གོར་བོད་དམག་འཁྲུག་སྔ་ཕྱི་རིམ་པ་གསུམ་གྱི་སྤྱི་བཤད། ༢༽

 གཏམ་བཤད་པ། གཙང་སྨྱོན་འཇམ་དབྱངས་དོན་གྲུབ།

ཆེད་ལས། ལོ་རྒྱུས་དགེ་རྒན་དང་འབུམ་རམས་སློབ་མ།

གོར་བོད་དམག་འཁྲུག་ཅེས་པ་ནི་བོད་ཀྱི་ཉེ་རབས་ལོ་རྒྱུས་སྟེང་བོད་དང་བལ་པོའི་གོར་ཁའི་དབར་དུ་བྱུང་བའི་དམག་འཁྲུག་ཆེན་པོ་ཞིག་ཡིན་པ་དང་། དམག་འཁྲུག་འདི་ལ་བརྟེན་ནས་བོད་ཀྱི་ས་གནས་ཁག་འགའ་ཡང་བལ་ཡུལ་ལམ་གོར་ཁའི་འོག་ཏུ་ཤོར་བ་དང་། བོད་ཀྱི་ཊཾ་ཀ་རིམ་པ་གསར་བཟོས་དང་། ཊཾ་ཀ་དང་ཚོང་འབྲེལ་སོགས་ལ་བརྟེན་ནས་གོར་བོད་དམག་འཁྲུག་རིམ་ཐེངས་གསུམ་བྱུང་བ་དང་། དེ་དག་རེ་རེའི་སྐབས་དོན་ལོ་རྒྱུས་སྐོར་དེ་སྔ་བོད་སྐད་ཡིག་ནང་གསལ་བོ་དེ་ཙམ་མེད་པའི་ཐད་ནས། ཁོང་གིས་སྐད་ཡིག་གཞན་དུ་གསལ་བའི་སྐབས་དེའི་ལོ་རྒྱུས་སྐོར་དང་། བལ་བོད་དབར་ཆིངས་ཡིག་ཅི་བཞག་དང་། བལ་བོད་ཚོང་འབྲེལ་དང་ཚོང་ཁྲལ་ཐོབ་དབང་སོགས་ཧ་ཅང་གལ་ཆེའི་ལོ་རྒྱུས་ཀྱི་གནད་དོན་མང་པོར་དཔྱད་པ་གསར་དུ་གནང་ཡོད། གཏམ་བཤད་གནང་མཁན་ཁོང་ནི་ཆེད་དུ་གོར་བོད་དམག་འཁྲུག་སྐོར་ལ་ཞིབ་འཇུག་གིས་འབུམ་རམས་པའི་སློབ་གཉེར་གནང་བཞིན་པ་དང་། གོར་བོད་དམག་འཁྲུག་གི་སྐོར་དེ་སྔ་བྲིས་པའི་དཔྱད་རྩོམ་ཞིག་ཁོང་གི་བརྩམས་ཆོས་(ཟུངས་ཁྲག་གི་འཇིག་རྟེན་) ཞེས་པའི་དཔྱད་རྩོམ་ཕྱོགས་བསྒྲིགས་སུའང་བཀོད་ཡོད། ད་དུང་ཁོང་གིས་བོད་དང་རུ་སུའི་དབར་འབྲེལ་བའི་སྐོར་ལའང་དཔྱད་ཞིབ་གནད་སྨིན་གནང་བའི་དཔྱད་རྩོམ་ཁོང་གི་དཔྱད་རྩོམ་ཕྱོགས་བསྒྲིགས་སུ་བཀོད་ཡོད། ད་དུང་(ནང་ཆོས་དྲིས་ལན་ལྔ་བརྒྱ་པ་ཀུན་གསལ་མེ་ལོང་) ཞེས་པའི་ནང་བསྟན་སློབ་གཉེར་པར་ཉེར་མཁོ་ཅན་གྱི་དེབ་ཅིག་ཀྱང་བརྩམས་གནང་ཡོད། གོར་བོད་དམག་འའཁྲུག་གི་སྐོར་ཞིབ་ཏུ་ཁོང་གི་གཏམ་བཤད་ཁག་གཉིས་ལ་གསན་གཟིག་གནང་རོགས་ཞུ།

སྔོན་མ།
གོར་བོད་དམག་འཁྲུག་སྔ་ཕྱི་རིམ་པ་གསུམ་གྱི་སྤྱི་བཤད། ༡༽
རྗེས་མ།
གཞིས་བྱེས་བོད་མིའི་འབྲེལ་ལམ་སྐོར་གླེང་བ།

ལན་ཞོག

ཁྱེད་རང་གི་གློག་འཕྲིན་ཁ་བྱང་འགྲེམ་སྤེལ་མི་བྱ། Required fields are marked *

Fill out this field
Fill out this field
Please enter a valid email address.
You need to agree with the terms to proceed

keyboard_arrow_up