Please enter a valid email address.
You need to agree with the terms to proceed

keyboard_arrow_up