སྲིད་པའི་རྩོམ་རིག་འོས་སྦྱོར།
སྲིད་པའི་རྩོམ་རིག་ཏུ་གནའ་རབས་དང་དེང་རབས། མཐའ་དཔྱོད་བཅས་གསུམ་དུ་བཀར་ཏེ།
དང་བོ། གནའ་རབས་སུ་བོད་པའི་སྤྱི་ཚོགས་ཀྱི་འཕོ་འགྱུར་ལས་འཕྲོས་པའི་སྔོན་བྱོན་ཚབ་མཚོན་རྩོམ་རིག་ཅི་རིགས་དང་།
གཉིས་པ། དེང་རབས་སུ་རྒྱ་ནག་གིས་བོད་དུ་མི་སེར་སྤེལ་བའི་དབང་བསྒྱུར་དང་བཙན་གནོན་གྱི་ལམ་ལུགས་འོག་ཏུ་སྒྱུ་རྩལ་རྩོམ་རིག་ལ་བསྟེན་ནས་འཚོ་གནས་དང་སེམས་ཁམས་མཚོན་ཐབས་བྱེད་པའི་རྩོམ་ལུས་ཅི་རིགས་དང་། གཞན་ཡུལ་ལ་གྱར་དགོས་བྱུང་བའི་བཙན་བྱོལ་བོད་ཀྱི་རྩོམ་པ་པོའི་སྒྱུ་རྩལ་རྩོམ་རིག་སོགས་རྩོམ་ལུས་སྣ་ཚོགས་པ་འགོད་རྒྱུ།
གསུམ་པ། མཐའ་དཔྱོད་དུ་རྩོམ་རིག་གི་བརྩམས་ཆོས་སྣ་ཚོགས་ཐད། བོད་དོན་དང་འབྲེལ་བའི་བརྩམས་ཆོས་གང་དེའི་ཕྱི་ཡི་རྩོམ་རྩལ་ནས་ནང་གི་བརྗོད་བྱའི་སྙིང་བོ་སོགས་སུ་མཆིས་པའི་དགག་སྒྲུབ་ཀྱི་ཆར་གདེང་འཇོག་དང་དཔྱད་པ་གནད་སྨིན་མཛད་པའི་བརྩམས་ཆོས་རིགས་དགོད་རྒྱུ།།