བོད་དོན་ལས་འགུལ་ཁང་གི་ཨ་རིའི་མང་གཙོའི་གཟེངས་རྟགས་ཀྱི་གཏམ་བཤད།

 

བོད་དོན་ལས་འགུལ་བསྟི་གནས་ཁང་གིས་བོད་ནང་དུ་རྒྱ་ནག་གཞུང་གིས་སྤེལ་བཞིན་པའི་གཞི་རྒྱ་ཆེ་བའི་མི་སེར་སྤེལ་ཡུལ་གྱི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་སྐོར་གྱི་ཡིག་ཆ་འདོན་སྤེལ་གནང་བ་དེར། ཨ་རིའི་རྒྱལ་ཡོངས་མང་གཙོ་ཐེབས་རྩ་ཁང་གིས་ཆེ་བསྟོད་ཀྱི་ཚུལ་དུ་མང་གཙོའི་གཟེངས་རྟགས་ཕུལ་ཞིང་བཀྲས་མཐོང་ལྷ་སྒྲོན་དང་འབུམ་རམས་པ་རྒྱལ་ལོ་གཉིས་ཀྱིས་ཚོགས་པའི་ཚབ་བྱས་ཏེ་གཟེངས་རྟགས་དེ་བཞེས།

རྒྱལ་ལོ་ལགས་ཀྱིས་གཟེངས་རྟགས་འདི་ནི་བོད་ཀྱི་མི་རབས་གསར་བའི་ཆེད་དུ་དམངས་གཙོ་དང་རང་དབང་ལ་འཐབ་རྩོད་མུ་མཐུད་བྱ་རྒྱུའི་སྐུལ་ལྕགས་གཏོང་བྱེད་དུ་ཆགས་རྒྱུའི་སྐོར་གསུངས་ཤིང་། བཀྲས་མཐོང་ལྷག་སྒྲོན་ལགས་ཀྱིས་ཀྱང་ལོ་ངོ་༧༠་ཙམ་གྱི་རིང་ལ་རྒྱ་ནག་གི་དབང་བསྒྱུར་ལ་བོད་མིའི་སྒེར་ལངས་རབ་དང་རིམ་པ་བྱུང་བ། ལྷག་པར་དུ་རང་སྲེག་ངོ་རྒོལ་བྱུང་བ་སོགས་ངོ་སྤྲོད་ཀྱིས་ཇི་སྲིད་བོད་མིའི་བདེན་མཐའ་མ་གསལ་དེ་སྲིད་དུ་བོད་མིའི་འཐབ་རྩོད་ཀྱི་གོམ་སྟབས་མཚམས་འཇོག་བྱ་རྒྱུ་མིན་ཞེས་བསྒྲགས་གཏམ་སྤེལ་སོང་།

 

 

སྔོན་མ།
བོད་བཙན་པོའི་རྒྱལ་རབས་དང་ཡིག་ཚང་གི་སྐོར། ཚན་པ་དང་པོ།
རྗེས་མ།
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་ཨ་རིའི་མང་གཙོའི་གཟེངས་རྟགས་ཀྱི་གཏམ་བཤད།

ལན་ཞོག

ཁྱེད་རང་གི་གློག་འཕྲིན་ཁ་བྱང་འགྲེམ་སྤེལ་མི་བྱ། Required fields are marked *

Fill out this field
Fill out this field
Please enter a valid email address.
You need to agree with the terms to proceed

keyboard_arrow_up