བསྒྲགས་པ་ཙི་ནའི་རྒྱལ་རབས་ཀྱི་སྤྱི་དོན་ངོ་སྤྲོད། ཚན་པ་བཅུ་གཅིག་པ།

 འཆད་མཁན། གློག་ཞགས།

ངོ་སྤྲོད་ཚན་པ་བཅུ་གཅིག་པ།

རྩ་ཚིག་ལས།

ཝེ་ཧྲུའུ་ཝུའུ་[1]གསུམ་མཉམ་དུ་གནས༎ཞེས་པ་ལྟར་དུ་རྒྱལ་རབས་གསུམ་གྱི་གཏམ་རྒྱུད་དམ་ཝེ་ཧྲུའུ་ཝུའུ་གསུམ་ནི་ཕལ་ཆར་མཉམ་དུ་གནས་ཡོད་པའི་རྒྱལ་རབས་ཤིག་ཡིན་པ་སྟེ། ཝེ་རྒྱལ་རབས་ལ་རྒྱལ་པོ་ལྔ་བྱུང་། (སྤྱི་ལོ་༢༢༠—སྤྱི་ལོ༢༦༥ལོའི་བར།) ཧྲུའུ་རྒྱལ་རབས་ལ་རྒྱལ་པོ་གཉིས་བྱུང་། (སྤྱི་ལོ༢༢༡—སྤྱི་ལོ༢༦༣ལོའི་བར།) ཝུའུ་རྒྱལ་རབས་ལ་རྒྱལ་པོ་བཞི་བྱུང་། (སྤྱི་ལོ༢༢༩—སྤྱི་ལོ༢༨༠ལོའི་བར།)

ཐོག་མཐའ་བར་གསུམ་དུ་ངེས་དགོས་པའི་གནད་ཚིག

ཐོག་མ་ལ་གསུམ། ༡ སྤྱི་ལོ་༢༢༠ལོར་ཚའོ་ཚའོ་ཡིས་བྱང་གི་ཕྱོགས་སུ་རང་ཉིད་རྒྱལ་པོར་བསྐོས་ཏེ་ཝེ་རྒྱལ་རབས་བཙུག ༢ སྤྱི་ལོ༢༢༡ལོར་ལིག་པི་ཡིས་ལྷོ་ཡི་ཕྱོགས་སུ་རང་ཉིད་རྒྱལ་བོར་བསྐོས་ཏེ་ཧྲུའུ་རྒྱལ་རབས་བཙུག ༣ སྤྱི་ལོ༢༢༩ལོར་སོན་ཆོན་གྱིས་ཤར་ཕྱོགས་སུ་རང་ཉིད་རྒྱལ་པོར་བསྐོས་ཏེ་ཝུའུ་རྒྱལ་རབས་བཙུག

མཐའ་མ། རྒྱལ་ཁབ་འདི་གསུམ་གྱིས་གཅིག་གཅིག་དབང་འོག་ཏུ་མ་འདུས་མོད།མཐའ་མར་ཝེ་རྒྱལ་ཁབ་ཀྱི་བློན་པོ་སི་མཱའི་[2]རིགས་རྒྱུད་ཀྱིས་ཝེ་རྒྱལ་ཁབ་ཀྱི་རྒྱལ་ས་འཕྲོགས་རྗེས་སུ་རེ་རེ་བཞིན་རྒྱལ་ཁབ་གསུམ་པོ་དབང་འོག་ཏུ་བཅུག་ནས་ཅིང་ནུབ་མའི་རྒྱལ་རབས་ཟེར་བ་བཙུག་ནས་མཇུག་རྫོགས་པར་བགྱིས

བར་གྱི་གཟུང་བྱ། ཝེ་རྒྱལ་ཁབ་ཀྱིས་ཧན་ཤར་མའི་མངའ་རིས་དབང་འོག་ཏུ་བསྡུ་རྒྱུར་དམིགས་པ་ཞིག་ཡིན་ལ།ཧྲུའུ་རྒྱལ་ཁབ་ཀྱིས་ཧན་གྱི་རྒྱལ་རབས་བསྐྱར་གསོའི་ཆེད་དང་།ཝུའུ་རྒྱལ་ཁབ་ཀྱིས་རང་ཚུགས་བཟུང་ནས་རྒྱལ་ཁབ་སོ་སོར་ཚུགས།

[1] ཝེ།魏国ཧྲུའུ།蜀国ཝུའུ།吴国 [2] བློན་སི་མཱ་དབྱི།ཚལ་པའི་དེབ་དམར་དུ་བློན་པོ་འུམས་ཞེས་པ་དང་དེབ་སྔོན་དུ་བློན་པོ་འུ་མ་ཞེས་པ་དེ་ཡིན། བོད་ཀྱི་རྒྱལ་རབས་གང་ཞིག་དང་དུས་མཉམ་ཡིན་པའི་དཔྱད་གཞི། རྒྱལ་རབས་ཉེར་བརྒྱད་པ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྐབས་ཙམ།

སྔོན་མ།
བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་མིན་ཞེས་པའི་དེབ་ངོ་སྤྲོད། ༥༤
རྗེས་མ།
ལྷ་སའི་དངོས་བྱུང་བདེན་དཔང་ངོ་སྤྲོད། ༢༥

ལན་ཞོག

ཁྱེད་རང་གི་གློག་འཕྲིན་ཁ་བྱང་འགྲེམ་སྤེལ་མི་བྱ། Required fields are marked *

Fill out this field
Fill out this field
Please enter a valid email address.
You need to agree with the terms to proceed

keyboard_arrow_up