སྲིད་པའི་གཏམ།

སྲིད་པའི་དྲ་བ་ཞེས་པ་འདི་ནི་རྩོམ་པ་ཡི་གེ་དང་འཆད་པ་ངག ལྟ་བ་གཟུགས་ཏེ་ཡིག་ངག་གཟུགས་གསུམ་གྱི་བདག་ཉིད་ཅན་ཞིག་ཡིན་པ་སྟེ། རྩོམ་པ་ཡི་གེར་གསུམ་སྟེ། སྲིད་པའི་དཔྱོད་མིག་དང་སྲིད་པའི་ཡིག་ཚགས། སྲིད་པའི་རྩོམ་རིག་བཅས་གསུམ་དུ་དབྱེ་ཡོད་པ་ལས་སྲིད་པའི་དཔྱོད་མིག་ཅེས་པར་ཡིག་ཚང་གི་ཁུངས་ལུང་མད་ཅིང་དཔྱད་འཇོག་གཟུར་དུ་གནས་པའི་བྱང་ཚད་ཅན་གྱི་བརྩམས་ཆོས་བསྡུས་ཏེ་རྩོམ་ཡོན་དང་བཅས་དྲ་གནས་སུ་དགོད་རྒྱུ་དང་། དེབ་གཟུགས་སུ་ལོངས་རྗེས་བོད་ཀྱི་དཔེ་མཛོད་ཁང་ཁག་གཙོས་འཛམ་གླིང་གི་དཔེ་མཛོད་ཁང་རྐྱང་པར་དགྲམ་རྒྱུའི་རིག་གཞུང་དུས་དེབ་ཀྱི་རྣམ་པ་ཅན་ཞིག་ཡིན་ལ། སྲིད་པའི་ཡིག་ཚགས་སུ་ལོ་རྒྱུས་ཀྱི་རིན་ཐང་ལྡན་པའི་ཡིག་ཚགས་ཉར་རྒྱུ་དང་། སྲིད་པའི་རྩོམ་རིག་ཏུ་གནའ་དེང་གི་རྩོམ་ལུས་གང་རུང་གིས་བྲིས་པའི་སྒྱུ་རྩལ་རྩོམ་རིག་དང་རྩོམ་རིག་མཐའ་དཔྱོད་ཀྱི་བརྩམས་ཆོས་དགོད་རྒྱུ་ཡིན་ལ་གནས་སྐབས་སུ་མཐུན་རྐྱེན་གྱི་དབང་གིས་རྩོམ་ཡོན་དབུལ་རྒྱུ་མིན་པ་ཐུགས་འཇགས་འཚལ། གཞན་འཆད་པ་ངག་ནི་སྲིད་པའི་བླ་མཁར་རམ་བླ་མཁར་ཞེས་པའི་གླེང་སྟེགས་སུ་ཞིབ་འཇུག་པ་རྣམ་པས་རིག་ཚན་སྣ་མང་བརྗོད་གཞིར་བཟུང་ནས་འཆད་པར་མཛད་པའི་སྒྲ་སྒམ་གཙོས་ངེད་རྩོམ་སྒྲིག་ཁང་དང་འབྲེལ་ཡོད་ཀྱི་སྒྲ་སྒམ་བསྟར་འབུལ་ཞུ་རྒྱུ་དང་། ལྟ་བ་གཟུགས་ནི་སྲིད་པའི་ཁ་བརྡ་ཞེས་པར་ངེད་རྩོམ་སྒྲིག་ཁང་གི་ལས་ཞབས་པ་དང་འབྲེལ་ཡོད་ཀྱི་བཅར་འདྲིའི་བྲ་བརྙན་གཙོས་འབྱུང་འགྱུར་སྲིད་པའི་དྲ་བ་རང་ངོས་ནས་བཅར་འདྲི་ཞུ་རྒྱུའི་ལས་འཆར་བཅས་སོ།།

སྔོན་མ།
སྲིད་པའི་དཔྱོད་མིག
རྗེས་མ།
སྲིད་དོན་ཡིག་ཚགས།
keyboard_arrow_up