བརྗོད་བྱ་བོད་ཀྱི་ཆབ་སྲིད་བདེ་རྩ་དང་འབྲེལ་བའི་ལོ་རྒྱུས་སྐོར་གྱི་དཔྱད་རྩོམ་དང་། དེང་རབས་ཆབ་སྲིད་རིག་པའི་གཞུང་ལུགས་གསར་བ་བོད་ཀྱི་ཆབ་སྲིད་ལག་ལེན་དང་སྦྱར་པའི་ཞིབ་འཇུག་དཔྱད་རྩོམ། མཚན་ཉིད་རིག་པ་དང་ཆབ་སྲིད་རིག་པའི་འབྲེལ་བའི་སྐོར་བཅས་ནི་རིག་གཞུང་དེབ་ཕྲེང་འདིའི་བརྗོད་བྱ་གཙོ་བོར་དམིགས་པ་ཞིག་ཡིན་ནའང་། ཆོས་ལུགས་དང་སྤྱི་ཚོགས་ཡར་རྒྱས་ཀྱི་འབྲེལ་བའི་སྐོར་ལ་བརྟག་དཔྱད་གནང་བའི་དཔྱད་རྩོམ་དང་བོད་ཀྱི་སྤྱི་ཚོགས་ལེགས་བཅོས་སྐོར་གྱི་དཔྱད་རྩོམ། དམངས་གཙོ་དང་སྤྱི་ཚོགས་འཛིན་སྐྱོང་སྐོར་གྱི་དཔྱད་རྩོམ་ཡང་དམིགས་བསལ་གྱིས་དགོད་རྒྱུ་ཡིན་ལ། བརྩམས་ཆོས་ཀྱི་གྲངས་ཚད་ངེས་ཅན་ཞིག་ལ་ལོངས་རྗེས་སུ་འབྱུང་འགྱུར་ཞིབ་འཇུག་པ་ཐུགས་སྣང་ཅན་དག་གི་བཀླག་བྱའི་ཆེད་དུ་དཀར་ཆག་བོད་དབྱིན་ཤན་སྦྱར་གྱིས་དེབ་གཟུགས་སུ་པར་ནས་འཛམ་གླིང་གི་དཔེ་མཛོད་ཁང་གཙོ་གྲས་ཁག་དང་བོད་ཀྱི་དཔེ་མཛོད་ཁང་ཁག་ཏུ་དགྲམ་རྒྱུ་ལས་ཚོང་སྒྱུར་མི་བྱེད་པར་ལུ་གུ་རྒྱུད་དུ་སྤེལ་འཆར་ཡོད་པའི་དེབ་ཕྲེང་ཞིག་ཡིན
སྒྲིག་འཛུགས་ཀྱི་བརྟེན་ཁུངས། སཱ་ར་བོད་ཀྱི་མཐོ་རིམ་སློབ་གླིང་།
སྒྲིག་འཛུགས་ཀྱི་བདག་གཉེར་བ། སྲིད་པའི་དཔྱོད་མིག་རྩོམ་སྒྲིག་ཁང་།
སྒྲིག་འཛུགས་ཀྱི་གཞིས་གནས། ཨ་རིའི་རྒྱལ་ས་ཝ་ཤིན་ཏྲོན།
སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན། ལྡོང་ཕྱིང་གུར་བ་རྒྱལ་ལོ།
རྩོམ་སྒྲིག་པ་གཞོན་པ། གློག་ཞགས། སངས་རྒྱས་སྐྱབས།
ལག་བསྟར་རྩོམ་སྒྲིག་པ། གཅན་བཟོད་རྒྱམ། ཕོགས་རུ་ཕུན་ཚོགས་ལྷུན་གྲུབ།
རྩོམ་སྒྲིག་ཚོགས་མི། ཁྲི་གཡུང་དྲུང་། ལྕགས་མོ་འཚོ། (གཡུ་ཞུན) ཆབ་མདོ་ཤེས་རབ། སྤྲེལ་ནག་པ་བློ་གྲོས་དཔལ་བཟང་། ཕོགས་རུ་ཕུན་ཚོགས་ལྷུན་གྲུབ། ཧོར་གཙང་འཇིགས་མེད། བླ་མ་སྐྱབས། བ་ཡེ་མ་ཁྱེ་གཅོད་པ་ཐར། བསོད་ནམས་རྒྱལ་མཚན། ཆུང་ཚེ་རིང་། སངས་རྒྱས་སྐྱབས། གཙང་ཕྲུག་སྟོབས་ལགས། ཀེ་ཐོ། (གློག་ཞགས།) སྦྲ་རིགས་ཐོགས་མེད། ལྡོང་ཕྱིང་གུར་བ་རྒྱལ་ལོ། གཅན་བཟོད་རྒྱམ། རིག་འབྱུང་བཀྲ་ཤིས་དོན་གྲུབ། དཀོན་མཆོག་དོན་གྲུབ།
རྩོམ་བསྐུར་ཡུལ་གྱི་ཡིག་སྒམ།