རྭ་རྒྱ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་གལ་གནད་དང་སྒོ་བརྒྱབ་པའི་ཤུགས་རྐྱེན་སྐོར་གླེང་བ།

ཡོང་ཁུངས། ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་།

 

 

ཟླ་བ་འདིའི་ཚེས་ ༡༣ ཉིན་རྒྱ་ནག་གཞུང་གིས་བོད་མདོ་སྨད་མགོ་ལོག་ནང་གི་སྒེར་བཙུགས་སློབ་གྲྭ་སྙན་གྲགས་ཡོད་པ་རྭ་རྒྱ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་བཙན་གྱིས་སྒོ་རྒྱག་ཏུ་བཅུག་ཡོད་པ་དང་སློབ་གྲྭའི་དགེ་སློབ་རྣམས་སྐྱོ་གདུང་ཚད་མེད་ཀྱིས་མནར་ནས་མི་འདོད་བཞིན་དུ་སློབ་གྲྭ་བཞག་ཏེ་རང་སར་ལོག་དགོས་བྱུང་བའི་ཡུལ་དངོས་ཀྱི་བརྙན་པར་ཁག་ཐོན་ཕྲལ། གཞིས་བྱེས་གཉིས་ཀྱི་བོད་མི་ཡོངས་ནས་བློ་ཕམ་དང་། སྐྱོན་བརྗོད། སྐྱོ་གདུང་སོགས་ཀྱི་ཁེངས་ནས་མཆན་འདྲ་མིན་བཀོད་ཡོད་པ་རེད།

དེ་རིང་འདི་ག་རླུང་འཕྲིན་ཁང་ནས་རྭ་རྒྱ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་དེ་སྔ་དངོས་སུ་སློབ་གཉེར་གནང་མྱོང་མཁན་བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་ཞི་བདེ་ཟླ་བ་ལགས་དང་དེ་སྔ་རྒྱ་ནག་དམར་ཤོག་ནས་ཕྱིར་ཐོན་གྱིས་ད་ཆ་ཁེ་ན་ཌར་གནས་བཞུགས་གནང་བཞིན་པ་བོད་ནང་གི་ཤེས་ཡོན་སློབ་གསོ་བ་གྲགས་ཅན་དང་ལྷག་དོན་རྭ་རྒྱ་འཇིགས་མེད་རྒྱལ་མཚན་ལགས་དང་ཐུགས་འདྲིས་ཆེན་པོ་ཡོད་པ་འབུམ་རམས་པ་རྒྱལ་ལོ་ལགས་གཉིས་དང་ལྷན་རྭ་རྒྱ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་གལ་གནད་དང་འདི་སྒོ་བརྒྱབ་པའི་ཤུགས་རྐྱེན། དེ་བཞིན་རྒྱ་གཞུང་གི་བོད་སྐད་ཡིག་བཙན་སྒྱུར་གྱི་སྲིད་བྱུས་སྐོར་གླེང་མོལ་ཞུས་ཡོད།

 

 

སྔོན་མ།
སོག་པོའི་རྟ་དམག་གིས་བོད་དུ་ཉི་ཧོང་གི་རལ་གྲི་ཀླད་ལ་གདེངས་པ་ཞེས་པའི་བརྩམས་ཆོས་ངོ་སྤྲོད། ཚན་པ་ལྔ་བ།
རྗེས་མ།
སོག་པོའི་རྟ་དམག་གིས་བོད་དུ་ཉི་ཧོང་གི་རལ་གྲི་ཀླད་ལ་གདེངས་པ་ཞེས་པའི་བརྩམས་ཆོས་ངོ་སྤྲོད། ཚན་པ་དྲུག་པ།

ལན་ཞོག

ཁྱེད་རང་གི་གློག་འཕྲིན་ཁ་བྱང་འགྲེམ་སྤེལ་མི་བྱ། Required fields are marked *

Fill out this field
Fill out this field
Please enter a valid email address.
You need to agree with the terms to proceed

keyboard_arrow_up