རྒྱལ་ཚོགས་ཀྱི་ལྷན་ཚོགས་དང་བསྟུན་ནས་མི་སེར་སྤེལ་ཡུལ་གྱི་གཏན་འཇགས་བཅའ་སྡོད་སློབ་གྲྭའི་གནད་དོན་སྐོར་ཞུ་གཏུགས།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་ནས་འདྲེན་བཀོད་བྱས།

སུད་སིའི་གྲོང་ཁྱེར་ཇི་ནི་ཝར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༦༣ པ་དབུ་འཛུགས་དང་བསྟུན། བོད་དོན་ལས་འགུལ་བསྟི་གནས་ཁང་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པ། སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་བཅས་ནས་རྒྱལ་ཚོགས་ཀྱི་བྱིས་པའི་ཐོབ་ཐང་ལྷན་ཚོགས་ཀྱི་འགན་འཛིན་གཙོས་འབྲེལ་ཡོད་འགན་ཁུར་བ་རྣམས་ལ་རྒྱ་ནག་གཞུང་གིས་བོད་པའི་བྱིས་པ་ས་ཡ་གཅིག་ཙམ་བཙན་དབང་ཐོག་རང་གི་ཕ་མ་དང་ཁ་བྲལ་བཏང་སྟེ་གཏན་འཇགས་བཅའ་སྡོད་སློབ་གྲྭ་ཁག་གི་ནང་གཏོང་བཞིན་པའི་ཡ་ང་བའི་གནས་སྟངས་སོགས་ཐེར་འདོན་གྱིས་ཞུ་གཏུགས་ལས་འགུལ་སྤེལ་འདུག

སྔོན་མ།
བོད་ཟས་སྤྱི་ཚོགས་རིག་པ། ཁ་སྣོན།
རྗེས་མ།
བོད་ཕྲུག་ཁྲོད་དམག་སྦྱོང་དང་རྒྱལ་ཚོགས་སུ་བྱིས་པའི་ཐོབ་ཐང་ཐད་ཞུ་སྐུལ།

Leave a Reply

keyboard_arrow_up