༄༅། །རྒྱལ་བ་ལྷ་ལས་བབས་པའི་སྔ་རྗེས་ཀྱི་བྱུང་བ་མདོ་ཙམ་བརྗོད་པ།

 གཏམ་བཤད་པ། སྐུ་ཞབས་བློ་བཟང་དཔལ་ལྡན།

དེ་བཞིན་གཤེགས་པ་སུམ་ཅུ་རྩ་གསུམ་གནམ་ནས་གྲོང་ཁྱེར་སྣང་ལྡན་གྱི་འདབ། ཨ་པད་ཛ་རའི་ནགས་སུ་ཤིང་ཨུ་དུམ་བཱ་རའི་དྲུང་དུ་ཕེབས་སྐབས་རྣམ་ཐར་ལས་ཆོས་ཀྱི་དུ་མ་འབྱེད་པར་མཛད་དོ་ཞེས་གསུང་བ་ལས་ཆོ་འཕྲུལ་ལྟ་བའི་ཚུལ་གསུམ་བྱུང་བ་ནི། ༡ དྲི་ཟའི་བུ་ཆོས་ཀྱི་ཕྲེང་བའི་རོལ་མོ་སྒྲ་ལ་བརྟེན་དེ་དེ་བཞིན་གཤེགས་པའི་དྲིན་གཟོ་བ་དང་། དྲིན་ལན་བསབ་པ་བསྐལ་པ་ཚད་མེད་གྲངས་མེད་པའི་བར་དུ་ཕ་མ་ལ་སྲི་ཞུ་བྱ་བའི་སྒྲ་གྲག་པར་གྱུར་བ། ༢ སངས་རྒྱས་ཕེབས་སའི་ཤིང་ཨུ་དུམ་བཱ་རའི་དྲུང་དུ་འཁོར་གྱི་དཀྱིལ་འཁོར་དེ་ཉིད་དུ་རིན་པོ་ཆེ་སྣ་བདུན་ལས་གྲུབ་པའི་མཆོད་རྟེན་ཞིག་སའི་ནང་ནས་རང་བྱུང་གིས་སྐྱེས་སྟེ་ནམ་མཁར་འཕགས་པ། ། ༣ དགེ་སློང་རྫུས་ཏེ་སྐྱེས་པ་ཞིག་བྱུང་སྟེ་དགེ་སློང་དེས་བཅོམ་ལྡན་འདས་འཁོར་ལྷན་རྒྱས་ལ་ལྷའི་ཞལ་ཟས་ཀྱིས་ཚིམ་པར་བྱས་པ་སོགས་༼བཀའ་འགྱུར་མདོ་སྡེ་མདོ་སྡེ་ཨ་༽ནས་བཏུས་དེ་ཞུས་ཡོད།

སྔོན་མ།
ལྷ་སའི་དངོས་བྱུང་བདེན་དཔང་། ངོ་སྤྲོད་ཚན་པ། ༡༡
རྗེས་མ།
བལ་ཡུལ་ནང་པའི་གནས་ཆེན་དང་ལྷ་ཁང་མཆོད་རྟེན་ངོ་སྤྲོད། ༣

ལན་ཞོག

ཁྱེད་རང་གི་གློག་འཕྲིན་ཁ་བྱང་འགྲེམ་སྤེལ་མི་བྱ། Required fields are marked *

Fill out this field
Fill out this field
Please enter a valid email address.
You need to agree with the terms to proceed

keyboard_arrow_up