བསྒྲགས་པ་ཙི་ནའི་རྒྱལ་རབས་ཀྱི་སྤྱི་དོན་ངོ་སྤྲོད། ཚན་པ་ཉེར་གཅིག

 འཆད་མཁན། གློག་ཞགས།

རྩ་ཚིག་ལས། སུའི་ཐང་བརྒྱུད་དེ་རབས་ལྔར་གྱེས༎ཞེས་པ་ལས་རབས་ལྔའམ་རྒྱ་རབས་ལྔའི་སྐོར་དང་དེ་དག་དང་དུས་མཉམ་ཙམ་དུ་གནས་པའི་རྒྱལ་ཕྲན་སིམ་མ་བཅུ་བཤད་པ། རྒྱལ་རབས་ལྔ།[1] ལྱེང་རྗེས་མ། ཀྲུའུ་ཝིན་གྱིས་བཙུག (༩༠༧–༩༢༣) ཐང་རྗེས་མ། ལིའུ་ཚོང་ཞིས་ཀྱིས་བཙུག (༩༢༣–༩༣༦) ཅིང་རྗེས་མ། ཧྲི་ཇིན་ཐང་གིས་བཙུག (༩༣༦–༩༤༧) ཧན་རྗེས་མ། ལིག་ཀྲི་ཡོན་གྱིས་བཙུག (༩༤༥–༩༥༠) ཀྲོའུ་རྗེས་མ། ཀའོ་ཝེ་ཡིས་བཙུག (༩༥༡–༩༦༠) ཐོག་མཐའ་བར་གསུམ་དུ་ངེས་དགོས་པའི་གནད་ཚིག ཐོག་མ། སྤྱི་ལོ༩༠༧ལོར་ཀྲུའུ་ཝུན་གྱིས་ཐང་གུར་རྒྱལ་རབས་བརླགས་ནས་རྒྱལ་རབས་ལྔའི་ཐོག་མའམ་ལྱེང་རྗེས་མ་བཙུག མཐའ་མ། སྤྱི་ལོ་༩༦༠ལོར་ཀྲའོ་ཁཱང་ཡཱིན་གྱིས་རྒྱལ་རབས་ལྔའི་མཐའ་མའམ་ཀྲོའུ་རྗེས་མའི་སྲིད་དབང་འཕྲོགས་ནས་སུང་བྱང་མ་བཙུག བར་གྱི་གཟུང་བྱ། རྒྱལ་རབས་ལྔ་དང་མཉམ་གནས་ཀྱི་སིལ་མ་བཅུ་སྟེ།[2]ཧྲུའུ་སྔོན་མ།ཧྲུའུ་རྗེས་མ།ཝུའུ།ཐང་ལྷོ་མ།ཝུའུ་ཡའེ།མཱེན།ཁྲུའུ།ཧན་ལྷོ་མ།ནན་ཕེན།ཧན་བྱང་མ།དེ་ལས་ཧན་བྱང་མ་ལས་གཞན་དགུ་བོ་ཚང་མ་ལྷོ་ཕྱོགས་སུ་ཡོད། [1] 后梁,后唐,后晋,后汉,后周 [2] 前蜀、后蜀、吴、南唐、吴越、闽、楚、南汉、南平、北汉

སྔོན་མ།
བལ་ཡུལ་གྱི་ནང་པའི་གནས་ཆེན་ཁག་ངོ་སྤྲོད། ༡༨
རྗེས་མ།
བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་མིན་ཞེས་པའི་དེབ་ངོ་སྤྲོད། ༦༥

ལན་ཞོག

ཁྱེད་རང་གི་གློག་འཕྲིན་ཁ་བྱང་འགྲེམ་སྤེལ་མི་བྱ། Required fields are marked *

Fill out this field
Fill out this field
Please enter a valid email address.
You need to agree with the terms to proceed

keyboard_arrow_up