འཛམ་གླིང་སྤྱི་དམངས་ཁྲིམས་ཁང་གིས་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིན་གྱི་ནག་ཉེས་ཐེར་འདོན།

འཛམ་གླིང་སྤྱི་དམངས་ཁྲིམས་ཁང་གིས་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིན་འཛིན་བཟུང་དགོས་བའི་བཀའ་རྒྱ།
 

འཛམ་གླིང་སྤྱི་དམངས་ཁྲིམས་ཁང་གིས་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིན་འཛིན་བཟུང་དགོས་བའི་བཀའ་རྒྱ།
ཕྱི་ཚེས་༡༢ ཉིན། འཛམ་གླིང་སྤྱི་དམངས་ཁྲིམས་ཁང་གིས་ཉིན་ལྔའི་རིང་རྒྱ་ནག་སྲིད་འཛིན་ཞིས་ཅིན་ཕིན་གྱི་ནག་ཉེས་ཁག་ཐེར་འདོན་གྱི་ཁྲིམས་ར་ཚོགས་རྗེས་ཞིས་ཅིན་ཕིན་གྱིས་བོད་དང་ཡུ་གུར་མི་རིགས་སྟེང་ནག་ཉེས་ཚབས་ཆེན་བསགས་ཡོད་པས་འཛིན་བཟུང་དགོས་བའི་བཀའ་རྒྱ་ཡོངས་ཁྱབ་བསྒྲགས་འདུག

བོད་ནང་མི་སྤྱོད་ལས་འདས་བའི་ནག་ཉེས་ཁག
༡ བྱིས་པ་ཚོ་བཙན་གྱིས་ས་གནས་གཞན་དུ་གནས་སྤོ་བ་( བཅའ་སྡོད་སློབ་གྲྭའི་སྐོར།)
༢ འཛིན་བཟུང་དང་རྣམ་པ་གཞན་འདྲ་མིན་སྒོ་ནས་མི་སྒེར་གྱི་རང་དབང་བཙན་འཕྲོག
༣ བོད་ཀྱི་མི་སེར་ལ་གདུག་རྩུབ་མནར་གཅོད་ཚད་མེད་བཏང་བ་བཅས་ཡིན་པ་བཀོད་འདུག ( འདིར་རགས་ཙམ་ལས་བཀོད་མི་འདུག་ཕལ་ཆེར་འདི་ལས་མང་པ་བཀོད་ཡོད་སྲིད།)

ཡང་ཞིས་ཅིན་ཕིན་གྱིས་ཤིན་ཅང་ཡུ་གུར་མི་སྟེང་སྤེལ་བའི་མི་སྤྱོད་ལས་འདས་བའི་ནག་ཉེས་ཁག
༡ མི་རིགས་རྩ་མེད་བཟོ་བ།
༢ འཛིན་བཟུང་དང་རྣམ་པ་འདྲ་མིན་སྒོ་ནས་མི་སྒེར་གྱི་རང་དབང་བཙན་འཕྲོག ༣།བཙོན་ལས་མནར་གཅོད་བཏང་བ།
༤ བཙན་གཡེམ་དང་སྐྱེ་སྒོ་གཅོད་པ།
༥ བྱིས་པ་བཙན་གྱིས་ས་གནས་གཞན་དུ་གནས་སྤོ་བ།
༦ བཙན་གྱིས་ངལ་རྩོལ་བཀོལ་བ།
༧ མནར་གཅོད་བཏང་བ།
༨ བཙན་ཤེད་ཀྱིས་བོར་བརླག་བྱུང་བ་བཅས་བཀོད་འདུག
འཛམ་གླིང་སྤྱི་དམངས་ཁྲིམས་ཁང་གིས་རྒྱལ་སྤྱིའི་སྤྱི་ཚོགས་དང་རྒྱལ་ཁབ་ཁག་གིས་རྒྱ་ནག་སྲིད་འཛིན་ཞིས་འཛིན་ཕིན་འཛིན་བཟུང་བཀའ་རྒྱ་བསྒྲགས་ཏེ་ཉེས་ཅན་ལ་དངོས་སུ་ཁྲིམས་བཤེར་ལག་བསྟར་དགོས་བའི་འབོད་སྐུལ་བྱེད་ཀྱི་ཡོད་ཅེས་བཀོད་འདུག

སྔོན་མ།
སོག་པོའི་རྟ་དམག་གིས་བོད་དུ་ཉི་ཧོང་གི་རལ་གྲི་ཀླད་ལ་གདེངས་པ་ཞེས་པའི་བརྩམས་ཆོས་ངོ་སྤྲོད། ཚན་པ་གསུམ་པ།
རྗེས་མ།
བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་ལ་ཨ་རིའི་སྲིད་འཛིན་བྷ་ཌན་མཆོག་གིས་མཚན་རྟགས་བཀོད་པར་ཨ་རིའི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་དགའ་བསུ།

ལན་ཞོག

ཁྱེད་རང་གི་གློག་འཕྲིན་ཁ་བྱང་འགྲེམ་སྤེལ་མི་བྱ། Required fields are marked *

Fill out this field
Fill out this field
Please enter a valid email address.
You need to agree with the terms to proceed

keyboard_arrow_up