བསྒྲགས་པ་ཙི་ནའི་རྒྱལ་རབས་ཀྱི་སྤྱི་དོན་ངོ་སྤྲོད། ཚན་པ་བཅུ་བཞི་པ།

འཆད་མཁན། གློག་ཞགས།

ངོ་སྤྲོད་ཚན་པ་བཅུ་བཞི་པ།

རྩ་ཚིག་ལས།

ལྷོ་བྱང་རྒྱལ་རབས་ཁ་གཏད་ཡིན། །ཞེས་པ་ལྟར་རྒྱལ་རབས་ལྷོ་མ་དང་བྱང་མའི་སྐོར་བཤད་པ། རྒྱལ་རབས་ལྷོ་མ། (སྤྱི་ལོ༤༢༠—སྤྱི་ལོ༥༨༩བར།) རྒྱལ་རབས་བྱང་མ། (སྤྱི་ལོ༣༨༦—སྤྱི་ལོ༥༨༡བར།)

ཐོག་མཐའ་བར་གསུམ་དུ་ངེས་དགོས་པའི་གནད་ཚིག

ཐོག་མ། སྤྱི་ལོ་༤༢༠ལོར་ཅིང་ཤར་མའི་རྒྱལ་རབས་ཉམས་རྒུད་དུ་གྱུར་ནས་ལྷོ་ཕྱོགས་སུ་སྔ་རྗེས་ལ་ཀྲུང་གོར་རྒྱལ་ཁབ་བཞི་བྱུང་བ་ལ་ལྷོ་ཕྱོགས་ཀྱི་རྒྱལ་རབས་དང་ནུབ་བྱང་གི་རྒྱལ་ཁབ་དག་གིས་བཙུག་པའི་རྒྱལ་རབས་རྣམས་ལ་བྱང་ཕྱོགས་ཀྱི་རྒྱལ་རབས་ཞེས་ལྷོ་བྱང་རྒྱལ་རབས་ཟེར་བ་མགོ་ཚུགས།

མཐའ་མ། སྤྱི་ལོ་༥༨༡ལོར་ཡཱང་ཇན་[1]ཟེར་བས་ལྷོ་བྱང་རྒྱལ་རབས་གཉིས་ཀ་དབང་དུ་བསྡུས་ནས་སུའི་རྒྱལ་རབས་ཟེར་བ་བཙུག་ཏེ་ལྷོ་བྱང་རྒྱལ་རབས་མཇུག་རྫོགས་པར་བྱས།

བར་གྱི་གཟུང་བྱ། ལྷོ་ཕྱོགས་སུ་ཧན་མི་རིགས་ཀྱིས་སྔ་རྗེས་སུ་སུང་དང་ཆཱི།ལེང་དང་ཁྲིན་བཅས་རྒྱལ་ཁབ་བཞི་[2]བྱུང་བ་དེ་ནི་ཀྲུང་གོའི་རྒྱལ་རབས་ཡིན་ལ།བྱང་ཕྱོགས་སུ་ཧོའུ་ལྔས་བཙུག་པའི་རྒྱལ་ཁབ་བཅུ་དྲུག་ཏུ་གྲགས་པའི་སྐོར་ཞིག་ཧོའུ་ལྔའི་ཡ་གྱལ་ཞན་པེ་རིགས་ཀྱིས་དབང་དུ་བསྡུས་ཏེ་ཝེ་རྒྱལ་ཁབ་ཟེར་བ་ཞིག་བཙུག་པ་དེར་རྒྱལ་རབས་བྱང་མར་གྲགས་ཤིང་།སྔ་རྗེས་སུ་རྒྱལ་ཁབ་ལྔ་བྱུང་བ་སྟེ།ཝེ་རྒྱལ་ཁབ་དེ་ཁག་གཉིས་སུ་གྱེས་ཏེ་ཝེ་ཤར་མ་དང་ཝེ་ནུབ་མར་གྱུར།རྗེས་སུ་ཝེ་ཤར་མ་དེ་ཆཱི་བྱང་མར་བསྒྱུར་ཅིང་ཝེ་ནུབ་མ་ཀྲོའུ་བྱང་མ་ཞེས་པར་བསྒྱུར་ནས་རྒྱལ་ཁབ་ལྔ་[3]བྱུང་བ་དེ་དག་ནི་དོན་དུ་ཀྲུང་གོའི་རྒྱལ་རབས་དང་འབྲེལ་མེད་ཡིན།

[1] མི་རིགས་དཔེ་སྐྲུན་ཁང་དུ་པར་སྐྲུན་བྱས་པའི་ཚལ་པ་ཀུན་དགའ་རྡོ་རྗེའི་དེབ་དམར་ཏུ་སུའི་གཡང་རྟི་ཟེར་བ་དེ་ཡིན།P16

[2] རྒྱལ་རབས་ལྷོ་མས་སྔ་རྗེས་སུ་བཙུག་པའི་རྒྱལ་ཁབ་བཞི།སུང་དང་ཆཱི།ལེང་དང་ཁྲིན།(宋,齐,梁,陈。)

[3] རྒྱལ་རབས་བྱང་མ་སྔ་རྗེས་སུ་རྒྱལ་ཁབ་ལྔར་གྱེས་པ་སྟེ།ཝེ།ཝེ་ཤར་མ།ཆཱི་བྱང་མ།ཝེ་ནུབ་མ།ཀྲོའུ་བྱང་མ།(魏,东魏,北齐,西魏,北周。)

བོད་ཀྱི་རྒྱལ་རབས་གང་ཞིག་དང་དུས་མཉམ་ཡིན་པའི་དཔྱད་གཞི། ཕུན་ཚོགས་བོན་རྒྱལ་བཞིའི་སྐབས། (སྤྱི་ལོ ༤༥༢—༦༢༩ལོའི་བར།)

སྔོན་མ།
བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་མིན་ཞེས་པའི་དེབ་ངོ་སྤྲོད། ༥༧
རྗེས་མ།
ལྷ་སའི་དངོས་བྱུང་བདེན་དཔང་ངོ་སྤྲོད། ༢༨

ལན་ཞོག

ཁྱེད་རང་གི་གློག་འཕྲིན་ཁ་བྱང་འགྲེམ་སྤེལ་མི་བྱ། Required fields are marked *

Fill out this field
Fill out this field
Please enter a valid email address.
You need to agree with the terms to proceed

keyboard_arrow_up