ངོ་སྤྲོད་ཚན་པ་བཅུ་བ།
རྩ་ཚིག་ལས། ཚིན་ནི་གཅིག་གྱུར་ཧན་ལ་གཉིས༎ ཞེས་པ་ལས་ཧན་ཤར་མའི་རྒྱལ་རབས་བཤད་པ། ཧན་ཤར་མའི་རྒྱལ་རབས། རྒྱལ་རབས་བཅུ་བཞི་བྱུང་། (སྤྱི་ལོ༢༥—སྤྱི་ལོ༢༢༠ལོའི་བར།) ཐོག་མཐའ་བར་གསུམ་དུ་ངེས་དགོས་པའི་གནད་ཚིག
ཐོག་མ། སྤྱི་ལོ་༢༥ལོར་ཧན་ཤར་མའི་རྒྱལ་པོ་ཐོག་མ་ལིག་ཞུག་གམ་ལིག་གོང་ཝུའུ་ཡིས་ལའོ་ཡཱང་རྒྱལ་སར་བྱས་ནས་བཙུགས་པའི་རྒྱལ་རབས་ལ་ཧན་ཤར་མར་བོས།
མཐའ་མ། ཧན་གྱི་དེབ་ཐེར་རྗེས་མ་ལས་ཁྲིན་ཧྥན་གྱི་རྟོགས་བརྗོད་ཅེས་པར།སྐབས་དེར་རྩ་སྟོང་ཆེ་པོ་གསུམ་གྱི་མི་གེ་བྱུང་ཞེས་འཁོད་པ་ལྟར།རིམ་བཞིན་འབངས་གྱེན་ལོག་བྱུང་དེ་ས་ཞིང་སྟོང་ལ་རྒྱལ་པོའི་ཁབ་ཀྱང་སྟོང་།མཛོད་ཁང་སྟོང་དེ་རྩ་སྟོང་ཆེན་པོ་གསུམ་གྱི་མི་གེ་བྱུང་ཞེས་འཁོད་པ་བཞིན།རྒྱལ་རབས་བཅུ་བཞི་བའི་སྐབས་སམ་སྤྱི་ལོ་༢༢༠ལོར་ཧན་ཤར་མའི་རྒྱལ་རབས་ཉམས་རྒུད་དུ་གྱུར།
བར་གྱི་གཟུང་བྱ། རྒྱལ་པོ་གཉིས་པ་ཧན་མིན་ཏི།བཞི་བ་ཧན་ཧུ་ཏི།[1] [1] ཧན་མིན་ཏི།汉明帝ཧན་ཧུ་ཏི།汉和帝
བོད་ཀྱི་རྒྱལ་རབས་གང་ཞིག་དང་དུས་མཉམ་ཡིན་པའི་དཔྱད་གཞི། ས་ཡི་ལེགས་དྲུག་ནས་ཆུ་ལ་ལྡེ་བརྒྱད་ཀྱི་བར་ཙམ།