མདོ་སྨད་བྱང་ཤར་ལྷོ་གསུམ་གྱི་མཐའ་མཚམས་དང་འབྲེལ་བའི་གླེང་གཞི།

 འཆད་མཁན། འབྲོག་རུ་བློ་བཟང་ཆོས་དར།

གཞུགས་གནས། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་ཉམས་ཞིབ་པ།

ཆེད་ལས། ནང་བསྟན་རྩོམ་རིག་དང་ལོ་རྒྱུས་ཉམས་ཞིབ།

འདིར་བརྗོད་བྱ་གཙོ་བོ་ནི་མདོ་སྨད་བྱང་ཤར་ལྷོ་གསུམ་གྱི་མཐའ་མཚམས་ས་ཁོངས་ཁག་གི་མིང་དང་གནས་བབ་སྐོར་ཡིན། དེ་ཡང་དེང་སང་རྒྱ་ནག་གཞུང་ཕྱོགས་ནས་སྲིད་འཛིན་ས་མཚམས་བཅད་བགོས་བྱས་ཏེ་བོད་ཁུལ་ལམ་བོད་ཀྱི་ས་ཁུལ་ཞེས་པའི་ཁྱབ་ཁོངས་སུ་ཚུད་མེད་ཅིང་། གནའ་བོའི་སྐབས་ནས་དུས་རབས་ཉི་ཤུ་བར་དུ་བོད་ཀྱི་མི་སྡེ་ཚོ་ཁག་རྣམས་འཚོ་སྡོད་བྱས་ཡོད་ལ། བོད་ཀྱི་ཆོས་ལུགས་དང་དགོན་སྡེ། ཡུལ་སྲོལ་རིག་གནས་བཅས་དར་འཕེལ་བྱུང་མྱོང་བ་མ་ཟད། ད་ལྟའང་བོད་རིགས་གནས་སྡོད་དང་བོད་ཀྱི་རིག་གནས་ཤུགས་རྐྱེན་མ་ཉམས་པར་གནས་ཡོད་པའི་ཡུལ་ཁམས་ཁག་ཅིག་ཡིན་སྟབས། མདོ་སྨད་བྱང་ཤར་ལྷོ་གསུམ་གྱི་མཐའ་མཚམས་དབང་སྒྱུར་མངའ་ཐང་དང་བོད་ཀྱི་རུས་རྒྱུད་ཚོ་ཁག་དེ་དག་གི་སྲོལ་རྒྱུན་རིག་གནས་་ཉམས་གསོའི་བྱ་བ་ལ་རམ་འདེགས་བྱ་བའི་ཕྱིར་དུ། རྒྱ་ནག་གི་རུས་སྒྱུར་མིང་བརྗེ་ 改名换姓 སྲིད་ཇུས་ཀྱི་གནོད་ཐེབས་ས་ཁོངས་ལོ་རྒྱུས་ལ་ཞིབ་འཇུག་དང་དོན་དངོས་ར་སྤྲོད་བྱ་རྒྱུ་གཙོ་གནད་དུ་བཟུང་སྟེ། ཡུལ་ཕྱོགས་དེར་བག་ལ་ཞ་བའི་ས་མིང་གཅིག་ཡིན་རུང་སྔོག་འདོན་དང་འཚོལ་སྙེག་བྱ་དགོས་པའོ།།

སྔོན་མ།
༼བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་མིན་༽ཞེས་པའི་དེབ་ངོ་སྤྲོད།༡༡
རྗེས་མ།
༼བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་མིན་༽ཞེས་པའི་དེབ་ངོ་སྤྲོད།༡༢

ལན་ཞོག

ཁྱེད་རང་གི་གློག་འཕྲིན་ཁ་བྱང་འགྲེམ་སྤེལ་མི་བྱ། Required fields are marked *

Fill out this field
Fill out this field
Please enter a valid email address.
You need to agree with the terms to proceed

keyboard_arrow_up