ཐེངས་འདིའི་གླེང་མོལ་ནང་། འདས་པའི་བདུན་ཕྲག་གཅིག་གི་ནང་། རྒྱལ་ཚོགས་ཀྱིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐད་དུས་བཀག་བསྐྱར་ཞིབ་གནང་བའི་ཁྲོད། རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ ༡༦༡ ནས་རྒྱ་ནག་ལ་ཁྱོན་བསམ་འཆར་ ༤༢༨ ཕུལ་བའི་ནང་། བོད་དང་འབྲེལ་བའི་གནད་དོན་ཐད་བསམ་འཆར་ག་ཚོད་ཡོད་པ་དང་། དེའི་མ་འོངས་ནུས་པ་གང་འདྲ་ཞིག་ཡོང་སྲིད་པའི་སྐོར། སྤྱི་ཚོགས་རིག་པའི་འབུམ་རམས་པ་རྒྱལ་ལོ་ལགས་དང་ལྷན་དུ་གླེང་མོལ་ཞུས་པ།