ངོ་སྤྲོད་ཚན་པ་བདུན་པ།
རྩ་ཚིག་ལས། ཚིན་ནི་གཅིག་གྱུར་ཧན་ལ་གཉིས༎ ཞེས་པ་ལས་ཚིན་གྱི་རྒྱལ་རབས་བཤད་པ། ཚིན་རྒྱལ་རབས། རྒྱལ་རབས་གཉིས། (གོང་གི༢༢༡—གོང་གི༢༠༦ལོའི་བར།) ཐོག་མཐའ་བར་གསུམ་དུ་ངེས་དགོས་པའི་གནད་ཚིག
ཐོག་མ། སྤྱི་ལོའི་གོང་གི་༢༢༡ལོར།་ཚིན་བཙན་པོའི་རྒྱལ་པོ་ཚིན་ཧྲི་དཔཱང་[1]གིས་རྒྱལ་ཁབ་གཞན་དྲུག་པོ་དབང་དུ་བསྡུས་ནས་ཚིན་གྱི་རྒྱལ་རབས་མགོ་ཚུགས།
མཐའ་མ། སྤྱི་ལོའི་གོང་གི་ལོ་༢༠༧ལོར།ལིག་པཱང་གིས་ཚིན་གྱི་རྒྱལ་སར་དམག་དྲངས་ནས་ཚིན་གྱི་རྒྱལ་སྲས་ཀྱིས་མགོ་འདོགས་སུ་བཅུག་པ་ནས་ཚིན་བཙན་པོའི་རྒྱལ་རབས་མཇུག་རྫོགས།
ར་གྱི་གཟུང་བྱ། ༡དངུལ་དང་གཞལ་ཚད།ཡི་གེ་གསུམ་གཏན་འབེབས་གནང་། ༢རུའུ་ལུགས་མཁས་པ་སྡེབ་གསོད་དང་དཔེ་དེབ་མེར་སྲེག་བྱས་ཏེ་ཧྥ་ལུགས་སུ་བསྒྱུར། ༣བྱང་གི་ཞོན་ནུའུ་འགོག་ཆེད་ལྕགས་རི་རིང་པོ་བརྩིགས་ཏེ་མི་ས་ཡ་གཅིག་ལྷག་ཤི ༤ཇོན་དང་ཞན་སོགས་བཙུགས། 1 ཚིན་ཧྲི་དཔྭང་། 秦始皇 བོད་ཀྱི་རྒྱལ་རབས་གང་ཞིག་དང་དུས་མཉམ་ཡིན་པའི་དཔྱད་གཞི། བཙན་པོའི་སྟོད་ཀྱི་ཆ་ཙམ།