ངོ་སྤྲོད་ཚན་པ་དྲུག་པ།
རྩ་ཚིག་ལས།
ཤར་གྱི་ཀྲོའུ་ལ་གཉིས་སུ་དབྱེ༎ ཁྲུང་ཆིག་དང་ནི་ཀྲན་གོར་འབོད༎ཅེས་པ་ལས་དེ་རིང་སྨད་ཀྱི་ཆ་གཙོར་བཟུང་ནས་ངོ་སྤྲོད་ཞུ་རྒྱུ་ཡིན། ཀྲོའུ་ཤར་མར་སྟོད་སྨད་གཉིས་ཀྱི་ཆ།
རྒྱལ་རབས་ཉེར་ལྔ་བྱུང་།
སྟོད་ཀྱི་ཆ།ཁྲུང་ཆིག[1] (གོང་གི༧༧༠—གོང་གི༤༠༣ལོའི་བར།)
སྨད་ཀྱི་ཆ།ཀྲན་གོ [2] (གོང་གི༤༠༣—གོང་གི་༢༢༡ལོའི་བར།) ཐོག་མཐའ་བར་གསུམ་དུ་ངེས་དགོས་པའི་གནད་ཚིག
ག་མ། རྒྱལ་པོ་ཐོག་མ་ཕེན་ཝང་།[3]
མཐའ་མ། སྤྱི་ལོའི་གོང་གི་༢༢༡ལོར།་ཚིན་བཙན་པོའི་རྒྱལ་པོ་ཚིན་ཧྲི་དཔཱང་གིས་རྒྱལ་ཁབ་གཞན་དྲུག་པོ་དབང་དུ་བསྡུས་ནས་མཇུག་རྫོགས་པར་བྱས།
བར་གྱི་གཟུང་བྱ།
༡ སྤྱིར་ཁྲུང་ཆིག་ལ་བཙན་པོའི་རྒྱལ་ཁབ་ལྔ་ཡོད་པ་ལས།སྤྱི་ལོ་གོང་གི་ལོ་༤༠༣ལོར་ཅིང་རྒྱལ་ཁབ་དུམ་བུ་གསུམ་དུ་གྱེས་པ་སྟེ།ཧན་དང་ཀྲའོ། ཝེ་བཅས་རྒྱལ་ཁབ་བདུན་ནམ་དཔའ་རྒྱལ་བདུན་དུ་གྲགས་པའི་ཀྲོའུ་ཤར་མའི་སྨད་ཀྱི་ཆ་ལ་ཀྲན་གོ་རུ་འབོད།
༢ བཙན་པོའི་རྒྱལ་ཁབ་ལྔ། ཆི། ཅིང་། ཁྲུའུ། སུང་། ཚིན།[4]
༣ དཔའ་རྒྱལ་བདུན།ཆི། ཁྲུའུ། ཚིན། ཡཱན། ཧན། ཀྲའོ། ཝེ།[5](དེ་ལས་ཧན་དང་ཀྲའོ།ཝེ་རྒྱལ་ཁབ་གསུམ་ནི་བཙན་ལྔའི་ནང་གི་ཅིང་དུམ་བ་གསུམ་དུ་གྱུར་པའོ།)
བརྡ་ཤན་སྦྲར།
[1] ཁྲུང་ཆིག 春秋
[2] ཀྲན་གོ 战国
[3] ཀྲོའུ་ཕེན་ཝང་། 周平王
[4] བཙན་པོའི་རྒྱལ་ཁབ་ལྔ།ཆི།ཅིང་།ཁྲུའུ།སུང་།ཚིན།(春秋五霸;齐国,晋国,楚国,宋国,秦国。)
[5] དཔའ་རྒྱལ་བདུན། ཆི། ཁྲུའུ། ཚིན། ཡཱན། ཧན། ཀྲའོ། ཝེ།(战国七雄;齐国,楚国,秦国,韩国,赵国,魏国。)
བོད་ཀྱི་རྒྱལ་རབས་གང་ཞིག་དང་དུས་མཉམ་ཡིན་པའི་དཔྱད་གཞི། སིལ་མའི་སྨད་ཀྱི་ཆ་དང་བཙན་པོའི་སྟོད་ཀྱི་ཆ་ཙམ།