སྡུག་ལ་ཞེ་རྩ་དཔའ་དགོས་དིང་རི་བ།

ཚིག། རྨ་འོད། (བོད།)

གླུ་བ། གངས་ཅན་པ། སྒྲོལ་མ་སྐྱབས།

སྐྱིད་ཟེར་ན་ཆར་བ་ཟིམ་ཟིམ་འདྲ།།
སྡུག་ཟེར་ན་རླུང་བུ་ཤུར་ཤུར་འདྲ།།
རླུང་ཆར་བ་འཐབ་པའི་མི་ཡུལ་ན།།
ལས་སྐྱིད་རེས་མང་ལ་སྡུག་རེས་མང་།།
སྡུག་ཞེ་རྩ་དཔའ་དགོས་དིང་རི་བ།།
ཨོཾ་མ་ཎི་པདྨེ་ཧཱུཾ།
ལྷ་སྤྱན་རས་གཟིགས་ལ་གསོལ་བ་འདེབས།།

དཔྱིད་ཉི་མ་གཅིག་ལ་དྲོ་གྲང་གསུམ།།
ཐུང་མི་ཚེ་གཅིག་ལ་དགའ་སྡུག་གསུམ།།
ལས་མི་རྟག་འཇིག་རྟེན་འཁོར་བ་ན།།
སེམས་དགའ་རེས་མང་ལ་སྡུག་རེས་མང་།།
སྡུག་སེམས་རྩ་སྲ་དགོས་དིང་རི་བ།།
ཨོཾ་མ་ཎི་པདྨེ་ཧཱུཾ།
ལྷ་སྤྱན་རས་གཟིགས་ལ་གསོལ་བ་འདེབས།།

མ་འགྲོ་དྲུག་འགྲོ་བ་བདེ་སྡུག་གཅིག།
ནང་ཁ་བ་བོད་པ་སྐྱིད་སྡུག་གཅིག།
གཅིག་གཅིག་ལ་བརྟེན་པའི་འཇིག་རྟེན་ན།།
ཡིད་བདེ་རེས་མང་ལ་སྡུག་རེས་མང་།།
སྡུག་རྡོག་རྩ་མཉམ་དགོས་དིང་རི་བ།།
ཨོཾ་མ་ཎི་པདྨེ་ཧཱུཾ།
ལྷ་སྤྱན་རས་གཟིགས་ལ་གསོལ་བ་འདེབས།།

༢༠༢༥-༡-༧

 

 

 

 

 

 

 

སྔོན་མ།
དིང་རི་ལ་ཕུལ་བའི་སེམས་འཕྲིན།
རྗེས་མ།
– – – དིང་རི། དིང་རི། – – –

ལན་ཞོག

ཁྱེད་རང་གི་གློག་འཕྲིན་ཁ་བྱང་འགྲེམ་སྤེལ་མི་བྱ། Required fields are marked *

Fill out this field
Fill out this field
Please enter a valid email address.
You need to agree with the terms to proceed

keyboard_arrow_up