བསྒྲགས་པ་ཙི་ནའི་རྒྱལ་རབས་ཀྱི་སྤྱི་དོན་ངོ་སྤྲོད། ཚན་པ་བཅོ་ལྔ་པ།

 འཆད་མཁན། གློག་ཞགས།

རྩ་ཚིག་ལས།

སུའི་ཐང་བརྒྱུད་དེ་རབས་ལྔར་གྱེས༎ཞེས་པ་ལས་སུའི་རྒྱལ་རབས་སྐོར་བཤད་པ། སུའི་རྒྱལ་རབས་ལ་རྒྱལ་པོ་གཉིས་བྱུང་། (སྤྱི་ལོ༥༨༡—སྤྱི་ལོ༦༡༨བར།)

ཐོག་མཐའ་བར་གསུམ་དུ་ངེས་དགོས་པའི་གནད་ཚིག ཐོག་མ། སྤྱི་ལོ་༥༨༡ལོར་ཀྲོའུ་བྱང་མའི་དམག་སྤྱི་ཆེན་པོ་བཅུ་གཉིས་ཀྱི་ཡ་གྱལ་ཡཱང་ཀྲུང་གི་བུ་ཡཱང་ཇན་ཟེར་བས་ཀྲོའུ་བྱང་མའི་རྒྱལ་པོ་མཛད་ཅིང་རྒྱལ་ཁབ་ཀྱི་མིང་ལ་སུའི་བཏགས།སྤྱི་ལོ་༥༨༩ལོར་ལྷོ་ཕྱོགས་ཀྱི་ཀྲུང་གོའི་རྒྱལ་ཁབ་ཁྲིན་དབང་དུ་བསྡུས་ཏེ་སུའི་རྒྱལ་རབས་བཙུག

མཐའ་མ། སྤྱི་ལོ་༦༡༨ལོར་ཀྲོའུ་བྱང་མའི་གོང་བློན་ཀ་ཆེན་བརྒྱད་ཀྱི་ཡ་གྱལ་ལེའུ་ཧུ་ཡི་སྲས་ལེའུ་ཡོན་ལ་སུའི་རྒྱལ་པོ་མཐའ་མས་གོ་གནས་བཟང་སྤྲོད་མཛད་དེ་ཐང་ཆེན་པོའི་རྒྱལ་རབས་མགོ་ཚུགས་ཤིང་སུའི་རྒྱལ་རབས་མཇུག་སྒྲིལ།

བར་གྱི་གཟུང་བྱ། ༡ སུའི་རྒྱལ་རབས་ནི་ཀྲོའུ་བྱང་མའི་རྒྱལ་ཁབ་ཀྱི་ཆབ་སྲིད་ཀྱི་འཛིན་སྐྱོང་གི་འོག་ཏུ་གོང་བློན་ཀ་ཆེན་བརྒྱད་ཟེར་བ་དང་དམག་སྤྱི་ཆེན་པོ་བཅུ་གཉིས་ཟེར་བ་དག་ནི་རྒྱལ་ཁབ་དེ་འཛིན་སྐྱོང་བྱེད་པའི་ཀ་ཆེན་ལྟ་བུར་གྱུར་ཡོད་ལ།དེ་དག་ལས་དམག་སྤྱི་ཆེན་པོ་བཅུ་གཉིས་ [1]ཀྱི་ཡ་གྱལ་ཡཱང་ཀྲུང་གི་བུ་ཡཱང་ཇན་གྱིས་བཙུག་པ་ཞིག་ཡིན་སྟབས།རྒྱལ་རབས་ལྷོ་མའམ་ཀྲུང་གོའི་རྒྱལ་རབས་སུ་བགྲང་ཐབས་མེད།

༢ འ་ཞ་དང་དྲུ་གུ ཀོ་ལིས་བཅས་དང་གཡུལ་བཀྱེས། [1] དམག་སྤྱི་ཆེན་པོ་བཅུ་གཉིས།十二大将军(元赞、元育、元廓、宇文导、侯莫陈顺、达奚武、李远、豆卢宁、宇文贵、贺兰祥、杨忠、王雄。)

ཕུན་ཚོགས་བོན་རྒྱལ་བཞིའི་སྐབས། (སྤྱི་ལོ ༤༥༢—༦༢༩ལོའི་བར།)

སྔོན་མ།
དཔལ་དོན་གྲུབ་རྒྱལ་དང་བ་ཡེ་མ་ཁྱེ་གཅོད་པ་ཐར།
རྗེས་མ།
ལྷ་སའི་དངོས་བྱུང་བདེན་དཔང་ངོ་སྤྲོད། ༢༩

ལན་ཞོག

ཁྱེད་རང་གི་གློག་འཕྲིན་ཁ་བྱང་འགྲེམ་སྤེལ་མི་བྱ། Required fields are marked *

Fill out this field
Fill out this field
Please enter a valid email address.
You need to agree with the terms to proceed

keyboard_arrow_up