རྩ་ཚིག་ལས། སུང་ཡོན་མེན་ཆིན་རྗེས་ལ་ནི༎ རྒྱལ་རབས་རྫོགས་པ་ཤེས་པར་བྱ༎ ཞེས་པ་ལས་སུང་རྒྱལ་རབས་དང་དེ་དང་དུས་མཉམ་གྱི་རྒྱལ་ཁབ་དག་བཤད་པ།
1. ལིའོ། (༩༡༦–༡༡༢༥) ཆི་ཏན། རྒྱལ་པོ་༩་བྱུང་ཞིང་ཅིན་གྱིས་བརླགས།
2. སུང་བྱང་མ། (༩༦༠–༡༡༢༧) ཧན། རྒྱལ་པོ་༩བྱུང་ཞིང་ཅིན་གྱིན་བརླགས།
3. སུང་ལྷོ་མ། (༡༡༢༧–༡༢༧༩) ཧན། རྒྱལ་པོ་༩བྱུང་ཞིང་སོག་པོས་བརླགས།
4. ཞིས་ཞཱའམ་མི་ཉག (༡༠༣༨–༡༢༢༧) ལྡོང་མི་ཉག རྒྱལ་པོ་བཅུ་བྱུང་ཞིང་སོག་པོས་བརླགས།
5. ཅིན། (༡༡༡༥–༡༢༣༤) ཉིས་ཀྲིན་ནམ་མན་ཇི། རྒྱལ་པོ༡༠བྱུང་ཞིང་སོག་པོ་དང་སུང་ལྷོ་མས་བརླགས།[1] གཟུང་བྱ།
1. གོང་གི་སྒྲིག་རིམ་ལྟར་སྔ་མ་གསུམ་ལ་རྒྱལ་པོ་དགུ་རེ་དང་རྗེས་མ་གཉིས་ལ་རྒྱལ་པོ་བཅུ་རེ་བྱུང་བ་དང་།རྒྱལ་རབས་རྫོགས་སྟངས་ནི་སྔ་མ་གཉིས་ཅིན་གྱིས་བརླགས་ཤིང་རྗེས་མ་གསུམ་སོག་པོས་བརླགས།
2. སུང་བྱང་མ་དང་ལྷོ་མ་གཉིས་ཀྲུང་གོའི་རྒྱལ་རབས་དང་གཞན་གསུམ་ཀྲུང་གོའི་རྒྱལ་རབས་མིན།
[1] ལིའོ། 辽 སུང་བྱང་མ། 北宋 སུང་ལྷོ་མ། 南宋 མི་ཉག 西夏 ཅིན།金