བསྒྲགས་པ་ཙི་ནའི་རྒྱལ་རབས་ཀྱི་སྤྱི་དོན་ངོ་སྤྲོད། ཚན་པ་བརྒྱད་པ།

འཆད་མཁན། གློག་ཞགས།

ངོ་སྤྲོད་ཚན་པ་བརྒྱད་པ།

རྩ་ཚིག་ལས། ཚིན་ནི་གཅིག་གྱུར་ཧན་ལ་གཉིས༎ ཞེས་པ་ལས་ཧན་ནུབ་མའི་རྒྱལ་་རྒྱལ་རབས་བཤད་པ། ཧན་ནུབ་མའི་རྒྱལ་རབས། རྒྱལ་རབས་བཅུ་གཉིས་བྱུང་། (གོང་གི༢༠༢—རྗེས་ཀྱི་༨ལོའི་བར།) ཐོག་མཐའ་བར་གསུམ་དུ་ངེས་དགོས་པའི་གནད་ཚིག

ཐོག་མ། སྤྱི་ལོའི་གོང་གི་ལོ་༢༠༧ལོར་ཚིན་བཙན་པོའི་རྒྱལ་རབས་མཇུག་སྒྲིལ་རྗེས་སུ།ཁྲུའུ་རྒྱལ་ཁབ་ཀྱི་ཞང་ཡུས་[1]དང་ལིག་པང་གཉིས་ཀྱིས་ལོ་ངོ་བཞི་ཅམ་གྱི་རིང་ལ་ནང་འཁྲུག་བྱས་རྗེས་སུ།སྤྱི་ལོའི་གོང་གི་༢༠༢ལོར་ལིའུ་པང་[2]ལ་རྒྱལ་ཁ་ཐོབ་ནས་ཧན་རྒྱལ་རབས་སམ་ཧན་ནུབ་མའི་རྒྱལ་རབས་བཙུག

མཐའ་མ། སྤྱི་ལོའི་རྗེས་ཀྱི་ལོ་༨པར་ཝང་མང་[3]ཞེས་པའི་བློན་པོ་ཞིག་གིས་རྒྱལ་ས་འཕྲོགས་ཏེ་སྤྱི་ལོ་༢༥བར་དུ་མང་གསར་པའི་རྒྱལ་རབས་ཞེས་པ་ཞིག་བཙུག

བར་གྱི་གཟུང་བྱ།

༡ རྒྱལ་པོ་གསུམ་པ་ཝིན་ཏི་དང་བཞི་པ་ཅིང་ཏི།ལྔ་བ་ཝུའུ་ཏི།[4]

༢ རྒྱལ་ཁབ་བདུན་གྱི་བདེ་གཟར།་[5]

༣ ཀྲང་ཆན་[6]ནུབ་དུ་མྱུལ་པ།

[1] ཞང་ཡུས།ཁྲུའུ་རྒྱལ་ཁབ་ཀྱི་རྒྱལ་རྒྱུད་ཀྱི་གཉེན་ཚན་དུ་གཏོགས།

[2] ལིའུ་པང་།(刘邦)ཚལ་བའི་དེབ་དམར་དུ་ཧན་ཀའོ་ཛུང་(汉高祖)ཞེས་པ་དེ་ཡིན་ལ་ཧན་ནུབ་མའི་རྒྱལ་པོ་ཐོག་མ།

[3] ཝང་མང་།ཧན་ནུབ་མའི་རྒྱལ་ས་ཕྲོག་མཁན་གྱི་བློན་པོ་དེ་ཡིན་ལ།ཚལ་བའི་དེབ་དམར་དུ་ཨང་མང་ཞེས་འཁོད་པ་དེ་ཡིན།

[4] ཝིན་ཏི།(文帝)ཅིང་ཏི(景帝)།ཝུའུ་ཏི།(汉武帝)

[5] རྒྱལ་ཁབ་བདུན་གྱི་བདེ་གཟར།七国之乱

[6] ཀྲང་ཆན།(张骞)ཧན་གྱི་སྐབས་སུ་ཐོག་དང་པོ་ནུབ་ཕྱོགས་སུ་གསང་མྱུལ་དུ་སོང་བའི་བློན་པོ་ཞིག

བོད་ཀྱི་རྒྱལ་རབས་གང་ཞིག་དང་དུས་མཉམ་ཡིན་པའི་དཔྱད་གཞི། བཙན་པོའི་སྟོད་ཀྱི་ཆ་ཙམ། གཉའ་ཁྲི་བཅན་པོའི་འཁྲུངས་ལོའི་བཞེད་ཚུལ་མི་མཐུན་པ་དྲུག་ཙམ་ཧན་ནུབ་མའི་རྒྱལ་རབས་སུ་ཁེལ་འདུག

སྔོན་མ།
བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་མིན་ཞེས་པའི་དེབ་ངོ་སྤྲོད། ༥༡
རྗེས་མ།
ལྷ་སའི་དངོས་བྱུང་བདེན་དཔང་ངོ་སྤྲོད། ༢༢

ལན་ཞོག

ཁྱེད་རང་གི་གློག་འཕྲིན་ཁ་བྱང་འགྲེམ་སྤེལ་མི་བྱ། Required fields are marked *

Fill out this field
Fill out this field
Please enter a valid email address.
You need to agree with the terms to proceed

keyboard_arrow_up