ཁྱེད་ཀྱི་རྒྱབ་གཟུགས།
—–མྱི་དཔའ་བོ་རང་བཙན་བློ་དགའ་མཆོག་ལ།
གློག་ཞགས།
བརྟན་གྱུག་གེར། ཁྱེད་ཀྱིས་གངས་རི་དག་རྒྱལ་དར་ལ་བཀལ་རྗེས།
དར་དམར་དང་དར་ནག ཆོལ་ཁ་དང་ནང་འཁྲིག་ལ་རྒྱབ་གཏད་ནས་ཕེབས་སོང་།
ཁྱེད་ཀྱི་རྒྱབ་གཟུགས་ལས། རི་བོ་ཞིག་འགུལ་གྱིན་འགུལ་གྱིན་ཕེབས་སོང་།
ཁྱེད་ཀྱི་རྐང་རྗེས་ན། གླང་ཆེན་ཞིག་གི་རི་མོ་བྲིས་ཡོད།
ཁྱེད་ཀྱི་ན་ཟུག་གིས། སྲོང་བཙན་གྱི་བང་སོ་བཀད་ཡོད།
ཁྱེད་ཀྱི་བདེན་གཏམ་ལས། ས་ཆེན་གྱི་མུན་པ་ངུས་ཡོད།
ཁྱེད་ཀྱི་མེ་ལྕེ་ཡིས། ཨ་མ་ཞིག་གི་སྙིང་ཆུང་བསྲེགས་ཡོད།
ཁྱེད་ཀྱི་རྒྱབ་གཟུགས་ལས། རི་བོ་ཞིག་འགུལ་གྱིན་འགུལ་གྱིན་ཕེབས་སོང་།
ཁྱེད་ཀྱི་མངའ་ཐང་དུ། རང་བཙན་གྱི་རྒྱལ་དར་ཡོད་ཆོག་ལ་དབུ་མའི་ཐབས་དར་ཡང་ཡོད་ཆོག
གོམ་བགྲོད་དང་སྐོར་བྲོ་ཡོད་ཆོག་ལ་སྐད་འབོད་དང་གླུ་གར་ཡང་ཡོད་ཆོག
ཆོས་ལུགས་དང་དད་མོས་ཡོད་ཆོག་ལ་རྩོམ་རིག་དང་སྒྱུ་རྩལ་ཡང་ཡོད་ཆོག
ཕུ་ཐུང་དུ་རྟ་དམག་རུམ་པའི་ཁྱེད། རྒྱལ་ཁབ་ཅིག་ཡིན་ནམ།
ཁྱེད་ཀྱི་རྒྱབ་གཟུགས་ལས། རི་བོ་ཞིག་འགུལ་གྱིན་འགུལ་གྱིན་ཕེབས་སོང་།
ཤ་ཁྲག་འབར་ཚར་རྗེས། ང་ཚོར་ཁྱེད་ཀྱི་རུས་པ་དཀར་པོས་ཁ་ཆེམས་བཞག་ནས་ཕེབས་སོང་།
བླ་མཁར་དང་འདྲ་བའི་ཁྱེད་ཀྱི་རྒྱབ་གཟུགས་ལས། རི་བོ་ཞིག་འགུལ་གྱིན་འགུལ་གྱིན་ཕེབས་སོང་།
ཨ་མའི་སེམས་པ་རང་འབར་སོང་། བོད་ཀྱི་སེམས་ཁུངས་སུ་འབར་སོང་།
ཁྱེད་ཀྱི་རྒྱབ་གཟུགས་ལས། རི་བོ་ཞིག་འགུལ་གྱིན་འགུལ་གྱིན་ཕེབས་སོང་།
སྤྱི་ལོ༢༠༢༩ལོའི་སྤྱི་ཟླ༠༧པའི་ཚེས༠༣ཉིན་བྱང་ཨ་རིའི་རྒྱལ་ས་ནས་མྱ་ངན་དང་བཅས།
དཔའ་བོ་རང་བཙན་བློ་དགའ།
ལྷ་ཆབ་སྦྱིན་པ།
སྙིང་སྟོབས་ལ་འགྲན་ཟླ་བྲལ་བའི་དཔའ་བོ་རང་བཙན་བློ་དགའ་ནི། བོད་རྒྱལ་ཁབ་དང་མི་རིགས། རིག་གཞུང་དང་བཅས་པའི་ཆེད་དུ་གཤེགས་པ་རེད། ཕུགས་བསམ་ལྡན་པའི་ཞལ་ཆེམས་ང་ཚོར་བཞག་ཡོད། ཡིན་ནའང་། ང་ཚོས་དཔའ་བོ་དམ་པ་ཁོང་གི་དཀའ་སྤྱད་ཀྱི་མཛད་པ་དེ་སྐྱོང་མི་ཐུབ་ཀྱང་། ཞལ་ཆེམས་ལ་བརྩི་བཀུར་དང་སློབ་སྦྱོང་བྱ་བའི་དམ་བཅའ་སྙིང་ནས་འདོར་ག་ལ་ཆོག
ད་རེར་དཔའ་བོ་ཁོང་གིས། ཡུལ་དང་དུས་མ་ནོར་བའི་སྟེང་ལ། བློ་རྩ་བརྟན་པའི་འཐབ་རྩོད་ཀྱི་རྣམ་པ་རེ་རེ་ནི་བློ་ཡུལ་ལས་འདས་པ་ཞིག་ཡིན་པ་སྨྲ་ཅི་ལ་དགོས། དེས་ནི་དགྲ་བོའི་སྙིང་རྩ་འདར་བ་དང་འཛམ་གླིང་མི་མང་ཧོན་འཐོར་བར་བྱས་ཡོད། འདི་འདྲའི་སྐབས་སུ་ཡང་། རང་རེའི་ནང་ཁུལ་དུ། ཞལ་ཆེམས་ཀྱི་འབྲུ་དོན་རྩོད་པ་དང་། དེའི་བདག་པོ་ཡིན་མདོག་མདོག་གིས་ཕན་ཚུན་ལ་ཚིག་མཚོན་འདེབས་རེས་བྱེད་པ་ནི་ཀླད་སྟོང་གི་བྱ་སྤྱོད་མ་ཡིན་ནམ། དཔའ་བོ་དམ་པ་ཁོང་གི་བདག་པོ་ནི་བོད་མི་མང་ཡིན་ངེས་པས། ང་ཚོས་དུས་གཏན་ཏུ་བརྗེད་མི་སྲིད།
བོད་མི་ཞིག་ཡིན་ཙ་ན། སྐད་གྲགས་ཅན་གྱི་སྐར་མ་དྲུག་གི་ཞལ་ཆེམས་ནངདོན་གོ་མི་ཐུབ་མཁན་མེད། གཙོ་བོ་དེ་ཉམས་ལེན་བྱེད་ཐུབ་མིན་ལ་རག་ལས་ཡོད།
མེ་ལྕེ་ལྷབ་ལྷུབ་ཁྲོད་ཀྱི་དཔའ་བོའི་སྙིང་སྟོབས་མཐོང་ཐེངས་རེར། ཆེས་མཇུག་མཐའི་སྐར་ཆ་འགའ་ལས་མེད་པའི་བོད་ལྭ་དམར་སྨུག་ཅན་གྱི་གངས་སེང་རྒྱལ་དར་འཁུར་བའི་དཔའ་བོའི་གོམ་སྟབས་རེ་རེ་མཐོང་དུས། ངས་ནི་དཔའ་བོ་ཁོང་འཆི་བ་མ་ཡིན་པར། ང་ཚོའི་སེམས་ཁུངས་ལ་གསོན་པོར་གནས་ངེས་པ་མཐོང་།
ང་ཚོས་ཁོང་གི་སྙིང་སྟོབས་ལ་སློབ་སྦྱོང་བྱ་དགོས། ཁོང་གི་ཞལ་ཆེམས་ལ་སློབ་སྦྱོང་བྱ་དགོས། ཚིག་འབྲུ་རེ་རེའི་སྟེང་ནས་སྣང་མེད་བྱ་མི་རུང་། ཆུང་ས་ནས་བཤད་ན། དཔའ་བོའི་མཚན་འབྲི་བའམ་འབོད་པའི་སྐབས་སུ། རང་བཙན་བློ་དགའ་ཞེས་བོད་རང་གི་བརྡ་སྤྲོད་ཀྱི་འགྲོས་ལྟར་འབོད་པ་ལས། བློ་དགའ་རང་བཙན་ཞེས་དབྱིན་ཡིག་གི་འགྲོས་ལྟར་བོས་པ་ནི། དཔའ་བོའི་ཞལ་་ཆེམས་ཀྱི་དགོངས་དོན་ཞིག་མ་སྒྲུབ་པ་ཡིན།
མཇུག་མཐར། དཔའ་བོའི་སྙིང་སྟོབས་ལ་ནམ་ཡང་ཉམས་པ་མེད།
ང་ཚོ་ཅིའི་ཕྱིར་མིག་ཆུ་བཞུར་ཡོད།
———— རང་སྲེག་གནང་མཁན་བོད་ཀྱི་སྤུན་ཟླར་སྤྲིངས་པ།
རྩོ་པ་པོ། ཡུ་གུར་བ། Ilshat H. Kokbore
མཚན་མོ་འདིར། ང་རང་ཡུན་རིང་བར་གཉིད་ཁུག་མ་ཐུབ། བརྙན་ཐུང་དེ། ཡང་ཡང་ངའི་མིག་ལམ་དུ་འཆར་ཡོང་། རྒྱལ་ཚོགས་ཀྱི་ཚོགས་ཁང་མདུན་ཐད་དུ། རླུང་བུ་བསིལ་པོ་ཞིག་གིས་བླ་ན་འཕགས་པའི་གངས་སེང་རྒྱལ་དར་དེ་ག་ལེར་གཡོ་བཞིན་འདུག རྒྱལ་དར་ལྷབ་ལྷུབ་ཏུ་སྐྱོད་པའི་སྒྲ་དབྱངས་དེ་ནི། རྒྱང་རིང་གི་གངས་ལྗོངས་མཐོ་སྒང་ནས་ཡོང་བའི་རླུང་བུ་ཞིག་དང་འདྲ་བར། རི་ཚོགས་དང་གཡང་རོང་། དེ་བཞིན་ལོ་ཟླའི་བགྲོད་པ་རིང་མོ་བརྒལ་ཏེ་ཉིའུ་ཡོག་ཏུ་བསླེབས་ཤིང་། རང་དབང་ལ་དད་འདུན་ཡོད་མཁན་སྐྱེ་བོ་ཀུན་གྱི་སེམས་ཁོང་དུ་ལྡིང་ཡོང་།
དེ་མཚམས་ནས་ངས་ཁྱེད་རང་མཇལ་བྱུང་། བོད་ཀྱི་སྤུན་ཟླ —— བློ་དགའ་རང་བཙན། (Lobga Rangzen)ཁྱེད་ཀྱི་ཞལ་རས་རྣམ་འགྱུར་ནི་ཅི་འདྲའི་ཞི་ཞིང་དུལ་བ་ཞིག་རེད། ཁོང་ཁྲོའི་འབོད་སྒྲ་མེད་ལ། སྤྲོ་ལངས་པའི་ཉམས་ཀྱང་མེད། ཐེ་ཚོམ་དང་ནེམ་ནུར་གྱི་ཆ་ཕྲ་མོ་ཙམ་ཡང་མེད།
སྐད་ཅིག་མ་དེར། ཁྱེད་རང་ནི་འཆི་ལམ་དུ་བསྐྱོད་པ་མ་ཡིན་པར། ཡུན་རིང་བྲལ་བའི་ཕ་ཡུལ་དུ་ལོག་བཞིན་པ་དང་འདྲ་ལ། མེ་ལྕེའི་ཁྲོད་དུ་གཤེགས་པ་མ་ཡིན་པར། དཀར་གསལ་གྱི་གངས་རིའི་ཕྱོགས་སུ་གོམ་ཁ་བསྒྱུར་བ་དང་མཚུངས། འཇིག་རྟེན་འདི་དང་གཏན་དུ་བྲལ་བ་མ་ཡིན་པར། སྔ་མོ་ནས་ཁ་འཐོར་དུ་སོང་བའི་གཉེན་ཉེ་རྣམས་ལ་འཁྱུད་པ་དང་། རྨི་ལམ་ནས་བཅགས་པའི་ཕ་ས་དེར་འོ་བྱེད་དུ་ཕེབས་པ་དང་ཀུན་ནས་མཚུངས་སོ།
མེ་ལྕེ་དགུང་དུ་མཆེད་དུས། ངའི་མིག་ཆུ་ཡང་དབང་མེད་དུ་བཞུར་བྱུང་།
ངས་ཤེས་ཀྱི་ཡོད། སུ་ཞིག་གིས་ཀྱང་རང་ཉིད་མེ་ལྕེ་ཞིག་ཏུ་འགྱུར་འདོད་མེད།་མི་སུ་ཞིག་གིས་ཀྱང་རང་གི་ཤ་ཁྲག་གི་ཕུང་པོ་འདི། མི་རིགས་ཤིག་གི་མཐའ་མའི་སྐད་ཆར་བསྒྱུར་འདོད་དེ་བས་ཀྱང་མེད།
ཡུ་གུར་བ་ཞིག་གི་ཆ་ནས། ངས་ཁྱེད་ལ་ལམ་ཁ་གཞན་ཞིག་འདེམས་དགོས་པའི་རེ་བ་འདོན་པའི་ཐོབ་ཐང་མེད། དེ་ནི་ཁྱེད་ཀྱི་དད་མོས་དང་ཕུགས་བསམ་གྱི་སྙིང་སྟོབས་ཤིག་ཡིན་པ་ངས་རྟོགས་ཡོད། དེ་ནི་ཡི་ཆད་པ་ཞིག་གཏན་ནས་མ་རེད། ཟུར་ནས་ལྟ་མཁན་ཚོས་དེའི་ཟབ་ཚད་རྟོགས་མི་ཐུབ། སྒམ་བརླིང་ལྡན་པའི་ཐག་གཅོད་དང་། བློས་གཏོང་གི་སྙིང་སྟོབས་འགའ་རེ་ལ། མིང་ཚིག་དང་སྐད་ཆས་མཚོན་ཐུབ་པ་ཞིག་མ་རེད།
ཁོ་པ་དག་གིས། རང་ཉིད་ཀྱི་རྒྱུན་ལྡན་བསམ་ཚུལ་དང་སྐད་ཆ་མཐའ་དག་དགྲ་རུ་བརྩིས་ནས་སྣང་མེད་དུ་བཏང་བ་དང་། ཞི་བདེའི་འབོད་སྐུལ་ཐམས་ཅད་རྣ་རྒྱབ་ཀྱི་ལྷག་པར་བཏང་བ། རེ་བའི་སྒོ་མོ་མཐའ་དག་དམ་དུ་བརྒྱབ་པའི་སྐབས་སུ། ད་གཟོད་གཞི་ནས་རང་གི་ཚེ་སྲོག་འདི་ཉིད་འབར་བཞིན་པའི་འོད་སྣང་ཞིག་ཏུ་བསྒྱུར་ཏེ། ད་དུང་ཡང་གཉིད་ལས་མ་སད་པའི་འཇིག་རྟེན་འདིར་འོད་སྣང་སྦྱིན་པ་རེད།
མེ་ལྕེས་བསྲེགས་པ་ནི་ཤ་ཁྲག་གི་ཕུང་པོ་ཁོ་ན་མ་རེད། དེ་ལས་ཀྱང་ནི་མི་རིགས་ཤིག་གི་ཆེ་མཐོང་དང་། དད་འདུན། མགོ་བོ་མི་སྒུར་བའི་དཔའ་སྤོབས་བཅས་འབུར་དུ་དོད་པ་བྱས། དེས་གསལ་བར་བྱས་པ་ནི་བར་སྣང་ཁོ་ན་མ་རེད། འཇིག་རྟེན་གྱིས་མཐོང་འོས་ཀྱང་། ནམ་ཡང་ཐད་ཀར་བལྟ་མ་ཕོད་པའི་སྡུག་བསྔལ་དེ་དག་གསལ་བར་བྱས་པ་རེད།
ཡུ་གུར་བ་ཚོར་མཚོན་ན། འདི་འདྲའི་ན་ཟུག་ནི་རྒྱུས་མངའ་མེད་པ་ཞིག་གཏན་ནས་མིན།
ང་ཚོའི་དད་པའི་རྟེན་གཞི་རྒྱ་ཆེ་བའི་ཁ་ཆེ་ལྷ་ཁང(清真寺)རྣམས་བཙོག་པ་བཟོས་ཤིང་གཏོར་བཤིག་བཏང་། ང་ཚོའི་སྐད་དང་ཡི་གེ་བཀག་སྡོམ་བྱས། ང་ཚོའི་རིག་གཞུང་ལ་རྩ་མེད་ཀྱི་དྲག་ཆར་ཕབ། ང་ཚོའི་ཁྱིམ་ཚང་རྣམས་ཁ་འཐོར་དུ་བཏང་སྟེ་གཉེན་ཉེ་དུ་ཁ་ཕྲལ། ང་ཚོའི་ཡོན་ཏན་པ་སྟོང་ཕྲག་མང་པོ་མུན་བཙོན་དུ་བཅུག སྨྱུག་མར་གནས་པའི་ཉེས་མེད་འབངས་མི་ཁྲི་འབུམ་དག་གི་མི་ཚེའི་བདེ་སྐྱིད་འཕྲོགས། ཡུ་གུར་མི་རིགས་རྩ་མེད་དུ་གཏོང་བའི་ཁྲག་གི་ཆར་སྤྲིན་ཁྲོད་དུ་ཁྱིམ་ཚང་ཁྲི་སྟོང་ཡན་པར་བཏང་།
དེས་ན། བོད་ཀྱི་སྤུན་ཟླ་ཚོས་མིག་ཆུ་གཏོང་དུས། ང་ཚོ་སྣང་མེད་དུ་སྡོད་ཐབས་ག་ལ་ཡོད།
དེ་ནི་མི་རིགས་གཅིག་ཁོ་ནའི་མིག་ཆུ་མ་ཡིན་པ་ངས་ཤེས་ཀྱི་ཡོད། དེ་ནི་རང་དབང་ཤོར་བའི་མི་རིགས་ཐམས་ཅད་ཀྱི་ཐུན་མོང་གི་མིག་ཆུ་རེད།
ཁ་བའི་ལྗོངས་དང་གནམ་རིའི་དབར་ན་ལེ་དབར་ཁྲི་ཕྲག་གིས་ཆོད་ཡོད་ནའང་། ནང་པ་སངས་རྒྱས་པའི་ཆོས་གཞུང་དང《ཀོ་རན་གསུང་རབ 》ཀྱི་དད་མོས་མི་འདྲ་བ་གླེང་གི་ཡོད་མཆི་ནའང་། བོད་པ་དང་ཡུ་གུར་བས་སྐད་རིགས་མི་འདྲ་བ་བཤད་ཅིང་། ལམ་སྲོལ་མི་འདྲ་བ་ཡོད་མོད། ང་ཚོ་ཚང་མ་རང་རང་གི་ཕ་སྐད་མ་ཡིག་ལ་ཤིན་ཏུ་དུང་བ་ཟབ་ཅིང་། མེས་པོ་ཚོས་བཞག་པའི་རིག་གཞུང་ལ་གཅེས་སྤྲས་བྱེད་མཁན་ཤ་སྟག་རེད།
ང་ཚོ་ཚང་མས། རང་གི་དད་མོས་ལ་གུས་བཀུར་ཐོབ་པའི་རེ་བ་བྱེད་ཀྱི་ཡོད་ལ། རང་གི་བུ་ཕྲུག་རྣམས་རང་དབང་གི་ངང་ནས་འཚར་ལོངས་ཡོང་བའི་རེ་བ་བྱེད་ཀྱི་ཡོད། མི་རིགས་ཀྱི་ཐོབ་ཐང་ལ་བརྟེན་ནས་འཇིགས་སྐྲག་སྐྱེ་མི་དགོས་པ་དང་། རང་གི་རིག་གཞུང་ལ་བརྟེན་ནས་ཁ་ཁུ་སིམ་པོར་སྡོད་མི་དགོས་པ་བྱེད་འདོད་ཡོད།
འདི་དག་ནི་རྨི་ལམ་ཙམ་དུ་འགྱུར་མི་འོས་པ་ཞིག་རེད། འདི་དག་ནི་འགྲོ་བ་མིར་མངའ་བའི་གཞི་རྩའི་ཐོབ་ཐང་རེད།
དེ་རིང་། ངས་ཡི་གེ་འདི་དག་སྤེལ་བའི་སྐབས་སུ། འཛམ་བུ་གླིང་པ་ཚོས་མེ་ལྕེ་རང་ཉིད་ཁོ་ན་ཙམ་དྲན་གསོ་བྱེད་པའི་རེ་བ་བྱེད་ཀྱི་མེད། ངས་ནི་འཛམ་བུ་གླིང་པ་ཚོས་ཅིའི་ཕྱིར་མེ་ལྕེའི་ཁྲོད་དུ་མི་བསྐྱོད་ཀ་མེད་བྱུང་བའི་རྒྱུ་མཚན་དེ་དྲན་གསོ་བྱ་འདོད་པ་ཡིན།
ངས་ནི་དེ་བས་ཀྱང་མེ་ལྕེ་འདི་མཐའ་མའི་མེ་ལྕེ་ཞིག་ཏུ་འགྱུར་བའི་རེ་བ་བྱེད་ཀྱི་ཡོད། སྐུ་ཉིད་ནི་ཚེ་སྲོག་གིས་འཇིག་རྟེན་ལ་འབོད་སྐུལ་བྱེད་མཁན་གྱི་མཐའ་མའི་སྐྱེས་བུ་ཉིད་དུ་གྱུར་ཅིག
མ་འོངས་པར། གཞོན་ནུ་ཚོས་རང་གི་ལུས་པོ་བསྲེགས་ནས་རེ་བ་སྦར་མི་དགོས་པ་དང་། ཨ་མ་ཚོས་མེ་འོད་ཁྲོད་དུ་རང་གི་བུ་ཕྲུག་མི་འཆོར་བ། མི་རིགས་ཤིག་གིས་རང་ཉིད་ད་དུང་གསོན་པོར་ཡོད་པ་མཚོན་ཆེད་འཆི་ལམ་བསྟེན་མི་དགོས་པ་ཤོག་ཅིག
ཉིན་མོ་ཞིག་ལ། བོད་མཐོ་སྒང་གི་རླུང་བུ་ལ་སྐྱོ་གདུང་གི་ཉམས་སྣང་མེད་པར་གྱུར་ཅིག
ཉིན་མོ་ཞིག་ལ། གནམ་རིའི་འདབས་ཀྱི་རླུང་བུ་ལའང་མིག་ཆུ་འདྲེས་མི་དགོས་པ་ཤོག་ཅིག
གངས་རི་ནི་སྔར་བཞིན་དཀར་གསལ་དུ་གནས་ཤིང་། བྱེ་ཐང་གི་སྤང་་ལྗོངས་ཀྱང་སྔར་བཞིན་སྔོ་ཐིང་ཐིང་དུ་གནས་པར་ཤོག་ཅིག
བུ་ཕྲུག་ཚོས་རང་དབང་གི་ངང་ནས་རང་གི་ཕ་སྐད་བཤད་ཐུབ་པ་དང་། རྒན་པོ་ཚོས་ཞི་བདེའི་སྒོ་ནས་རང་གི་གསུང་རབ་ཞལ་འདོན་གནང་ཐུབ་པ། གཞོན་ནུ་ཚོས་འཇིགས་པ་མེད་པར་རང་གི་ལོ་རྒྱུས་གླེང་ཐུབ་པར་ཤོག་ཅིག མི་རིགས་རེ་རེ་བཞིན་རང་གི་ས་ཆའི་སྟེང་དུ་མགོ་བོ་མཐོ་བོར་བཏེགས་ནས་གསོན་ཐུབ་པ་དང་། རང་གི་མིང་དང་། རང་གི་རིག་གཞུང་། རང་གི་ཆེ་མཐོངདང་ལྷན་དུ་འཚོ་བར་ཤོག་ཅིག
དེ་རིང་། ང་རང་ཡུ་གུར་བ་ཞིག་གི་ངོས་ནས། བོད་ཀྱི་སྤུན་ཟླའི་ཆེད་དུ་སྨོན་ལམ་འདེབས་ཀྱི་ཡོད། ཁྱེད་ཀྱི་བླ་སྲོག་དཀར་གསལ་གྱི་གངས་རིའི་ཕྱོགས་སུ་ལོག་ཕེབས་པར་ཤོག་ཅིག
ཁྱེད་ཀྱི་སྙིང་སྟོབས་མི་ཡུལ་འདི་རུ་གནས་པར་ཤོག་ཅིག ཁྱེད་ཀྱི་མེ་ལྕེ་འདི་བློས་བཏང་ཁོ་ན་མ་ཡིན་པར། སླད་མར་རང་དབང་དང་། ཆེ་མཐོང་། ཞི་བདེ་བཅས་ཀྱི་སྐྱ་རེངས་སུ་འགྱུར་བར་ཤོག་ཅིག
གལ་ཏེ་མིག་ཆུ་ལ་མི་རིགས་ཀྱི་ས་མཚམས་མེད་ན། དེ་རིང་བོད་མིའི་མིག་ཆུ་ནི་ཡུ་གུར་བའི་མིག་ཆུ་ཡང་རེད། གལ་ཏེ་སྨོན་ལམ་ལ་དད་མོས་ཀྱི་བཀག་རྒྱ་མེད་ན། དེ་རིང་ང་རང་ཡུ་གུར་བའི་དད་སེམས་གཙང་མའི་སྒོ་ནས། ཁྱེད་ཀྱི་ཆེད་དུ་སྨོན་ལམ་འདེབས་པར་འདོད།
འདས་པོ་རྣམས་དག་ཞིང་དུ་བདེ་བར་གཟིམ་པར་ཤོག་ཅིག
འཚོ་ཞིང་བཞུགས་པ་རྣམས་སྙིང་སྟོབས་དང་ལྡན་པར་གྱུར་ཅིག
རང་དབང་གི་དུས་བཟང་མྱུར་དུ་འཆར་བར་ཤོག་ཅིག
ཡངས་ཤིང་རྒྱ་ཆེ་བའི་རྒྱལ་ཁམས་འདིའི་སྟེང་་ན། རང་དབང་གི་ཆེད་དུ་རང་གི་ལུས་པོ་མེ་རུ་སྦར་མཁན་གྱི་སྐྱེ་བོ་གཅིག་ཀྱང་མི་དགོས་པར་གྱུར་ཅིག
07/02/2026
འགྱུར་བ་པོ། སད་མིས་དྲ་ངོས་ནས་བསྒྱུར་ཅིང་ཞུ་དག་ཞིབ་ཚགས་བགྱིས་པའོ།
མ་རྩོམ་རྒྱ་ཡིག་ཀྱང་འདིར་བཀོད་ཡོད།
གངས་རིའི་སྙིང་སྟོབས། བློ་དགའ་རང་བཙན།
རྒྱ་རིགས་ཐར།
གངས་སེང་ཁེར་རྒྱུགས་ཁྱེད་ཀྱི་ང་རོ་གཅིག་གིས། དགྲ་བོ་རྒྱ་དམར་གྱི་བཙན་འཛུལ་ལྕགས་སྒྲོག་གཏོར་སོང་།
ཁྱེད་ནི་དགྲ་དཔུང་གི་སྙིང་ཁ་ནས།
གནམ་ལྕགས་ལྟར་ཤུགས་ཆེར་འབར་སོང་།
གྱེས་ཁ་མའི་གོམ་སྟབས་དེ་དག རྒྱབ་གཟུགས་ནས་མཐོང་ཐེང་རེར། ས་ཆེན་པོའང་ཀུན་ནས་བསྐྱོམས་ཤིང་ཡོངས་སུ་གཡོ་བར་བྱས་སོང་།
དཔའ་བོ་ལགས། ཁྱེད་ནི་མེ་ལྕེ་ཡི་དར་ཆ་ཞིག་ཡིན་ལ། རང་བཙན་གྱི་དར་ཆ་ངོ་མ་དེ་ཡིན། ཁྱེད་ཀྱིས་ལུས་སྲོག་ལོངས་སྤྱོད་དང་བཅས་པ་རྒྱལ་ཁབ་ཀྱི་དོན་དུ་། མི་རིགས་ཀྱི་དོན་དུ་། སྐད་ཡིག་གི་དོན་དུ། ང་ཚོའི་དོན་དུ། ངའི་དོན་དུ་། ཕྱིར་བལྟས་མེད་པར། ཕངས་པ་མེད་པར། སྐུ་ཉིད་སྒྲོན་མེ་རུ་སྤར་ནས་བཙན་འཛུལ་དང་གཉའ་གནོན་གྱི་སྨག་རུམ་དེ་གཞོམས་པར་བྱས་སོང་།
དཔའ་བོ་ལགས་། ཁྱེད་ནི་དུས་རབས་ཤིག་གི་དཔའ་བོ་ཡིན། ཁྱེད་ནི་མི་རིགས་ཤིག་གི་བླ་སྲོག་ཡིན།
ང་ཚོ་དགྲ་ལག་ནས་མ་ཐར་བར་དུ།
ང་ཚོའི་འཐབ་རྩོད་ཀྱི་ཀི་སྒྲ་འཇགས་མི་སྲིད།
འདི་ནི་ཁྱེད་ཀྱིས་ང་ཚོར་སྩལ་བའི་གསོན་ཤུགས་འབའ་ཞིག་སྟེ། ཆིག་སྒྲིལ་ཡིན། སྙིང་སྟོབས་ཡིན། རྟོགས་སད་ཡིན། རྒྱལ་ཁ་ཡིན། ང་ཚོ་གངས་ཅན་པའི་རྒྱལ་ཁ་ཡིན།
གངས་སེང་སྲབ་མེད།
དར་ལྕེ་ཟད་པོ།
སྤྱི་ཡི་ལས་དབང་བདག་གིས་ཕྲག་པ་རུ་ཁུར་ནས།།
རང་རིགས་ཤི་གསོན་གཉིས་ཀྱི་སོ་མཚམས་སུ་འགྲེང་ཞིང་།།
རྒྱབ་ན་དཔུང་རོགས་མེད་པ་དཔའ་རྒོད་ཀྱི་ཁེར་འགྲོས།།
སེམས་ཀྱི་གདུང་བ་དམར་མོའི་མེ་དཔུང་ལ་བསྒྱུར་ཡོད།།
མཐའ་བཞི་ཁ་བས་བསྐོར་བ་གངས་སེང་གི་ཕ་ཁྱིམ།
བརྙས་བཅོས་གཉའ་བར་མི་ཁུལ་རལ་བ་ཡི་ཁྱད་ཆོས།།
བཙན་པོའི་ཟུངས་ཁྲག་དྭངས་མ་རྩ་ལམ་ནས་རྒྱུ་ན།།
གང་ལའང་ཞུམ་དགོས་མེད་པ་སྟག་སེང་གི་གློ་སྙིང་།།
གདོད་མའི་གངས་དཀར་སྤུགས་ཀྱི་ཁྱིམ་ཚང་ལ་དུང་ཞིང་།།
སྡེར་མོས་དགྲ་བོ་བསད་པའི་སྡིག་པ་ལ་མི་བསམས།།
སྤུན་ཟླས་ལོག་ལྟར་སྨོད་ཀྱང་སེམས་ཟུར་ལ་མི་འཇོག །།
བདག་གི་སྙིང་ལ་གཟན་པ་ད་ལྟ་ཡི་གནས་སྟངས།།
སྟག་རྩལ་འབྲོང་སྙིང་ཅན་གྱི་བཙན་པོ་ཡི་ཕོ་རྒོད།།
དོམ་ནག་ཁྲག་གིས་བཟི་འདྲའི་མགོ་རྣ་དེ་ཤོར་ན།།
གང་གིས་བཅོས་སུ་མེད་པ་ལོ་རྒྱུས་ཀྱི་ནད་རྙིང་།།
ཤེས་ན་ཁྱོད་ལ་ཚོར་བ་མ་འགགས་པའི་དན་རྟགས།།
དུས་ཀྱིས་ངེས་མེད་འགྱུར་བ་འཇིག་རྟེན་གྱི་གཤིས་ལུགས།།
རྫོང་མཁར་མཐོན་པོ་བུ་རེས་བཟུང་རེས་ཤིག་བྱེད་དུས།།
འཛམ་གླིང་བླ་སྲོག་འདར་བའི་བཙན་པོ་ཡི་རུ་དར།།
དེ་རིང་སླར་ཡང་ཨ་སྔོན་མཁའ་དབྱིངས་སུ་བསྒྲེངས་ཡོད།།
བདག་གི་ངག་ལ་སྨྲེངས་བ་ནང་ཁུལ་གྱི་མཐུན་སྒྲིལ།།
བདག་གི་ཡིད་ལ་བརྣགས་པ་མ་འོངས་པའི་མདུན་ལམ།།
རང་རིགས་སྐྱིད་པའི་ཉི་མ་བོད་ཡུལ་ལ་ཤར་ན།།
རྟ་གདོང་མེ་ཡང་བཟོད་པའི་ཞི་དབྱིངས་སུ་གཏོང་ཆོག།
དཔའ་རྒོད་རང་བཙན་བློ་དགའ་ལགས་ཀྱིས་སྙིང་སྟོབས་ལ་ཇི་ལྟར་བསམས་ཀྱང་ངོ་མཚར་རྨད་བྱུང་ལྟ་བུ་མཐོང་བས་ཞལ་ཆེམས་ཕྲན་བུ་ཙམ་བསྒྲུབ་པའི་ཆེད་དུ་ཕ་སྐད་གཙང་མ་ཡི་ཐོག་ནས་སྲོལ་རྒྱུན་སྙན་ངག་མཁས་པ་རྣམས་ཀྱི་འབྲི་ལུགས་ལྟར་གྱིས་རྗེས་དྲན་ཚུལ་དུ་གུས་པ་དར་ལྕེ་ཟད་པོས་བྲིས་པའོ།།
༈ དཔའ་བོ་རང་བཙན་བློ་དགའ་ལགས་རྗེས་དྲན་ཞུ།
འཇམ་གཅེས།
མེ་ལྕེའི་དབུས་ན་འབར་བའི་དཔའ་སྙིང་དེ། །
རང་བཙན་བློ་དགའི་སྙིང་སྟོབས་བླ་ན་མཐོ། །
ཁྲག་དང་རྔུལ་ཆུས་བསྐྲུན་པའི་ལོ་རྒྱུས་འདི། །
མི་རབས་ཕྱི་མའི་སེམས་ཀྱི་རྡོ་རིང་ཡིན། །
བོད་མིའི་བདེ་སྡུག་སེམས་ཀྱི་གཏིང་དུ་བཞག །
རང་དབང་དོན་དུ་ལུས་སྲོག་ཕངས་མེད་བཏང་། །
མཉམ་འབྲེལ་རྒྱལ་ཚོགས་མདུན་གྱི་དཔང་རྟགས་དེས། །
འཛམ་གླིང་ཡོངས་ལ་བདེན་པའི་འབོད་སྒྲ་བསྒྲགས། །
ཆོལ་གསུམ་བོད་མི་རྡོག་རྩ་གཅིག་ཏུ་སྒྲིལ། །
ཆོས་དང་རིག་གཞུང་སྐད་ཡིག་སྲུང་སྐྱོབ་གནང་། །
མཐའ་མའི་ཞལ་ཆེམས་རྣ་བའི་དབང་པོར་སྙན། །
བློ་དགའི་སྙིང་སྟོབས་ནམ་ཡང་ནུབ་པ་མེད། །
སྐུ་ལུས་མེ་ལ་བསྲེགས་པའི་རྔམ་བརྗིད་དེས། །
བོད་མིའི་སེམས་སུ་མེ་ལྕེ་གསར་པ་སྦར། །
རང་བཙན་འཐབ་རྩོད་རྒྱུན་མཐུད་བྱེད་པ་ལ། །
དཔའ་བོ་ཁྱེད་ཀྱི་མཛད་རྗེས་བསུབ་ཏུ་མེད། །
སྐྱེ་བ་ཕྱི་མར་བོད་དུ་འཁྲུངས་པར་ཤོག །
རང་དབང་ཉི་མ་མྱུར་དུ་འཆར་བར་ཤོག །
བོད་མི་ཡོངས་ཀྱི་སེམས་ཀྱི་སྨོན་ལམ་འདི། །
དཔའ་བོ་ཁྱེད་ཀྱི་རྣམ་ཤེས་མདུན་དུ་འབུལ། །
ཕྱི་ལོ་༢༠༢༦ ཟླ་ ༧ ཚེས་ ༨ ཉིན་བྲིས།
དཔའ་བོའི་རྟོགས་བརྗོད།
ལྷ་ཆབ་སྦྱིན་པ།
ཡ་གའི་སྟོད་ན་གངས་ཤིག་མཐོང་བ་མེས་པོ་དམ་པའི་བླ་རི་སྟེ།།
དམའ་མོའི་གཤོངས་ན་མཚོ་ཞིག་འཁྱིལ་བ་མ་དང་སྲི་མོའི་མིག་ཆུ་ཉིད།།
བདག་གི་ཕ་ཡུལ་གཞན་ལ་ཤོར་ནས་མི་ལོ་དྲུག་ཅུ་ཧྲིལ་གྱིས་འདས།།
མུན་པའི་བམ་ཁ་དྲག་ཏུ་བྱེར་བའི་སྙིགས་མའི་དུས་ཀྱི་མཐའ་མ་འདིར།།
སུ་དང་གང་གིས་སྙིང་རྩ་སྒུལ་བའི་བཀའ་དང་ལམ་སྟོན་མེད་ནའང་།།
ཚེ་སྲོག་གསོན་པོ་མེ་རུ་སྒྲོན་ནས་དྲག་པོའི་དཔུང་གི་རྡང་གཏོར་བ།།
ལྷ་དང་ལྷ་མོས་བསྐྱབས་པར་མ་མཛད་རང་ཉིད་འགྲེང་ཚུལ་ལོས་ཡིན་ཏེ།།
མཉམ་འབྲེལ་རྒྱལ་ཚོགས་མིང་ཙམ་ཡིན་པའི་ངེས་ཤེས་གཏིང་ནས་རྙེད་ཚུལ་ལོ།།
གཞན་ལ་རེ་ནས་མི་ལོ་དྲུག་ཅུ་སེ་གོལ་ཙམ་གྱིས་འདས་སོང་སྟེ།།
སྡུག་སྒོམ་བརྒྱབ་སྟེ་གཉའ་གནོན་འཁུར་ནས་མི་ཡི་རབས་གཅིག་རྫོགས་སོང་ལོ།།
ད་ནི་དཔའ་བོ་དཔའ་མོ་རེ་རེས་ལུས་དང་ལོངས་སྤྱོད་བློས་བཏང་ནས།།
སྔ་གཞུག་ཐམས་ཅད་ཐག་གིས་ཆོད་ཚུལ་སུས་ཀྱང་དཀའ་བའི་རྟོགས་བརྗོད་ཉིད།།
དམར་འབྱར་བྱིས་པའི་ནུ་མ་བཅད་ནས་ཨ་མས་མེར་མཆོད་གནང་བཞག་ལོ།།
བརྒྱད་ཅུའི་མ་ཡུམ་ཤུལ་དུ་བཞག་ནས་བུ་ཡིས་སེམས་ཐག་ཆོད་བཞག་ལོ།།
གཞན་ལ་རེ་ནས་ཉི་མ་གཏོང་བའི་བོད་དོན་གླེང་ཚུལ་མ་ཡིན་ཏེ།།
ཡོད་ཚད་རང་གི་འགན་དུ་བླངས་པའི་ངེས་དོན་དཔའ་བོའི་རྟོགས་བརྗོད་ཡིན།།
དཔའ་བོ་དམ་པའི་ཞིང་དུ་བསྔགས་པའི་རྔ་ཁོག་རིང་མོའི་མེ་ལྕེ་དེ།།
ད་ནི་བོད་ས་སྟོད་སྨད་ཀུན་ཏུ་ལྷབ་ལྷུབ་མཆེད་པའི་ངང་ཚུལ་ནི།།
སྨྲ་བསམ་བརྗོད་པའི་ཡུལ་ལས་འདས་པ་བཙན་པོའི་རྒྱུད་ཀྱི་སྙིང་སྟོབས་ཏེ།།
སྐྱིད་པའི་ཉི་མ་ཅུང་ཙམ་ཤར་བའི་སྐྱ་རེངས་དང་བོ་ཅི་ལ་མིན།།
ཕ་ཡི་མདུན་ནས་བུ་ཆུང་འབར་ཞིང་བུ་ཡི་འཁྲིས་ནས་ཨ་མ་འབར།།
ཕ་བུ་མང་བོ་མཉམ་དུ་འབར་བའི་དཔའ་བོའི་མེ་དཔུང་གསོན་པོ་འདིས།།
འཇིག་རྟེན་ཞི་བདེའི་དཔལ་ལ་སྤྱོད་པར་སྐུལ་བའི་གཡར་དམ་ཆེན་པོ་སྟེ།།
སྔར་མེད་གླིང་བཞིའི་དེབ་ཐེར་ཁྲོད་ལ་སྟོབས་ཀྱིས་བྲིས་པའི་ལོ་རྒྱུས་ཉིད།།
སྔོན་ཚེ་སྟག་མོ་མ་བུ་འགའ་ལ་ལུས་ཀྱི་སྦྱིན་པའི་སེམས་སྐྱེད་དེས།།
མངོན་པར་རྫོགས་པའི་སངས་རྒྱས་ཐོབ་པ་སྟོན་པའི་འཁྲུངས་རབས་ཡིན་སོ་སྐད།།
ས་ཡ་དྲུག་ལ་རང་ལུས་འབུལ་བ་ཆོས་མིན་འཚེ་བར་སྨྲ་བ་འགའ།།
ཉི་མའི་འོད་ཀྱིས་ལོང་བར་འགྱུར་བའི་སྲིན་བྱ་མིན་ན་དེ་ཅི་ཞིག།
དུས་དང་སྐལ་བ་འདི་འདྲ་ལ་ཡང་ཁ་ཅིག་ནང་དཀྲུག་ལས་ཀྱིས་བྲེལ།།
ཆོས་བརྒྱུད་ལུང་ཚན་བྱེ་བྲག་རེ་ཡི་ཞེན་ཁོག་ཕྲག་དོག་མེ་རུ་འབར།།
དཔའ་བོར་དགའ་བའི་བསྟོད་གླུ་མེད་པར་རྒྱལ་འཚོང་ལས་ཀྱིས་ཤི་བ་ནི།།
བདེ་གཤེགས་དཔའ་བོ་དཔའ་མོ་རྣམས་ཀྱི་མདུན་སར་གནོང་བ་མེད་འདི་མཚར།།
དེང་ན་སྤྲུལ་རྫུན་ཆུ་ཤིང་དར་མས་རྒྱལ་ཁམས་ཁེངས་པར་གྱུར་བ་ན།།
འགྲོ་བའི་སྡུག་བསྔལ་ཁ་ཚིག་ཙམ་གྱིས་གཞན་མགོ་ཧྲིལ་གྱིས་བསྐོར་བ་འདིས།།
བྱང་ཆུབ་སེམས་ཀྱི་རྩ་བ་ཕར་ཟད་རྩེ་མོའི་ཕྱོགས་ཙམ་མ་མཐོང་བའི།།
བདེན་པའི་མེ་ལྕེ་ལྷབ་ལྷུབ་བསྐྱོད་པ་དཔའ་བོ་དཔའ་མོའི་རྟོགས་བརྗོད་ཡིན།།
དགྲ་བོའི་དཔུང་ཆེན་འགུལ་བར་བྱེད་པའི་དཔའ་བོ་རེ་རེའི་འབོད་སྒྲ་དེ།།
དབང་དང་བཙན་གྱིས་འགོག་ཏུ་མ་བཏུབ་གླིང་བཞིའི་ཁྱོན་ལ་མཆེད་པ་འདིས།།
ཤ་ཡི་གསེང་ན་རུས་ཤིག་ཡོད་ཅིང་རུས་ཀྱི་གསེང་ན་རྐང་ཞིག་སྟེ།།
གདོང་དམར་དཔའ་བོའི་ཁྲག་རྒྱུན་དྲོན་མོ་རླབས་ཀྱིས་འཕྱོ་བའི་བརྡ་རུ་སོང་།།
ངུས་པའི་མིག་ཆུ་སྐམ་པ་མེད་པའི་གདོང་དམར་བོད་པའི་ངོ་གདོང་འདི།།
སྐྱོ་བའི་ཤུགས་རིང་འཛད་པ་མེད་པའི་ཐུ་བྷོད་བཙན་པོའི་རྒྱུད་པ་འདི།།
སྟོངས་པར་འགྱུར་བའི་གཡོ་སྒྱུའི་རྨི་ལམ་ཉིན་མོར་རྨི་བའི་སྲིད་གཞུང་ལ།།
བདེན་པའི་ངོ་བོ་མཐའ་ལ་དེད་པའི་དཔའ་བོའི་རྟོགས་བརྗོད་འདི་ཀོ་རྨད།།
ཐེ་ཚོམ་དྲ་བ་དུམ་སེར་ཆོད་པའི་གདོང་མཆོངས་དཔའ་བོ་དཔའ་མོའི་ཚོགས།།
ཉི་མ་རེ་རེར་གཅིག་འཕྲོར་གཅིག་གིས་འོད་ཀྱི་ཕོ་བྲང་བཞེངས་པ་འདི།།
བསམ་ཞིང་བསམ་ན་སྙིང་ཁམས་འགས་པའི་སྨྲ་བསམ་བརྗོད་ལས་འདས་པ་སྟེ།།
འཚེ་བ་མེད་པར་རྒྱལ་ཁམས་སྐྱོབས་པའི་ཐུ་བྷོད་བཙན་པོའི་རྟོགས་བརྗོད་ཡིན།།
སྔོན་ཚེ་གྲི་དང་མདུང་ལ་བརྟེན་ནས་དགྲ་བོ་བསྐྲད་པའི་གཏམ་རྒྱུད་ཡོད།།
ད་ལྟ་བདེན་པའི་མེ་ལྕེ་འདི་ཡིས་དགྲ་བོའི་སྙིང་ཁམས་བསྲེག་པར་བྱེད།།
འཚེ་བའི་སྒྱོགས་ཆེན་སྙིང་ཁར་གཏད་ཀྱང་བརྩེ་བའི་ཐལ་མོའི་ཁ་སིམ་ནས།།
གཞན་གྱི་ཆེད་དུ་རང་ཉིད་འདོར་བའི་དཔའ་བོ་དཔའ་མོ་ངོ་མཚར་ཆེ།།
བདེན་པའི་མེ་ལྕེ་དབེན་པའི་རི་ནས་གྲོང་དང་གྲོང་ཁྱེར་རེ་རེར་མཆེད།།
འཁྲབ་ལྡན་དམག་དང་དྲག་པོའི་མཚོན་གྱིས་འགོག་པར་མ་ནུས་བོད་ཁམས་ཁྱབ།།
དགྱ་བོད་བར་གྱི་ཤ་འཁོན་འདི་ནི་མི་ལོ་སྟོང་ལ་མི་འཛད་པའི།།
དམར་ནག་ཁྲག་གི་མཚོ་ཞིག་འཁྱིལ་ཡོད་རྣམ་ཤེས་སྟོང་གིས་བསྐོར་ནས་ཡོད།།
ཁྱེད་ཀྱི་ལྟེ་ཁྲག་ས་ལ་འཐོར་སྐབས་ལྷ་བསང་སྔོན་མོའི་བསུ་བ་ཡོད།།
ཁྱེད་ཀྱིས་གོམ་པ་དང་བོ་སྤོ་དུས་ཕ་རྒན་ཞིག་གི་རེ་བ་ཡོད།།
ས་ཡ་དྲུག་གི་ཆག་འཇིག་གླེང་བའི་བྱ་དཀའི་སྤྱོད་པ་དེ་འདྲ་ནི།།
ད་སྔ་འཛམ་གླིང་ལོ་རྒྱུས་ཁྲོད་ལ་བྱུང་བའི་གཏམ་གྱི་ཟུར་ཙམ་མེད།།
ཨ་མའི་ནུ་རིན་འཇིག་རྟེན་ཟས་རིན་དཔའ་བོ་ཁྱོད་ཚོས་སོད་སོང་ལོ།།
བོད་དུ་སྐྱེས་ཤིང་བོད་སྐད་བཤད་པའི་མགོ་ནག་བོད་དོན་ཆོད་སོང་ལོ།།
བསྐལ་བ་ཇི་སྲིད་མ་སྟོང་བར་དུ་དེ་སྲིད་གཟི་བརྗིད་ཉམས་པ་མེད།།
ས་ཡ་དྲུག་གི་སྙིང་གི་དབུས་ནས་གཏན་ཏུ་བརྗེད་པ་ག་ལ་ཡོད།།
༢༠༡༢ ༡༢ ༧ ལ་།
རླབས་ཆེ་བའི་མེ་རྒོད་པོ།
ཨ དོན་ཉི།
—བོད་རང་བཙན་གྱི་ཆེད་དུ་སྐུ་སྲོག་མེ་ལ་བསྒྲོན་པའི་བློ་དགའ་རང་བཙན་མཆོག་རྗེས་སུ་དྲན་པའི་བརྗེད་བྱང་དུ་བསྔོས་པ།
དེ་རིང་ཡང་ཁྱེད་ཀྱིས་ངོ་དེབ་སྟེང་སྤེལ་བའི་བརྙན་ཐུང་ལ་བལྟས་པ་ཡིན།
ཉིས་སྟོང་ཉེར་དྲུག་ལོའི་དབྱར་ཟླ་བདུན་པའི་ཚེས་གཉིས་ཀྱི་ཕྱི་དྲོ་དེར།
ཁྱེད་རང་ཆུ་ཚོད་སྐར་ཆ་ཁ་ཤས་ཀྱི་རྗེས་ནས་ཤི་དགོས་པ་རེད། རང་གིས་རང་ཉིད་གསོན་བསྲེགས་བྱེད་དགོས་པ་རེད། དེ་ལྟར་ལགས་ཀྱང་། ཉིད་ཀྱིས་ཆེས་མཐའ་མའི་ཞལ་ཆེམས་གནང་སྟངས་དེ་ནི་ཅི་འདྲའི་ཞི་ཞིང་དུལ་བ། ཤ་ཤུགས་དལ་བ། དོན་ལ་གནས་པ། ཡིད་སེམས་འཕྲོག་པ་ཞིག་རེད་ཨང་། ཤི་ཁའི་གཏམ་བཤད་དམར་ལྡང་མ་གནང་དུས་ཀྱི་རྣམ་པ་དེ་ནི་བློ་ཡུལ་ལ་ཤོང་དཀའ་བ་ཞིག་རེད། བཀའ་མོལ་གནང་བའི་བར་སྟོང་རེ་ནས་ཁྱེད་ཀྱིས་རང་གི་གདོང་ནས་ཟགས་པའི་རྔུལ་ཆུ་ལག་པས་བཞབས་ཀྱིན་འདུག དེ་ནི་རྔུལ་ཆུ་ཁོ་ན་ཡིན་མི་སྲིད། པཎ་ཆེན་རིན་པོ་ཆེའི་ཞལ་ངོ་དང་འདྲ་བའི་ཁྱེད་ཀྱི་གདོང་ནས་བཞུར་འོངས་པ་དེ་རྔུལ་ཆུ་ཁོ་ན་ཙམ་ཡིན་མི་སྲིད། ངས་བྱས་ན། དེ་ནི་ཤོག་བུ་སྣུམ་གྱིས་ཟིན་པ་ལྟར། ཁྱེད་ཀྱི་ལུས་ཧྲིལ་པོར་རྡོ་སྣུམ་བླུགས་ནས་རློན་པར་བཏང་བའི་སྣུམ་ཁུ་ཟགས་པ་ཡིན་ངེས། ནེའུ་ཡོག་གྲོང་ཁྱེར་གྱི་ཁྱམས་འོག་ཞིག་ནས་ཁྱེད་ཀྱིས་རླབས་ཆེ་བའི་ཞལ་ཆེམས་མཐའ་མ་དེ་གནང་ཞོར་ངོ་གདོང་གི་རྔུལ་ཆུའམ་རྡོ་སྣུམ་ལག་པས་བཞབས་པའི་སྣང་བརྙན་མཐོང་བའི་ཚེ། ཤ་ཆད་ཡོང་། སྙིང་ཉེ་འོངས། བློ་དགའ་རང་བཙན། ཁྱེད་ཀྱིས་རང་གི་གཅེས་སྲོག་མ་བཏང་སྔོན་ལ། རང་ཉིད་མེ་ལ་བསྒྲོན་པའི་ས་ཆ་དེ་གང་ཡིན་ན་ལེགས་སྙམ་ནས་བསམ་བློ་མང་པོ་བཏང་ཡོད་རྒྱུ་རེད། རྒྱུ་སྐར་ས་ལ་ལྷུང་འདྲའི་ནེའུ་ཡོག་གྲོང་ཁྱེར་གྱི་ལས་ཁུངས་རེ་རེ་དང་། ཁང་བརྩེགས་རེ་རེར་བལྟས་ནས་རང་ཉིད་གསོན་བསྲེགས་གནང་ས་ལ་བསམ་བློ་བཞི་གསུམ་བཅུ་གཉིས་བཏང་ཡོད་ངེས། མཐའ་མའི་གཏན་འཁེལ་ས་ཆ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ཐང་ཡིན་པ་ང་ཚོའི་མིག་མདུན་ལ་གསལ་ལྷང་ངེར་བཤམས་སོང་། སྐུ་ཉིད་ཀྱིས་རང་ཉིད་གསོན་བསྲེགས་བྱེད་ས་དེ་ནེའུ་ཡོག་མཉམ་འབྲེལ་རྒྱལ་ཚོགས་གྱི་མདུན་ཐང་འདེམས་དོན། བོད་དོན་ཞེས་པའི་སྙིང་ཉེ་འདི་ལ་འཛམ་གླིང་རྒྱལ་སྤྱིའི་མི་མང་གིས་དོ་སྣང་དང་རྒྱབ་སྐྱོར་རེ་རག་པའི་ཆེད་དུ་ཡིན་ཤག་ཤག་རེད། དེ་ལས་ཀྱང་སྐུ་ཉིད་མེ་ལ་བསྟིམས་དོན། བཙན་བྱོལ་ནང་གི་ཆོལ་ཁ་ལུང་ཚན། ཆོས་རྒྱུད་འཐེན་འཁྱེར། སྤེན་སེང་རྩོད་རེས། དབུ་རང་གཉིས་ཀྱི་ནང་འཛིང་སོགས་ཀྱི་གཏུབ་གྲི་རྣོན་པོ་དེས་དུམ་བུར་བཏང་དང་གཏོང་བཞིན་པའི་སྤྱི་ཚོགས་ནད་པ་འདི་གཉིད་ལས་སད་ཅིང་ནད་ལས་ཐར་ཆེད་ཡིན། དབུ་ནག་བོད་མི་ཡོངས་རྫོགས་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་བོད་རང་བཙན་གྱི་ལས་འགུལ་གསར་པའི་མཐོ་རླབས་དྲག་པོ་ཞིག་འཕྱུར་ཨེ་ཐུབ་སྙམ་ནས་ཁྱེད་ཀྱིས་རང་ཉིད་དམར་མཆོད་བཏང་བ་རེད། བློ་དགའ་རང་བཙན་ལགས། ཨ་རིའི་རང་དབང་ལོངས་སུ་སྤྱོད་ཕྱིར། འཛམ་གླིང་གི་ཡུལ་གྲུ་མང་པོའི་མི་མང་པོ་ཞིག་ཤི་བོ་ཆོས་ལ་འཁྲེང་འཁྲེང་བྱས་ནས་ཨ་རིར་ཡོང་རྒྱུར་འཚང་ཁ་རྒྱག་གི་ཡོད། གོ་སྐབས་འཚོལ་བཞིན་ཡོད། འོ་ན། ཁྱེད་རང་ཨ་རིའི་རང་དབང་ཆ་ཚང་ལོངས་སུ་སྤྱད་ནས་བཞུགས་མི་འདོད་པར་འདི་ལྟར་བཞུད་དགོས་པ་སུའི་ཆེད་དུ་ཡིན་ནམ། དེ་ནི་རང་གི་ན་བ་ཚ་གསུམ་ལས་བོད་ཀྱི་ན་བ་ཚ་གསུམ་གལ་ཆེན་དུ་མཐོང་ནས་སོ་སོའི་མི་ལུས་རིན་པོ་ཆེ་སྦྱིན་བསྲེགས་བཏང་བ་མ་ཡིན་ནམ། མདོར་ལ་དྲིལ་ན། ཕངས་སེམས་སྤུ་ཙམ་མེད་པར་ཚེ་བླ་སྲོག་གསུམ་གྱི་འགྲོ་སོང་བཏང་སོང་བའི་ཁྱེད་དང་ཁྱེད་ཅག་གི་གཟི་བརྗིད་དང་ཕུག་བསམ་ནི་ང་ཚོས་ཚིག་སྐམ་འགའ་བསྒྲིགས་ནས་མཚོན་ཐུབ་པ་ཞིག་ལར་ནས་མིན་སོང་། ལྟ་གྲུབ་ཉི་ཚེ་བ་ཞིག་བཤད་ཁུལ་གྱིས་ཡོང་རྒྱུ་ཞིག་ཀྱངརྩ་ནས་མིན་སོང་། བཀའ་དྲིན་ཆེ།
རླབས་ཆེ་བའི་མེ་རྒོད་པོ།
དེ་རིང་ཡང་ཁྱེད་དྲག་ཏུ་འབར་བའི་མེ་ཕུང་ལ་བལྟས།
ཉིས་སྟོང་ཉེར་དྲུག་ལོའི་དབྱར་ཟླ་བདུན་པའི་ཚེས་གཉིས་ཀྱི་ཕྱི་དྲོ་དེར།
ཁྱེད་རང་གསོན་བསྲེགས་བྱེད་པའི་ཡུལ་དངོས་ལ་མ་སླེབས་གོང་དུ།
གནམ་ས་བླ་འོག་བསྒྱུར་བའི་འགྲུལ་བཞུད་དེའི་འགོ་མ་བརྩམས་སྔོན་ལ།
ལྗིད་ཏིག་ཏིག་གི་གོམ་ཁ་ཤི་གསོན་བྱེ་མའི་ལ་ཁར་བསྒྱུར་བཞིན་པའི་ལམ་བར་ཞིག་ནས།
ཉིད་ཀྱིས་ཕ་མས་གནང་བའི་མགོ་བོ་མཐོན་པོ་དེ་གསེག་ཙམ་གནང་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁང་བརྩེགས་ལ་ཐེངས་གཅིག་གཟིགས་སོང་བའི་སྣང་བ་ཞིག་སྐྱེས་སོང་།
དེ་ལྟར་ཡིན་ནམ་ལགས།
ཆེས་མཐའ་མར་གནང་བའི་ཕྱིར་མིག་དེ་སུ་ལ་གནང་བ་ཡིན་ལགས།
ཁྱེད་རང་ཕེབས་ཤུལ་དུ། ངས་འདི་ལྟར་ཆོ་མེད་པའི་དྲི་བ་ཞིག་རླུང་ལ་བསྐུར།
ཁྱེད་ཀྱིས་རྒྱལ་དར་ཕྲག་ལ་ཁུར་ནས་རང་ཉིད་གསོན་བསྲེགས་གནང་སའི་ཡུལ་་དངོས་ལ་དལ་གྱིས་བསྐྱོད་པའི་ལམ་ཐག་དེ་ནི་ལེ་བར་ཁྲི་ཕྲག་གི་ཕ་རོལ་ཞིག་ཡིན་ན་ཅི་མ་རུང་སྙམ།
ཁྱེད་རང་གནས་དེ་ལ་གཏན་ནས་སླེབས་མེད་ན་ཅི་མ་རུང་སྙམ།
ངས་ཡང་ཡང་ལྟ་མ་ཕོད།
ཨ་རིའི་ལྷོ་བྱང་ཕྱོགས་ཀྱི་ས་སྲོད་ཅིག་ལ།
ཉི་མ་དམར་ཐག་ཆོད་པའི་ཕྱི་དྲོ་ཞིག་ལ།
བློ་བརྟན་འགྱུར་མེད་ཀྱི་ཁྱེད་རང་།
གསོན་པའི་ཆེད་དུ་འཆི་བ་བདམས་ནས།
བོད་ཀྱི་དོན་དུ་རང་ཉིད་བསྒྲོན་ནས།
བདག་གཞན་མཉམ་རྗེས་ཀྱི་མཛད་པ་བསྐྱངས་ནས།
རང་ལས་གཞན་གཅེས་ཀྱི་དགོངས་པ་བཞེས་ནས།
ཐེ་ཚོམས་མེད་པར་ཕེབས་སོང་།
དམར་མདོང་མདོང་། ཚ་ལམ་ལམ།
རང་དབང་གི་ཆེད་དུ་རང་དབང་སྤངས་ནས་ཕེབས་སོང་།
ང་ཚང་མའི་དོན་ལ། ཕྱིར་ཡོང་མེད་པའི་འཇིག་རྟེན་ཞིག་ཏུ་ཕེབས་གནང་སོང་།
ངས་དྲག་ཏུ་འབར་བའི་མེ་དཔུང་ལས་ཁྱེད་རང་མཐོང་ཐེངས་རེར།
མི་ཡི་མིག་ཀོང་མཆུ་མས་བརླན་པ་ཚོར་ལ།
ང་ཡི་མགྲིན་པ་གླུ་ཡིས་གདུང་བ་ཤེས་སོང་།
ལམ་གྱི་སྐར་མ་འདར་ཙམ་འདར་ཙམ་བྱས་ཤིང་།
གངས་རི་གཉན་པོ་གཡོ་ཙམ་གཡོ་ཙམ་གནང་འོངས།
ཉིས་སྟོང་ཉེར་དྲུག་ལོའི་དབྱར་ཟླ་བདུན་པའི་ཚེས་གཉིས་ཀྱི་ཕྱི་དྲོ་དེར།
སྐུ་ཉིད། མེ་ཡི་རླབས་སྒྲའི་ཁྲོད་དུ་ཕྱག་ཟུང་ཡངས་པོར་བརྐྱངས་ནས་བརྟན་པོར་བཞུགས་གནང་སོང་།
སྐུ་གཟུགས་ཀྲོང་ངེར་འགྲེངས་ནས་གདུང་ལ་བསྡད་གནང་སོང་།
དེ་ནས། དེ་ནས།
ཤ་དང་ཁྲག་གིས་མ་རྟེན་པར།
རྐང་དང་རུས་པས་མ་བཟོད་པར།
གངས་རི་ལྟ་བུའི་ཁྱེད་ག་ལེར་ཐང་ལ་བསྡད་སོང་།
པུས་མོ་ས་ལ་བཙུགས་བྱུང་།
བརྐྱངས་ཕྱག་འཚལ་བ་ལྟ་བུའི་བཟོ་ལྟ་ཞིག་དོད་ནས་འགྱེལ་སོང་།
གསོལ་བ་བཏབ་པ་འདྲ་བའི་ཕྱག་རྒྱ་ཞིག་བསྣོལ་བཞིན་ལོག་སོང་།
གནམ་ལ་འཕྱར་བའི་རྒྱལ་དར་གྱི་འཁྲིས་ནས་འགུལ་མེད་དུ་གྱུར་སོང་།
ནེའུ་ཡོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ཐང་ནས་ཐལ་རོར་གྱུར་སོང་།
སྐུ་ཉིད་གཟི་བརྗིད་ཀྱིས་འགྲེངས་ཤིང་གཟི་བརྗིད་ཀྱིས་འགྱེལ་སོང་།
ཕྱི་དྲོ་དེར།
རང་བཙན་གྱི་ཟུངས་ཁྲག་ལྡེམ་མེར་འཕྱོ་བའི་བྲང་གཞུང་དེ་འགྱེལ་སོང་།
བདེན་དོན་གྱི་འབོད་སྒྲ་གསང་མཐོར་སྒྲོག་པའི་མྱི་སྐད་ཅིག་མེད་སོང་།
ལས་འགུལ་གྱི་རྦ་རླབས་དགུང་དུ་འཕྱུར་བའི་ཆུ་བོ་ཞིག་ཐག་སོང་།
ཉིས་སྟོང་ཉེར་དྲུག་ལོའི་དབྱར་ཟླ་བདུན་པའི་ཚེས་གཉིས་ཀྱི་ཕྱི་དྲོ་དེར།
ཁྱེད་རང་གཏན་དུ་བཞུད་སོང་།
བོད་དོན་གསོན་པོར་ལྷག་སོང་།
དཔའ་རྒོད་ཁྱེད་ཀྱིས་འཆི་བ་ནི་ཅི་ཡང་མིན་པ་ལྟར།
རང་ཉིད་གསོན་བསྲེགས་བྱས་ནས་ངེད་ཅག་ལ་རྟོགས་སད་ཀྱི་བླ་འབོད་ཐེངས་གཅིག་གནང་སོང་།
ས་ཕུང་ཙམ་ལས་བེད་སྤྱོད་མེད་པར་རྩི་བཞིན་པའི་བོད་རང་བཙན་གྱི་གཏེར་ཁ་ཞིག་བསྔོགས་ནས་བུད་སོང་།
ལོ་བརྒྱ་ཐུབ་པའི་མྱི་དཀོན་རུང་། བསྐལ་པ་ཐུབ་པའི་ཚིག་ཡོད་ཟེར་བ་ལྟར།
ནེའུ་ཡོག་གྲོང་ཁྱེར་ནས་བཞག་པའི་ཁྱེད་ཀྱི་ཞལ་ཆེམས།
མཉམ་འབྲེལ་རྒྱལ་ཚོགས་མདུན་བཏང་བའི་ཁྱེད་ཀྱི་གསོན་བསྲེགས།
གནམ་སའི་མཚམས་ལ་བསྒྲེངས་པའི་བོད་ཀྱི་རྒྱལ་དར།
ཁྱེད་ཀྱི་བློས་གཏོང་དང་བྱས་པ་འདི་དག་བསྐལ་པ་མ་སྟོང་བར་དུ།
བོད་པ་མ་ཚར་བར་དུ་གནས་ངེས།
མི་རབས་ནས་མི་རབས་ལ་གནས་ངེས།
ལོ་རྒྱུས་ཀྱི་མེ་ལོང་ནང་གསལ་ངེས།
ཁྱེད་རང་ཤི་ཁ།
ང་ལ་མིག་ཆུ་དང་མྱ་ངན་མི་དགོས།
སྐྱོ་གདུང་དང་ངུ་ངག་མི་དགོས།
ང་ལ་དགོས་པ་ནི་ཁྱེད་ཚོའི་ཆིག་སྒྲིལ་ཡིན།
བོད་ཀྱི་རང་བཙན་ཡིན།
ཐུགས་རྗེ་གཟིགས།
ངས་ལག་གཉིས་ཐལ་མོ་སྦྱར་ནས་དེའི་ཆེད་དུ་ལས་འགུལ་སྤེལ་རོགས་གནང་ཞུས་པ་ཡིན་ཟེར།
ཁྱེེད་ཀྱིས་འཐེན་པའི་ཞུ་བ་རིང་པོ་དེ་ཐོས་རྗེས།
མི་ཚོགས་ཀྱི་སྐད་གདངས་ཇེ་སྙན་ལ་ཕྱིན་བུད་སོང་བའི་སྣང་བ་སྟེར་བྱུང་།
ལས་འགུལ་གྱི་བྲག་ཅ་ས་འོག་ནས་བརྡོལ་སོང་བའི་རླབས་རྒྱུན་ཞིག་ཀྱང་མཐོང་།
བློ་དགའ་ང་བཙན་ལགས།
ཁྱེད་རང་འབར་སོང་བའི་ཕྱི་དྲོ་དེར།
སྐར་ཆ་འགའི་རིང་ལ་ང་ཁྱེད་དང་ལྷན་དུ་ཤི
ཁྱེད་ཀྱི་རྒྱབ་གཟུགས་ལ་ལྟ་བཞིན་སོང་།
ཁྱེད་ཀྱི་སྙིང་སྟོབས་ལ་འཐམས་ནས་བསྡད།
ཚ་བའི་འོབས་སུ་ལྷུང་ཡང་དཔའ་མི་ཞུམ་པའི་ཁྱེད་རང་།
བློ་ཐག་རྦད་ཆོད་ཀྱིས་ཕེབས་ཀྱིན་འདུག
སྔོན་ཆད་འགྲོ་མ་མྱོང་བའི།
ཚང་མ་འགྲོ་མི་འདོད་པའི་རྒྱུས་མེད་ཀྱི་ཡུལ་ལྗོངས་ཤིག་ལ་ཕེབས་ཀྱིན་འདུག
ང་མུ་མཐུད་དུ་འགྲོ་མ་ཕོད་པར་ཕྱིར་བྲོས་འོངས།
སྐྱབས་ཇུག་དང་བསྔོ་སྨོན་ཙམ་ཞུས་ནས་ཁྱེད་རང་གཅིག་པུར་བཏང་བ་ཡིན།
ངས་དེ་ལྟར་རླུང་གི་བྲག་ཅ་བརྒྱུད་ནས་ཁྱེད་ལ་ལམ་པ་བྱས།
ཁྱེད་ཀྱི་ཕེབས་སྟངས་ལ་བལྟས་ཀྱིན་བལྟས་ཀྱིན།
ངས་སྙན་ངག་མཁན་ར་སྦོལ་ཐི། ཕི་ར་ཟིས་བརྩམས་པའི་སྙན་ངག་ཚན་པ་ཞིག་དྲན་བྱུང་སྟེ།
“ང་དེ་གར་འགྲེངས་ཏེ་མིག་གིས་བརྩེབས་མཚམས་བར་དུ་ཐག་རིང་ལ་བལྟས།
ནགས་ཚལ་སྟུག་པོའི་ཁྲོད་དུ་ལམ་གཉིས་ཁ་ཁ་སོ་སོར་བརྐྱངས་འདུག
མི་ཚང་མ་འཚང་ཁ་ཤིག་ཤིག་ལམ་གཅིག་གི་ནང་དུ་འགྲོ་བཞིན་འདུག
ངས་བསམ་བློ་ཞིབ་མོར་བཏང་མཐར།
འགྲོ་མཁན་མེད་པའི་ལམ་དེ་བདམས་པ་ཡིན།
ཟིལ་བ་ཆགས་པའི་ལམ་དེ་བདམས་པས།
ང་ནི་དན་དན་གཞན་དང་མི་འདྲ་བ་ཞིག་བྱུང་སོང་།”
བློ་དགའ་རང་བཙན།
རྒྱལ་དར་ཕྲག་ལ་ཁུར་བའི་གངས་སེང་ཁེར་རྐྱང་།
རང་ལུས་མེ་ལ་སྦྱིན་པའི་དཔའ་བོ་ཁེར་རྒྱུགས།
ཁྱེད་ཀྱིས་ང་ཚོ་དང་གཏན་ནས་མི་འདྲ་བའི་ལས་འགུལ་ཞིག་སྤེལ་བར་བཀའ་དྲིན་ཇི་ལྟར་ཞུ་དགོས་པ་ཤེས་མ་སོང་མོད།
ལག་པ་བྲང་ལ་བཞག་ནས་བསམ་བློ་ཞིག་བཏང་དུས།
སྐུ་ཉིད་བོད་ལ་དུང་བའི་དབང་གིས་བོད་ཀྱིས་ཁྱེད་རང་ཐག་རིང་ཐག་རིང་ཞིག་ལ་ཁྲིད་སོང་བ་དེ་རེད་འདུག
ཉིས་སྟོང་ཉེར་དྲུག་ལོའི་དབྱར་ཟླ་བདུན་པའི་ཚེས་གཉིས་ཀྱི་ཕྱི་དྲོ་དེར།
སྐུ་ཉིད་བོད་རྒྱལ་ཁབ་ཀྱི་ཆེད་དུ།
དཔའ་བོའི་ཡང་རྩེ་རུ་བྱོན་སོང་།
ཞི་བའི་རང་བཙན་ལ་དབང་སོང་།
སྦྱིན་པའི་ཕ་མཐའ་རུ་སོན་སོང་།
རླབས་ཆེ་བའི་མེ་རྒོད་པོ།
བྱང་ཆུབ་ཀྱི་སེམས་དཔའ་ཆེན་པོ་ཁྱེད།
དེ་ལྟ་དེ་ལྟར།
བོད་རང་བཙན་གྱི་ཆེད་དུ་འཚང་རྒྱ་སོང་།
དཀའ་བ་བརྒྱ་ཕྲག་སྤྱད་ནས་འཚང་རྒྱ་སོང་།
བློ་དགའ་རང་བཙན་ལགས།
དེ་རིང་ནེའུ་ཡོག་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ཁྱེད་ཀྱི་སྤུར་སྒམ་གདན་འདྲེན་ཞུ་བཞིན་འདུག
བོད་རང་བཙན་གྱི་འབོད་སྒྲ་སྒྲོག་བཞིན།
བོད་གངས་ཅན་པའི་རྒྱལ་དར་བསྒྲེངས་བཞིན།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྲང་ལམ་བརྒྱུད་ནས་རྒྱ་ནག་དམར་པོའི་གཞུང་ཚབ་ཁང་བར་དུ་ཞི་བའི་གོམ་བགྲོད་གནང་གི་འདུག
ཨ་རིའི་ནེའུ་ཡོག་གྲོང་ཁྱེར་ནས་བཙན་པོའི་བང་སོ་ཉུལ་བའི་བློ་དགའ་རང་བཙན།
བླ་མའི་བྱིན་རླབས་ཀྱི་མཐུ་སྟོབས་དང་། བོད་ཀྱི་བདེན་དོན་གྱི་རང་སྒྲ་ཡིས།
ཁྱེད་དང་ཁྱེད་ཀྱི་སྐྱེ་བ་གཞུག་མ་ལེན་ས་དེ་བོད་རང་བཙན་གྱི་རྒྱལ་ཁམས་ཡིན་པར་སྨོན།
༢༠༢༦/༧།༡༦ ཨ དོན་ཉིས་གུས་པ་ཆེན་པོས་སྦྱར།
སྐྱེལ་དར།
ཚེ་རིང་སྐྱིད།
བློ་དགའ་རང་བཙན་ལ་སྐྱེལ་དར་ཞིག་གི་ཚུལ་གྱིས་ཕུལ།
འུར་ཟིང་རེ་ཞིག་འཇགས་པའི་མཚན་མོ་འདིར།
གྲོང་ཁྱེར་གྱི་ཟང་ཟིང་ལ་རྒྱང་དུ་གྱེས་པའི་ནགས་ཀློང་འདིར།
དཀར་ཚོགས་དང་ཟླ་འོད་མེད་པའི་དེ་དགོང་།
སྔར་ལས་ཁ་ཁུ་སིམ་པོ་རེད།
ངས་ཁྱེད་ཀྱི་ཁ་ཆེམས་ལ་བསྐྱར་ཉན་བྱས་ཤིང་།
ཁྱེད་རང་འབར་བའི་བརྙན་རིས་དེར་བསྐྱར་ལྟ་བྱས།
འདི་ནི་ཁྱེད་རང་དྲན་གསོ་ཞུ་སྟངས་ཤིག་ཡིན་ལ།
འདི་ནི་རང་ཉིད་ལ་གསལ་འདེབས་བྱེད་སྟངས་ཤིག་ཀྱང་ཡིན།
མི་ལོ་བཅུ་ཕྲག་གཅིག་རིང་ལ།
རྔ་བ་ནས་དཀར་མཛེས། ཉག་རོང་ནས་རྨ་ཆུ།
མགོ་ལོག་ནས་བྲག་མགོ། འཛམ་ཐང་ནས་རེབ་གོང་།
གཅན་ཚ་ནས་ལྷ་ས།
་་་་་་་་་
བུ་དང་བུ་མོ།
ཕ་དང་ཨ་ཁུ།
མ་དང་སྲུ་མོ།
གྲ་བ་དང་བཙུན་མ།
་་་་་་་་་་་་
ཚེ་སྲོག་རེ་རེ་རྩི་བ་ནི་ཆེས་ཐབས་སྡུག་ཅིག་ཡིན་རུང་།
ལོ་ངོ་བཅུ་ལྷག་གི་ལོ་ཟླའི་ནང་ལ།
ངས་གྲོང་ཁྱེར་ཆུང་ཆུང་གི་སྲང་ལམ་དང་།
སྡེ་བ་ཆུང་ཆུང་གི་གཞི་མདོ།
ཡང་ན་ལྷ་སའི་བར་སྐོར་གླིང་དང་།
རྒྱ་ཕིབས་གཡོ་བའི་གླིང་དཀྱིལ་ཁག་ཏུ།
འབར་ནས་རུས་ཐལ་གྱུར་བའི་བེམ་པོ་གྲངས་མེད་པར་ལྟས་ཤིང་།
རང་གི་ནང་སྙིང་སྲེག་སོང་བའི་སྣང་བ་ཡང་ཡང་བྱུང་མྱོང་།
སྐྱ་མདོག་གི་ལོ་ཟླ་ནག་པོ་དེའི་བར།
ཉིན་ཞིག་རང་གི་བརྩེ་བའི་མི།
ཁྱིམ་གྱི་ཚ་བོ་ཡང་མེ་ལ་སྲེག་དུས།
ངའི་ཤ་ཁྲག་རུས་གསུམ་ཡང་འབར་སོང་བ་དང་འདྲ།
དེ་ནི་ཐ་སྙད་ཁྲི་སྟོང་གིས་ཐེག་དཀའ་བའི་ན་ཟུག་ཅིག
ཡང་ན་སེམས་ལ་མུན་པ་ཐིབས་སྟངས་ཤིག
མི་རྣམས་ཀྱིས་གྲངས་ཀ་རེ་རྩིས་ནས་མ་ཎི་རེ་བགྲངས།
ཁ་གཡང་རེ་སྒྲོག་རྗེས་བརྗེད་འགྲོ
ཤུལ་དུ་མིག་ཆུ་དང་སྐྱོ་བ་ཁྱེར་མཁན་ནང་མི་ཙམ་ཡིན།
ད་དུང་ཁ་ཤས་ལ།
མིང་ཡང་མེད། པར་ཡང་མེད། འོན་ཀྱང་དེ་ཚོར་ཡང་ནང་མི་ཡོད།
ན་ཟུག་དང་འདྲ་མཉམ་མིན་པའི་འཐབ་རྩོད་ཀྱི་འགན་འཁྲི་འདི།
མཚམས་རེར་འཁང་ར་ཤོར་མྱོང་ལ།
རང་སྲེག་ངོ་རྒོལ་ནི་རང་དང་འབྲེལ་བ་མེད་པའི་རྣམ་པ་སྟོན་པའི་མི་དག་མཐོང་དུས།
ལན་རེར་ཡིད་ཐང་ཆད་པའི་སྡང་སེམས་ཀྱང་སྐྱེས་མྱོང་།
འོན་ཀྱང་། ཚེ་སྲོག་བཏང་ནས་བཞུད་མཁན་ཚོའི་དཔའ་སྙིང་བསམ་ན།
འགྱོད་པ་སྐྱེས་མི་འོས་ཀྱང་།
ངས་སྤྱི་ཚོགས་འདིའི་རྣམ་པ་དང་མི་རྣམས་ཀྱི་ཚུགས་ཀར་ལྟ་ཞོར།
རང་གི་ཚ་བོ་ལྟ་བུའི་ཚེ་སྲོག་དེ་ཚོར་འཕངས་སེམས་ཡང་ཡང་ཤོར་མྱོང་།
ཁྱིམ་མི་ཚོའི་ནང་སེམས་ཀྱི་བརྗོད་པས་མི་འདང་བའི་ན་ཟུག་དག་མཐོང་ན།
ལོ་ཟླའི་ཉིན་ཞག་གི་བར་ན་སྨྲེང་བ་ཁུར་བའི་ཁྱིམ་མི་ཚོ་བསམ་ན།
ཕྱི་ནང་གཉིས་ཀར་ལྟ་བཞིན།
གདུང་བ་རིང་མོའི་དྲི་བ་ཞིག་ཁྱེར་དགོས་བྱུང་།
འཚོ་འཚིས་དང་མཚན་སྙན་ཙམ་གྱི་བར་ན་བཟི་བའི་མི་རྣམས།
རྒྱས་སྤྲས་དང་བག་མེད་ཀྱི་བར་ལ་འཚང་བའི་མི་ཚོགས།
བཟའ་བཏུང་འདང་ངེས་ཙམ་གྱིས་འདོད་པ་ཁེངས་ནས་ངོམས་སོར་གོམས་པའི་མི་ཚོགས།
ཆབ་སྲིད་དང་ལོ་རྒྱུས་ལ་དགའ་བོ་མེད་ཅེས་ཤོད་མཁན་གྱི་སྐབས་བཚོལ་བ་ཚོ།
ཆབ་སྲིད་དང་རྩོམ་རིག་ཁ་ཁ་རེད་ཅེས་ཤོད་མཁན་གྱི་ཤེས་ཡོན་པ་ཁྲམ་པ་ཚོ།
བཙན་བྱོལ་བའི་ཞྭ་མོ་གྱོན་ནས་རྒྱ་ནག་གི་སྒོ་ཁར་ལྕེ་ལྡོག་བྱེད་མཁན་གྱི་བླ་བཙོང་མཁན་ཚོ།
ད་དུང་རང་གི་མེས་པོའི་རལ་བ་འབྲེག་མཁན་བརྗེད་སོང་བའི་མི་ཚོགས།
ཁ་དོག་འགྱུར་ཞིང་རྩ་དོན་འཆོལ་བའི་མི་ཚོགས་འདིའི་བར།
ཁ་ཕོད་སྒྲོག་ནས་གནམ་ལ་ལྟ་མཁན་ཚོ་དང་།
སྦྲེལ་ལད་འཁྲབ་བཞིན་གོག་ནས་འགྲོ་མཁན་ཚོའི་བར་འདིར།
བློ་དཀར་བའི་བློ་དགའ་རང་བཙན་ཁྱེད་ཀྱིས།
ཚིག་བརྗིད་པོ་ཞིག་གིས་སྡོམ་བརྒྱབ་ཅིང་།
དོན་ཆེན་པོ་ཞིག་གིས་བརྡ་གཏོང་སྟངས་འདིས།
ངོ་མཚར་གྱི་རྟོགས་བརྗོད་མ་བྲིས་རང་བྱུང་རེད།
ཚེ་སྲོག་བརྒྱ་དང་དྲུག་བཅུ་ལྷག་གིས་གཉིད་ལས་དཀྲོགས་མ་ཐུབ་པའི་བཙན་བྱོལ་བ།
ད་ཚོད་ལ་གཞི་ནས་གཉིད་སད་ཁུལ་བྱེད་བཞིན་འདུག
འོན་ཀྱང་། ང་ད་དུང་ཡང་ཞེད་ཀྱིན་འདུག
ད་དུང་ང་དང་ངའི་ནང་མིས་མཐོང་བའི་སྤྱི་ཚོགས་ཀྱི་སྣང་བརྙན་དེ།
བློ་དགའ་ཁྱེད་ཀྱི་ནང་མིས་ཀྱང་ཡུན་གྱིས་ཚོར་སྲིད་པར་དངངས་འཚབ་འདུག
དེ་ནི་འུར་ཟིང་འཇགས་རྗེས།
མི་ཚོགས་གྲོལ་རྗེས།
ཤི་བོའི་ཁ་ཆེམས་དང་བློས་གཏོང་ཡལ་འགྲོ་ལ།
གསོན་པོའི་དཀའ་ངལ་དང་གནས་བབ་ཀྱང་བརྗེད་འགྲོ
དེ་དགོང་། ངས་ཁང་ཁྱིམ་གྱི་གློག་འོད་ཡོད་ཚད་བསད་ཅིང་།
ལ་སྒྲོན་དང་ལྷིང་འཇགས་བར་ནས་ཁྱེད་ལ་དྲན་གསོ་ཞུ་བཞིན་ཡོད།
ཤེལ་ཁང་གནམ་ལ་ཟུག་སར།
རླངས་འཁོར་གྲོག་མ་ལྟར་འགུལ་སར།
ཚ་བ་མེ་འོབས་ལྟར་འཕྱུར་བའི་ཕྱི་དྲོ་ཞིག་ལ།
ཁྱེད་ཀྱང་ཉིན་དེའི་ཚ་བ་ལྟར་འབར་སོང་།
ཏག་ཏག་སྐར་ཆ་བཞི་བཅུ་ལྷག་ལ།
ཁྱེད་ནི་མེ་རི་ཆེན་པོ་ཞིག་དང་འདྲ།
རྔམ་བརྗིད་ལྡན་པའི་སྣང་བརྙན་དང་།
སྲན་ཚུགས་ཆེ་བའི་སྙིང་སྟོབས་དེའི་བར།
ས་རུ་འགྱེལ་ཡང་ཕྱག་རྒྱ་རེད།
དཔའ་སྙིང་དང་བློ་རྩ་བརྟན་པོ་འདི།
ཚོད་དཔག་དང་འཆར་ཡན་ལས་བརྒལ་བ་ཞིག་ཨཱང་།
ཁྱེད་ཀྱིས་”ངའི་ཚོགས་པ་” ཞེས་མ་བསྟན།
“ངའི་ཆོལ་ཁ་” ཞེས་མ་བོས།
“ངའི་དར་ཆ”་ཞེས་མ་འཕྱར།
ཁྱེད་ཀྱིས་སུ་ཞིག་བསྟད་ཅིང་གང་ལ་མ་སྨད།
ཁྱེད་ཀྱིས་”བླ་མ་ཆེན་པོའི་” རླབས་ཆེན་གླེང་སོང་།
”བཙན་པོའི་སྙིང་སྟོབས་” ལ་དྲན་གསོ་གནང་སོང་།
ཁྱེད་ཀྱིས་”བོད་” ལས་མ་ཆོག་པ་མེད་ཅིང་།
“མགོ་ནག་བོད་པ་” ཞེས་པའི་ཐ་སྙད་འདིའི་མ་ཁེབས་མེད་པ་བསྟན།
ང་ཚོས་ཅི་ཙམ་མྱོང་བཞིན་པ་འདི།
རང་བཙན་གྱི་མངའ་ཐང་ཤོར་བ་འགྲེལ།
དུས་རབས་འདིའི་ང་ཚོའི་ལས་དབང་སྐྱ་བོ་འདི།
ཁ་ཆག་སྣ་རལ་གྱི་ང་ཚོའི་གནས་བབ་སྐྱོ་བོ་འདི།
ད་དུང་དགྲ་གཉེན་གྱི་དབྱེ་བ་ལ།
ཚེ་སྲོག་བཏང་ནས་སློབ་ཁྲིད་ཅིག་གནང་སོང་།
གང་ལྟར། ཁྱེད་བཞུད་པ་དང་བཞུད་སྟངས་ངོ་མཚར་ཅན་འདིས།
ཉིན་འདི་ཚོར་་ཡོད་ཚད་ལ་སྤྲོ་སྣང་བོར་བ་ལྟར།
བསམ་གཞིགས་དང་ཤུགས་རིང་བར་འདས།
ཁྱེད་ཀྱི་བློས་གཏོང་དང་དེའི་ཤུགས་ཀྱི་བརྡ་ལན་རྣམས།
འཛམ་གླིང་གི་གྲུ་ཟུར་གང་སའི་བོད་མི་ཚོའི་རྣ་ལ་འབྱོར་ཡོད།
སེམས་སུ་ཟུག་ཡོད།
ཁྲེལ་དང་ངོ་ཚ་ཡོད་མཁན་ཚོ།
ངུ་བཞིན་འདུག
དཔའ་ངར་དང་རྣམ་དཔྱོད་ཅན་ཚོ།
ཁ་དགྲ་ལ་ཕྱོགས་བཞིན་འདུག
མ་མཐར་ཡང་།
ངས་རང་སེམས་ལ་ཁྱེད་ཀྱི་རྡོ་རིང་ཞིག་བཞེངས་ཡོད།
གངས་སེང་གི་“རྒྱལ་དར” ཕྲག་ལ་ཁུར་བའི་རྒྱབ་གཟུགས་ཁེར་རྐྱང་དེ།
ངས་དྲན་པར་འོས་པའི་རང་སེམས་ཀྱི་རྡོ་རིང་ལ་བཞེངས་ཡོད།
སྤྱི་ལོ་༢༠༢༦ ལོའི་སྤྱི་ཟླ་༧ ཚེས་༡༢ཉིན་ལ།
གསོན་བསྲེག་གི་འོད་ལས་མཆེད་པའི་དཔའ་བོའི་ང་རོ།
ལྕགས་མོ་འཚོ།
—རང་བཙན་བློ་དགའ་ལགས་རང་ལུས་མེར་བསྲེག་བཏང་ནས་བདུན་ཚིགས་བཞི་བ་ཟིན་པར་ཕུལ།
ཉིན་དེར། ཚ་བའི་གདུང་བས་ནམ་མཁའི་དབྱིངས་ཀྱང་འདར་བར་བྱེད་པའི་དུས་དེར། འཛམ་གླིང་རྒྱལ་ཚོགས་ཀྱི་མདུན་ཐང་དུ་མི་རྣམས་ནམ་རྒྱུན་བཞིན་རང་རང་གི་འཚོ་ཚིས་ཆེད་བྲེལ་ཟིང་ལ་འདུར།དུས་དེར་ཁྱེད་ཀྱིས་བོད་ལྭ་གྲལ་དག་ཅིག་མནབས་ནས། རྒྱལ་ཁབ་དང་མི་རིགས་ཀྱི་བླ་སྲོག་ཏུ་གྱུར་པའི་བོད་ཀྱི་རྒྱལ་དར་ཆེན་པོ་ཞིག་ལག་ཏུ་འཕྱར་ཏེ། ག་ལེར་མདུན་ལ་ལམ་གྱི་དཀྱིལ་དུ་ཕྱིན་སོང་།
ཁྱེད་ཀྱི་གོམ་པ་རེ་རེའི་ཁྲོད་ན། “བོད་ལ་རང་དབང་དགོས།” དང་ “རྒྱ་དམར་བོད་ནས་ཕར་སོང་།” ཞེས་པའི་ཡིད་ཆེས་དང་དམ་བཅའ་འཁོད་པའི་ཤོག་བྱང་དེ་ལག་ཏུ་བཟུང་ནས། སྲང་ལམ་བཞི་མདོ་དེར་གཟི་བརྗིད་ཀྱི་འོད་སྣང་ཞིག་དྲུད་ཡོང་།
སྐད་ཅིག་ཉིད་ལ། ཁྱེད་ཀྱི་ལུས་པོ་དེ་མེ་ཚོམས་ཕུང་པོ་ཞིག་ཏུ་གྱུར་ནས་གྱེན་ལ་དྲག་ཏུ་འབར། དགུང་ལ་གྱེན་དུ་འཕྱུར་བའི་མེ་དཔུང་གི་གསེབ་ན། ཁྱེད་རང་ཀྲོང་ངེར་འགྱིང་ནས་ཡར་བསྡད་ཅིང་། སྐར་མ་ཁ་ཤས་ཀྱི་རྗེས་སུ་ད་གཟོད་ག་ལེར་ས་ལ་དལ་བུར་འགྱེལ་སོང་། རྣམ་པ་དེ་ནི་ཇི་འདྲའི་ཡ་ང་བ་ལ། ཇི་འདྲའི་བློ་ཡིས་ཤོང་དཀའ་བ་ཞིག་རེད་ཨང་།
ཆུང་དུས་རྒྱ་དམར་གྱིས་ང་ཚོའི་སེམས་ལ་“དཔའ་བོའི་རིང་ལུགས་”ཀྱི་སྣང་བརྙན་བཞེངས་པའི་བསམ་བློ་གོ་སྐོན་གྱི་གློག་བརྙན་རེ་རེ་བཞིན། དེ་རིང་ཁྱེད་ཀྱིས་ང་ཚོའི་མིག་ལམ་དུ་རང་ཉིད་འདི་ལྟར་གསོན་བསྲེག་བཏང་ནས། བོད་རྒྱལ་ཁབ་རང་བཙན་གྱི་དན་རྟགས་ཡིན་པ་མངོན་སུམ་དུ་བསྟན། དྲག་ཏུ་དགུང་ལ་འཕྱོ་བའི་མེ་ལྕེ་རེ་རེས་ང་ཚོའི་སེམས་ཀྱི་བོར་ཟིན་པའི་དྲན་པ་དང་འོས་འགན་གཅིག་པུར་དྲན་བསྐུལ་བྱེད་དུས། ངའི་སྨྲ་བརྗོད་འགག་ནས་ཅི་ཡང་བཤད་མི་ཤེས་ལ། ངའི་མིག་ཟུང་མཆི་མས་ཁེངས་ནས་ཡོད་ཚད་གསལ་པོར་ལྟ་ཡང་མི་ནུས།
ཉིན་དེར། ཁྱེད་ཀྱིས་བོད་མི་བརྒྱ་ཕྲག་ལྷག་གི་ཕུང་པོ་མེར་སྦྱིན་གྱི་ཞབས་རྗེས་དེད་ནས་ཕྱིན་སོང་། ཁྱེད་ཀྱིས་རང་ཉིད་དམར་པོ་མེ་ལ་བསྒྲོན་ས་དེ།ཨ་རིའི་རང་དབང་ལྷ་མོའི་ཉེ་འཁྲིས་རེད།འཛམ་གླིང་རྒྱལ་ཚོགས་ཀྱི་མདུན་ཐང་རེད།རང་དབང་གི་རིན་ཐང་ཨང་དང་པོར་རྩིས་མཐོང་བྱེད་པའི་ཨ་རིའི་རྒྱལ་ཁབ་རེད།
ཉིན་དེ་ནས་བཟུང་། བོད་དང་ཁྱེད་རང་ཡང་བསྐྱར་འཛམ་གླིང་གི་གསར་འགྱུར་བརྙན་མིག་ལས་མཆེད། ཁྱེད་དང་བོད་པ་ཚོ་ཡང་བསྐྱར་འཛམ་གླིང་གི་མིག་མདུན་དུ་འཕག་འཚག་ཤོར། ནུབ་ཕྱོགས་ཡུལ་གྲུ་སོ་སོ་ན་རང་དབང་གི་ཁ་དབུགས་རྔུབ་བཞིན་པའི་བོད་མི་རྒན་དར་གཞོན་གསུམ་གྱིས་ཡང་བསྐྱར་སྐྱོ་གདུང་གི་མིག་ཆུ་བཏང་ཞིང་། སེམས་ཁོངས་ཀྱི་ན་ཟུག་དེ་གོང་བུ་གཅིག་ཏུ་སྒྲིལ། ཚང་མས་ཡང་བསྐྱར་ཁྱེད་ཀྱི་ཚེ་སྲོག་གིས་བཏང་བའི་ཅོང་བརྡ་དེ་གོ་བྱུང་།
བུ་རྒོད་པོ། ཏྲེ་ཧོར་རྫ་ཁོག་གོད་ཁ་ཚང་ལ་དཔའ་བོའི་འཁྲུངས་རབས་མ་གཏོགས། སྡར་མ་ཝ་སྐྱེས་མེད་པའི་དན་རྟགས་ཡིན།ཁྱེད་བཞུད་ཤུལ་ན། དཔའ་བོའི་ངར་སྐད་ཡོད། ཞལ་ཆེམས་དྲོན་མོའི་གཏམ་ཀློང་ན། ང་ཚོས་དཔའ་བོ་དང་དཔའ་མོ་རྣམས་ཀྱི་རེ་བ་སྲུང་ཡོད་ལ། རྨི་ལམ་དང་ཕུགས་བསམ་དེ་ཡང་བསྙེག་ངེས།
དེ་རིང་ཁྱེད་བཞུད་ཤུལ་ན། མེ་ཏོག་གི་ཕྲེང་བ་རེ་རེས་ཁྱེད་ཀྱི་སྙིང་སྟོབས་ལ་གུས་འདུད་ཞུ་བཞིན་ཡོད། ཁ་བཏགས་ཀྱི་མདུད་པ་རེ་རེ་ན་ཁྱེད་ཀྱི་ཞལ་ཆེམས་སྲུང་ཡོད། ཨ་ཁུ་ཞིག་གིས་ཁྱེད་ཀྱི་ཉིན་ཞག་ཞེ་དགུའི་བསྔོ་སྨོན་བསྐྱོར་བཞིན་འདུག་ལ། ཆ་མེད་རྒྱུས་མེད་ཀྱི་མི་བུ་རེ་རེས་ཀྱང་ཁྱེད་ཀྱི་མཚན་ནས་ཡང་ཡང་འབོད་ཀྱིན་འདུག
རང་བཙན་བློ་དགའ། བློ་དགའ་རང་བཙན།
ད་དུང་ཨ་ཕོ་བློ་དགའ། ཨ་ཞང་བློ་དགའ། གྲོགས་པོ་བློ་དགའ།
ཁྱེད་བཞུད་ཤུལ་ན། ཁྱེད་ཀྱི་འཛུམ་མདངས་ཀྱི་བཞད་སྒྲ་ལྷག་ཡོད་ལ། ཁྱེད་ཀྱི་སྐྱིད་སྣང་གི་སྟངས་སྟབས་ཀྱང་ལུས་ཡོད། ཁྱེད་ཀྱི་ཞལ་ཆེམས་དྲོན་མོ་དེ་བོད་མི་རེ་རེའི་སེམས་ཀྱི་ཟུག་རྔུ་རུ་གྱུར་ཡོད།
བོད་ལ་སྐྱིད་པའི་ཉི་མ་ཤར་བའི་དུས་ཤིག་ངེས་པར་དུ་ཡོད་ངེས་ལ། ང་ཚོའི་མི་རིགས་འདི་ལས་སླ་པོར་རྩ་མེད་གཏོང་ཆོག་ཆོག་ཅིག་ག་ལ་ཡིན། ང་ཚོ་ལྔ་བཅུ་ང་གྲངས་ནས་ད་ལྟའི་བར་སྐྱེ་འཆིའི་ཁུགས་སོ་བརྒྱུད་ནས་ཡོང་བ་ལས། དུས་བདེ་བག་ཕེབས་ཤིག་ཡེ་ནས་ཡོད་མྱོང་མེད། མི་རབས་བརྗེ་ནས་ཡོང་བཞིན་ཡོད་ཀྱང་། ང་ཚོའི་ཁྲག་རྒྱུན་ལས་བཞུར་བའི་གདོང་དམར་བོད་པའི་ཟུངས་ཁྲག་ལ་འགྱུར་བ་གང་ཡང་མེད།
ཁྱེད་ཀྱིས་རང་ཉིད་གསོན་བསྲེག་བཏང་བའི་ཅོང་སྒྲས་གཞོན་སྐྱེས་ཚོའི་སེམས་ལ་ཡལ་མེད་ཀྱི་རྨ་ཁ་རེ་བཟོས་ཡོད་པ་སྨོས་ཅི་དགོས། གལ་ཏེ་ང་ཚོས་སོ་སོའི་ཁེ་བསྲང་དང་ཕྱོགས་ཞེན་དོར་ནས། དངོས་གནས་ཀྱི་གོང་བུ་གཅིག་སྒྲིལ་བྱས་པ་ཡིན་ན། ནམ་ཞིག་ཤི་བོའི་ཞལ་ཆེམས་འགྲུབ་ངེས་པ་ནི་ཆོས་ཉིད་དོ།།
ཆིག་སྒྲིལ་རྒྱལ་ལོ། བོད་རྒྱལ་ལོ།
ལྕགས་མོ་འཚོ་ནས།ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་དུ།
༢༠༢༦ལོའི་ཕྱི་ཟླ༧པའི་ཚེས༢༩་ལ།
བར་དོའི་ཕྱིར་མིག
ཚེ་རིང་སྐྱིད།
༼ བློ་དགའ་རང་བཙན་གྱི་ཚབ་ཏུ་བྲིས།༽
ཕྱི་ཟླ་བདུན་པའི་ཚ་བའི་ཁྲོད་དུ་འབར་ནས་འགྱེལ་སོང་བའི་ངའི་ལུས་པོ་དེ་ལྟ་ན་མི་བཟོད་པ་ཞིག་རེད་ལ། ནིའུ་ཡོག་གི་སྲང་ལམ་གྱི་འདུ་འཛི་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཤེལ་གྱི་ཁང་བརྩེགས་མཐོན་པོ་དེའི་མདུན་དུ་ང་ནི་ཇི་འདྲའི་ཉམ་ཆུང་བ་ལ། གྲོང་ཁྱེར་འདིར་ཡོང་ནས་མི་ལོ་བཅུ་ཕྲག་གཉིས་ཙམ་སོང་ཡང་། མཐོ་སྒང་གི་འབྲོག་མི་ང་ད་དུང་ཡང་གྲོང་ཁྱེར་འདིའི་འུར་ཟིང་དང་མི་ཚོགས། རྒྱས་སྤྲས་དང་དབང་ཐང་ལ་འབྲེལ་བ་ཆེན་པོ་མེད་པ་ཞིག་དང་འདྲ།
དེ་ལྟར་ཡང་། འགྲོ་བ་མིའི་རིགས་ཀྱི་ཁ་རྗེ་དབང་ཐང་དང་ཉམ་ཆུང་དྲང་བདེན་གྱི་བདག་པོར་བརྩི་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མིག་གི་མཐོང་ས་དང་རྣ་བའི་གོ་ས་དེ་རུ། ངས་གངས་སེང་གཡུ་རལ་ངོམས་པའི་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་དེ་དམ་པོར་བཙུགས་ཤིང་། རྡོ་སྣུམ་གྱིས་བང་བའི་རང་ལུས་མེ་རུ་སྒྲོན་པ་ནི་འཆར་གཞི་མེད་པའི་ལས་དོན་ཞིག་མིན་ལ། ཚ་ཙག་དང་ན་ཟུག་གི་གཏིང་མཐའ་མ་དཔོག་པའི་ཧོལ་རྒྱུགས་ཤིག་དེ་བས་ཀྱང་མིན། སྐད་ཅིག་གི་མེ་སྟག་མཆེད་དེ། ངའི་ཤ་དང་། རུས་པ། བ་སྤུ་དང་བཅས་ཀྱིས་མེ་ཡི་མཆོད་པར་འབུལ་སྐབས། མེ་ལྕེའི་ཁ་དོག་དམར་ལམ་ལམ་རེད། ངའི་ལུས་པོ་ནི་མེ་རི་ཆུང་ཆུང་ཞིག་དང་འདྲ་ཞིང་ནིའུ་ཡོག་གི་བྲག་རོང་ལྟ་བུའི་མཁར་རྫོང་གི་བར་ནས་ངའི་ཤ་ཁྲག་རུས་གསུམ་འབར་བའི་དུ་བ་ནག་ལོག་ལོག་མཁའ་ལ་འཕྱོ་བཞིན་འདུག
ངས་མི་རིགས་འདིའི་བདེ་སྡུག་གི་ཆེད་དུ་རང་གི་ཤ་ཁྲག་རུས་གསུམ་དམར་པོའི་མེ་རུ་སྒྲོན་དུས། སྐྲག་ནས་འདར་གྱིན་མེད་པ་མཐོང་བྱུང་། ཚ་ཙག་དང་ན་ཟུག་མ་བཟོད་པའི་ངུ་སྐད་མ་ཤོར་ཞིང་འཕག་འཚག་ཀྱང་མ་བརྒྱབ། ངའི་སྤྱི་གཙུག་ནས་རྐང་མཐིལ་བར་དུ་འབར་བའི་མེ་ལྕེ་ཇི་ལྟར་བཙན་ཡང་། ངས་ང་དང་བཅས་པའི་མགོ་ནག་བོད་མིའི་སྐྱིད་སྡུག་གི་ལས་དབང་ལས་བྱུང་བའི་མངོན་འདོད་དམར་རྗེན་མ་བྲིས་པའི་ཤོག་བྱང་དག་གཏོར་རྒྱུ་ཡང་བརྗེད་མ་སོང་།
འདི་ནས་ཕྱིར་མིག་ཅིག་འཕངས་ཚེ། ང་ལ་ལུས་པོ་མེད་ཀྱང་ངའི་རྣམ་ཤེས་འཕྱོ་སའི་བར་དོ་འདི་ནས། ངས་རང་ཉིད་ལ་སྤོབས་པ་ཆེན་པོ་སྐྱེས་བྱུང་ལ། འགྱོད་པ་དང་འཕངས་སེམས་ཏིལ་འབྲུ་ཙམ་ཡང་མེད་པར། རང་གི་མི་ཡུལ་གྱི་ཆེས་མཐའ་མའི་གཟི་བརྗིད་དང་དཔའ་ངར་ལྡན་པའི་ཚུགས་ཀར་ལྟ་བཞིན་ཡིད་ཚིམ་ཞིང་འཛུམ་མུལ་ལེར་ཡོད།
ཨར་འདམ་དང་ལྕགས་ཤེལ་གྱིས་གྲུབ་ཅིང་། དྲོད་འཁོལ་མེད་པར་འཁྱགས་བསིལ་བསིལ་གྱི་གྲོང་གཞུང་དེའི་དཀྱིལ་གྱི་ང་རང་མེ་ལ་སྒྲོན་སར། ཤ་ཁྲག་གཅིག་པའི་སྤུན་ཟླ་ཚོས་མར་མེ་དང་མེ་ཏོག་བཤམས་ནས་ང་ལ་དྲན་གསོ་གནང་བཞིན་པ་ངས་མཐོང་བྱུང་། ཚ་བ་དང་ཆར་ཤོད་ནང་དུ་ཡང་ང་ཁེར་རྐྱང་དུ་མ་བཞག་པར་འདུག་རོགས་བྱེད་བཞིན་པ་མཐོང་བྱུང་།
ངའི་པུར་སྒམ་གྱི་ཐོག་ཏུ་བོད་ཀྱི་རྒྱལ་དར་གཡོགས་ཤིང་། མི་མང་བརྒྱ་ཕྲག་མང་པོས་ཁ་བཏགས་རི་བོ་ལྟར་སྤུངས་ཏེ་མིག་ཆུའི་ཀློང་ནས་ང་ལ་སྐྱེལ་མ་གནང་བཞིན་པ་ངས་མཐོང་བྱུང་། བླ་ཆེན་ཚོས་ང་ལ་སྨོན་ལམ་གསུང་བཞིན་པའང་ཐོས་བྱུང་།
ཨ་རི་ནས་རྡ་ས། ཡུ་རོབ་ནས་ཨོ་གླིང་ལ་སོགས་པའི་བོད་མི་གང་དུ་ཡོད་པའི་སྲང་ལམ་དག་ཏུ། བོད་མི་ཚོས་ངའི་མཐའ་མའི་ཁ་ཆེམས་གླེང་བཞིན་འདུག མཉམ་དུ་འཛོམས་ནས་སྐད་འབོད་བྱེད་ཅིང་། རྡོག་རྩ་གཅིག་སྒྲིལ་བྱེད་བཞིན་འདུག མི་ཚོགས་ཀྱིས་ངའི་འདྲ་པར་གནམ་ལ་འཕྱར་ཞིང་། ལག་རྡང་གཅིག་ཏུ་སྦྲེལ་ཏེ་ངའི་མགྲིན་པའི་ཚབ་བྱས་ནས་༼ བོད་རྒྱལ་ལོ་༽ ཞེས་སྐད་འབོད་གནང་བཞིན་པ་ངས་མཐོང་གིན་འདུག
ང་ནི་ཕ་ཡུལ་གྱི་གངས་རིའི་རྩེ་མོ་དང་། ཕ་མའི་བྱམས་བརྩེའི་པང་ཁ་ནས་བྲལ་ཏེ་མི་ལོ་སུམ་བཅུ་ལྷག་གི་དུས་ཡུན་རིང་པོ་ཞིག་འགོར་ཟིན།ཕ་ཡུལ་ནི་ང་ཡི་མི་ཚེའི་རྨི་ལམ་ཁྲོད་ཀྱི་རྨ་ཁ་རྙིང་པ་ཞིག་དང་། ནམ་ཡང་བརྗེད་མི་ཐུབ་པའི་དྲན་ཤིང་ཞིག་ཡིན།
ང་རང་གསོན་པོར་ཡོད་དུས་ཆ་རྐྱེན་དང་བསླུ་བྲིད་ཀྱིས་ཉོ་དགོས་པའི་ལམ་ཡིག་བླངས་ནས་ཕ་ཡུལ་ལ་སོང་མེད་ཅིང་། བཙན་གནོན་དང་ཇག་ཚོགས་ལྟ་བུས་བཟུང་བའི་ཕ་ཡུལ་བོད་དུ་ལོག་རྒྱུ་མ་བྱུང་མོད། འདི་ནི་བཙན་བྱོལ་བའི་ལ་རྒྱ་དང་ལས་འགན་སྲུང་བའི་ཆེས་མ་མཐའི་ཁྲེལ་གཞུང་དང་དམ་ཚིག་ཏུ་བརྩིས་ཡོད།
དེ་ལྟར་ཡང་། མཐོང་མཆན་མི་དགོས་པའི་བར་དོ་འདི་ནས། ངས་རྣམ་ཤེས་ཀྱི་སྤྲིན་གྱི་བང་རིམ་ཞོན་ནས་ཕ་ཡུལ་ལ་ལྟ་རུ་སོང་ཡང་། དེ་ཡིས་ངའི་སེམས་སུ་ན་ཟུག་གཞན་ཞིག་བསླངས་བྱུང་། རྟ་ནོར་ལུག་གསུམ་གྱིས་ཁེངས་པའི་རྩྭ་ཐང་ནི་ཉུང་ཉུང་རེད། རི་རྩེར་གངས་ཀྱིས་གཡོགས་པའི་ལ་ལུང་ནི་ཁ་ཁེར་རེད། སྤུས་ཀ་མེད་པའི་ཁང་བརྩེགས་ཀྱིས་ཁེངས་པའི་གྲོང་བརྡལ་ཆུང་ཆུང་དག་ན་བོད་མི་ཚོའི་ངོ་མདངས་འགྱུར་འདུག
གངས་འདབས་ཀྱི་སློབ་གྲྭ་ཁག་ཏུ་ང་ཚོའི་མེ་ཏོག་ལྟ་བུའི་བྱིས་པ་ཆུང་ཆུང་དག་གི་མགྲིན་པ་ནས། གངས་ཅན་པའི་ཕ་སྐད་ཀྱི་དབྱངས་རྟ་ཡལ་ཞིང་། བཅའ་སྡོད་སློབ་གྲྭའི་ལྕགས་ཀྱི་དྲ་བའི་ནང་དུ་ཁོང་ཚོའི་རྣམ་ཤེས་དང་རིག་གནས་ཀྱི་རྩ་བ་བཙན་གྱིས་འདྲུད་བཞིན་འདུག དགོན་པ་དག་གི་ཡང་སྟེང་དུ་སྐར་ལྔའི་དར་དམར་ཕྱར་ཞིང་། གླིང་དཀྱིལ་དང་འདུ་ཁང་གི་རྩིག་གྱང་བར་ན་མིག་འབྲས་ལྟ་བུའི་གློག་ཆས་ཀྱིས་ཁེངས་འདུག
ནང་སྙིང་མེད་པའི་དྲིལ་བསྒྲགས་དང་ཚོང་ལས་ཀྱི་དྲ་ལམ་གྱི་འཇིག་རྟེན་གཞན་ཞིག་ན་མི་རྣམས་བཟི་ཞིང་འཐོམས་འདུག་ལ། མ་གཞི་ནས་བོད་མིའི་གོམ་པ་རེ་རེ་དང་། ཁ་དོན་གྱི་དབྱངས་རྟ་རེ་རེ་རྟོགས་ཤིང་ཉུལ་ཞིབ་བྱེད་བཞིན་འདུག མདོར་ན་ཕ་ཡུལ་ནི་དེང་རབས་ཅན་གྱི་ལྕགས་ཀྱི་བཙོན་ཁང་ཆེན་པོ་ཞིག་ཏུ་བསྒྱུར་འདུག
ཡིན་ནའང་། ལྕགས་ཀྱི་དྲ་བ་དང་རྩིས་འཕྲུལ་གྱི་མིག་འབྲས་དག་གིས་མཐོང་མི་ཐུབ་པ་ཞིག་ལ། བོད་མི་རྣམས་ཀྱི་སྙིང་གི་གཏིང་རིམ་དུ། མི་རིགས་ཀྱི་ལ་རྒྱ་དང་། རང་དབང་གི་འདོད་དོན། ཕན་ཚུན་ལ་བཅངས་པའི་བརྩེ་བ་དག་ནི་མི་མངོན་པའི་དབྱིངས་སམ་མཁའ་དབུགས་ཀྱི་ནང་ན་རྒྱུ་བཞིན་འདུག
ངས་རྒྱལ་དར་ཕྲག་པར་ཁུར་ནས་ཁེར་རྐྱང་ངང་འཆི་བར་བསྐྱོད་པ་དེའི་རྒྱབ་གཟུགས་ཀྱིས། ངའི་བརྩེ་བའི་མི་རྣམས་ཀྱི་སེམས་སུ་ན་ཟུག་ཆེན་པོ་ཞིག་དང་སྒུལ་ཤུགས་གསོན་པོ་ཞིག་བཞག་འདུག་པ་ནི། ཁྱེད་ཚོས་ང་ལ་རྗེས་དྲན་གྱི་རྩོམ་ཡིག་བྲིས་པ་སོགས་ལས་མཐོང་བྱུང་། ཡིན་ནའང་། ང་རང་བར་དོ་རུ་ཁེར་རྐྱང་མིན། ངས་བར་དོའི་བང་རིམ་འདི་ནས། ང་དང་འདྲ་བར་བོད་མིའི་སྐྱིད་སྡུག་གི་ལས་དབང་སྐྱུར་མོ་འདིའི་ཆེད་དུ་ཚེ་སྲོག་མེ་ལ་སྒྲོན་མཁན་མདོ་དབུས་ཁམས་གསུམ་གྱི་སྐྱ་སེར་ཕོ་མོ་རྒན་དར་གཞོན་གསུམ་གྱི་རྣམ་ཤེས་ཀྱི་གཟུགས་རིས་རྣམས་མཐོང་བྱུང་། ཁོང་ཚོས་བོད་ཁམས་ཀྱི་དགོན་གྲོང་དང་རི་སུལ་སོགས་ནས་བསྒྲགས་པའི་འབོད་སྒྲ་དག་ཀྱང་ཐོས་བྱུང་། ང་ལྟར་ཤ་ཁྲག་རུས་གསུམ་མེ་ཡིས་འཚིག་ཀྱང་། དཔའ་སྙིང་དང་བློ་དཀར་མི་རིགས་ལ་ཕུལ་མཁན་རེ་རེས། ནག་ཕྱོགས་ཀླ་ཀློའི་དཔུང་གིས་དྲ་རྒྱའི་ཡོལ་བ་དང་དྲག་པོའི་དཔུང་གིས་བཀག་ཟིན་པའི་འབོད་སྒྲ་དེ། ངས་རང་དབང་ལྷ་མོ་བཞུགས་སའི་ནུབ་ཕྱོགས་ཀྱི་གྲོང་ཁྱེར་འདི་ནས་ཡང་བསྐྱར་སྒྲོག་པ་ཁོང་ཚོར་ཞུས་ཡོད།
ང་ཚོའི་ཚེ་སྲོག་གི་མེ་ལྕེ་དག་ནི་གཞིས་བྱེས་དང་ཤི་གསོན་ཕན་ཚུན་ལ་འབྲེལ་བའི་འོད་ཀྱི་ཟམ་པ་ཞིག་ཡིན་ལ། དེ་ནི་གཡོ་བ་མེད་པའི་གཞིས་བྱེས་གཉིས་སུ་གྱེས་པའི་བོད་མིའི་ཡིད་ཆེས་དང་སྐྱིད་སྡུག་མཉམ་མྱོང་ཡིན། དེ་བས་ཁྱེད་ཚོས་ཀྱང་ང་ཚོ་མ་བརྗེད་རོགས། དེ་ལས་ཀྱང་ང་ཚོའི་རེ་བ་དང་ཁ་ཆེམས་མ་བརྗེད་རོགས། འདི་ནི་ང་ཚོར་གནང་བའི་ཆེས་མཐོ་བའི་བརྩི་བཀུར་ཡིན།
བར་དོའི་དགོང་ཞག་ ༤༩ ཡི་རིང་ལ། འཇིགས་པ་དང་འཕྲུལ་སྣང་ལས་སྒྲོལ་ཞིང་། བདེ་འགྲོ་དང་སྐྱེ་བ་ལེགས་པོ་ཐོབ་པའི་ཕྱིར་དུ་ཁྱེད་ཚོས་ང་ལ་དགེ་རྩ་དང་སྨོན་ལམ་སྒྲུབ་བཞིན་པ་ངས་མིག་གིས་མཐོང་ཞིང་རྣ་བས་ཐོས་བཞིན་མོད། ང་རང་གསོན་པའི་དུས་སུའང་ཆེས་འཇིགས་རུང་གི་ལམ་བུ་དེ་ལྟར་གདམས་པ་ལ་འགྱོད་པ་མེད་ཅིང་། ང་སྐྱེ་བ་ཕྱི་མར་གང་དུ་ཕྱོགས་པར་ཡང་འདོད་ཧམ་མེད།
ངས་བར་དོ་ནས་ཕྱིར་མིག་ཁྲོད་མཐོང་འདོད་པ་ནི་གཅིག་སྒྲིལ་ཡིན་ལ། ང་བཞུད་ཤུལ་གྱི་ཉིན་འདི་ཚོར། ངས་བོད་མིའི་སྤྱི་ཚོགས་ཀྱི་སྲུབས་སུ་འཛུལ་ཞིང་། འཇམ་པོའི་སྟོབས་ཤུགས་དང་དྲིལ་བསྒྲགས་ཀྱིས་བསླུས་པའི་སྤྱི་ཚོགས་ཀྱི་ཟུར་ངོས་གཞན་ཞིག་ཀྱང་མཐོང་བྱུང་། ད་དུང་རྒྱ་ནག་གི་དྲ་དམག་སྟོང་ཕྲག་མང་པོས་ང་གླེང་མཁན་ཚོར་རུབ་རྡུང་དང་སུན་བཙེར་བྱེད་བཞིན་པ་ཡང་མཐོང་མོད། འདི་ནི་མིའི་རིགས་ཀྱི་ལོ་རྒྱུས་ཁྲོད་དུ་འཐབ་རྩོད་ཀྱི་ལམ་བུ་གང་ཞིག་ཡིན་ཡང་། འགན་འཁྲི་འདྲ་མཉམ་མི་ལེན་ཞིང་། གོ་སྐབས་རིང་ལུགས་པ་དང་ཁེ་ཕན་རིང་ལུགས་པ་ཡོད་ཤག་ཡིན་པས། ངས་ཁྲེལ་དགོད་ཅིག་བྱེད་བཞིན་བསྡད་ཡོད།
གང་ལྟར་ང་ཡི་ཆེད་དུ་མིག་ཆུ་མ་གཏོང་། ང་ཡི་ཚེ་སྲོག་གི་མེ་ལྕེ་དེ་ནི་སྡུག་བསྡལ་གྱི་མིག་ཆུ་ཁོ་ནའི་ནང་དུ་ཡལ་དུ་མ་འཇུག་ཅིག ང་ཡི་བློས་གཏོང་འདི་ནི་བོད་མི་རིགས་ཀྱི་འཐབ་རྩོད་དང་། སྐད་ཡིག རིག་གནས་བཅས་མི་ཡལ་བར་གནས་པའི་ཆེད་དུ་ཡིན་པས། ཁྱེད་ཚོའི་མིག་ཆུ་དེ་དག་མཐུན་སྒྲིལ་དང་སྟོབས་ཤུགས་སུ་བསྒྱུར་ཅིག
ཁོ་ཚོས་ངའི་མགྲིན་པ་མེ་ལ་བསྲེགས་ནས་ངའི་སྨྲ་ལྕེ་བཀག་ཟིན། ད་ནི་ཁྱེད་ཚོའི་གློ་སྙིང་དང་མགྲིན་པ་དག་ངའི་འབོད་སྒྲར་བསྒྱུར་ནས། བདེན་པའི་རང་སྒྲ་འཛམ་གླིང་གི་ཕྱོགས་མཐར་སྒྲོག་པར་མཛོད། ཁྱིམ་ཚང་རེ་རེའི་ནང་རང་གི་སྐད་ཡིག་གཙང་མ་སྨྲོས། བྱིས་པ་རེ་རེར་རང་གི་ལོ་རྒྱུས་དང་གངས་རིའི་སྤོབས་པ་སློབས་ཤིག འདི་ནི་ང་ཚོས་བཙན་གནོན་བྱེད་མཁན་ཚོར་བཟུང་བའི་ངོ་རྒོལ་ཆེན་པོ་དེ་ཡིན།
ང་ཤི་མེད་ལ། ང་ཕམ་མེད། ང་ཡལ་ཡང་མེད། ང་ཡི་བརྩེ་བ་དང་ལ་རྒྱ་ནི་ནམ་ཡང་མེ་ཡིས་བསྲེགས་མི་ཐུབ་པའི་གངས་རིའི་གཟི་བྱིན་ཡིན་པས། ང་ཚོའི་རྒྱལ་དར་དེ་ཕོ་བྲང་པོ་ཏ་ལའི་ཡང་སྟེང་དུ་རྒྱལ་མཚན་ལྟར་གཡོ་བའི་ཉིན་མོ་དེ་མ་ཐོབ་ཀྱི་བར་དུ། ང་རང་བོད་མི་རིགས་སྐྱོབ་པའི་གཞི་བདག་ཡིན།
གངས་ཅན་པ་ཡོངས་ཀྱི་སྐྱབས་གནས་དམ་པ་༧གོང་ས་རྒྱལ་དབང་རིན་པོ་ཆེ་བོད་དུ་གདན་འདྲེན་ཞུ་རྒྱུའི་བསྐལ་བཟང་གི་ཉིན་མོ་མ་འཆར་བར་དུ། ཁྱེད་ཚོའི་སྙིང་སྟོབས་དང་ཡིད་ཆེས་ལ་གཡོ་འགུལ་ཐེབས་མི་རུང་ཞིང་། ཁྱེད་ཚོའི་གདོང་གི་མིག་ཆུ་ཕྱིས་ཤིག ལག་པའི་ནང་དུ་ལག་པ་བཞག་སྟེ་ཕན་ཚུན་དམ་པོར་སྦྲེལ་ཅིག
ངས་བོད་མི་རིགས་ཀྱི་ཆེད་དུ་ཤ་ཁྲག་རུས་གསུམ་མེ་ལ་སྒྲོན་པར་ང་ལ་གནས་སྐབས་ཀྱི་ཁ་གཡང་དང་འུར་བསྟོད་ཙམ་གྱིས་མི་ཆོག་ལ། སྨོན་ལམ་དང་མིག་ཆུ་ཙམ་གྱིས་ཀྱང་ག་ལ་ཆོག དེ་ན་ངས་བར་དོའི་ཕྱིར་མིག་གི་ནང་ནས་ང་རང་ཁྱེད་ཚོའི་སྙིང་གི་བུ་གའི་ནང་དུ་དུས་བརྟན་དུ་འབར་བར་ཤོག་ཅེས་ཞུ་བཞིན་ཡོད། ངས་མི་ཡུལ་ལ་ཆེས་མཐའ་མ་བཞག་པའི་ཁ་ཆེམས་ནང་གི་གཅིག་སྒྲིལ་གྱི་དོན་སྙིང་སྒོམ་རོགས་ཞུ་བཞིན་ཡོད། འདི་ནི་ངས་བར་དོ་ནས་མི་ཡུལ་ལ་སྐུར་བའི་འབོད་པ་མཐའ་མ་དེ་ཡིན།
ཤི་གསོན་བར་གྱི་ཁ་བརྡ།
ཚེ་རིང་སྐྱིད།
རྒྱལ་ཚོགས་མདུན་གྱི་མེ་ལྕེ་དམར་པོ་དང་དུ་བ་ནག་པོ་རེ་ཞིག་ཆད་ཅིང་། ཁྱེད་ཀྱང་ངའི་མཐོང་ལམ་དུ་མི་འདུག་མོད། ཁྱེད་ཀྱིས། མེ་ཏོག་དང་ཁ་བཏགས། ཁྱེད་རང་གི་འདྲ་པར་གྱིས་རྒྱན་པའི་ས་ཆ་དེ་མཐོང་ཨེ་ཐུབ། ཡང་ན་མི་ཡུལ་གྱི་ཤར་ལྷོ་ནུབ་བྱང་གི་ལ་རྒྱ་དང་ཁྲེལ་གཞུང་ཅན་གྱི་མི་རྣམས་གཞུང་ལམ་གང་སར་འཛོམས་ཏེ་ཁྱེད་ལ་ “དཔའ་བོ་བློ་དགའ་རང་བཙན་” ཞེས་འབོད་བཞིན་པ་གོ་ཐུབ་བམ།
ངས་ད་ལྟ་ཁྱེད་ཀྱི་གཟུགས་རིས་མཐོང་ཐབས་མེད་ལ་ཨ་ལན་ཡང་གོ་ཐབས་མེད་མོད། ལེ་དབར་དང་རི་ཚོགས་ལྟ་བུའི་མི་ཡུལ་གྱི་བར་ཐག་ཟེར་བ་འདི་ལས་བརྒལ་བའི་བར་དོ་རུ། ཁྱེད་ཀྱིས་རྒྱལ་མཚམས་མེད་པར་འབྱམས་ཀླས་པའི་ངོ་མཚར་གྱི་འཇིག་རྟེན་ཁམས་འདི་མཐོང་ངེས་ལ། གོ་ལའི་སྒལ་བ་རུ་བོད་མི་ཚོས་ཁྱེད་ཀྱི་མཚན་ནས་འབོད་བཞིན་པ་ཐོས་ཐུབ་ངེས། ད་དུང་མིག་གི་མཆི་མས་མཁུར་མགོ་བརླན་ཞིང་ངག་འདར་བའི་འབོད་སྒྲའི་ཀློང་ནས། ནིའུ་ཡོག་དང་ཕེ་རེ་སུ། བཞུགས་སྒར་སོགས་གསོན་པོའི་ཡུལ་གྱི་ཤར་ནུབ་ཀུན་ནས་སྐྲ་ལོ་བྲེག་སྟེ། ཁྱེད་ཀྱི་རྔམ་བརྗིད་ལྡན་པའི་བློས་གཏོང་ལ་དྲན་གསོ་ཞུ་བཞིན་པ་ཡང་མཐོང་ཐུབ་ངེས།
ནིའུ་ཡོག་གི་ཐེ་མས་སི་ཁོར་ (Times Square) ཐང་ཆེན་དུ་མཐའ་བཞི་ནི་ཁ་མི་གྲགས་པའི་ཁང་བརྩེགས་འགྱིངས་ཀྱང་། མི་རྣམས་གྲོག་ཚང་ལྟར་བརྡོལ་བའི་ས་དེ་རུ། བོད་མི་བརྒྱ་ཕྲག་མང་པོ་འཛོམས་ཏེ། ཁྱེད་གཙོས་པའི་གཞིས་བྱེས་གཉིས་ཀྱི་རང་སྲེག་ངོ་རྒོལ་བ་རྣམས་དྲན་གསོ་བྱེད་ཞོར་འཛམ་གླིང་ལ་བརྡ་ལན་སྤྲོད་བཞིན་པ་ཨེ་མཐོང་། གནས་དེར་གློག་འོད་ཁྲ་ཆིལ་དགུ་ཆིལ་གྱིས་བོད་མི་ཚོའི་ལག་ཟུང་གི་ལ་སྒྲོན་གྱི་འོད་སྣང་སྒྲིབ་འགྲོ་ཡང་། ཤ་གསེང་རུས་གསེང་ནས་ཐོན་པའི་བདེན་པའི་ངར་སྐད་ཀྱི་གཏམ་བཤད་རེ་རེ་ཁྱེད་ཀྱིས་ཨེ་ཐོས།
དེ་རིང་། ཁྱེད་ཀྱིས་མི་སེམས་ཀྱི་རྒྱུ་འབྲས་བཤད་དེ། རྒྱུ་འབྲས་ས་འོག་ཏུ་བཅུག་སའི་རྒྱལ་ཚོགས་ཀྱི་མདུན་ཐང་དེ་རུ་རང་ལུས་མེར་སྲེག་གནང་ནས་ཉིན་ཞག་ ༣༣ སོང་བ་རེད། བར་དོའི་ཞག་མ་ ༤༩ ཡི་ཁྲོད་དུ་ད་དུང་ཉིན་ཞག་ ༡༦ ལྷག་འདུག་ལ། དེའི་རྗེས་སུ་ཁྱེད་ཀྱི་རྣམ་ཤེས་ཀྱང་བར་དོ་དང་བྲལ་དགོས་པས། དེ་རིང་ངས་༧རྒྱལ་བའི་བླ་གཟའ་ཉིན་ལ་ཁྱེད་དང་མཉམ་དུ་ཤི་གསོན་བར་གྱི་ཁ་བརྡ་ཞིག་བྱེད་ན་འདོད།
ཤ་རུས་མེ་ཡིས་འཚིག་པའི་དམྱལ་བའི་མནར་གཅོད་དང་ལེན་བྱེད་ཕོད་མཁན་གྱི་དཔའ་མཛངས་
མངའ་པའི་ཁྱེད་ལ་བར་དོ་རུ་འཇིགས་སྐྲག་ཡོད་མི་སྲིད་ལ། གང་ས་གང་གི་ཤ་ཁྲག་གཅིག་པའི་བོད་མི་ཚོའི་སྨོན་ལམ་དང་གསོལ་འདེབས། དྲན་གསོ་དང་བརྩེ་བ་རི་བོ་བཞིན་སྤུངས་པ་འདིས་ཁྱེད་རང་བར་དོ་རུ་ཁེར་རྐྱང་ཡང་མིན་པར་ཡིད་ཆེས་ཡོད།
ཁྱེད་ཀྱིས་མི་ཡུལ་ལ་ཆེས་མཐའ་མ་བཞག་པའི་རང་སྲེག་ངོ་རྒོལ་གྱི་བརྙན་པར་དེ་ལས། བྲག་རོང་ལྟ་བུའི་ཁང་བརྩེགས་དེ་དག་གི་བར་དུ། རླངས་འཁོར་གྱི་དུང་ཟླ་ཤུགས་ཆེན་གྲགས་པ་དེ་ཚོས་གྲོང་ཁྱེར་ཆེན་པོའི་ཁེར་རྐྱང་གི་རང་བཞིན་དེ་བས་ཀྱང་ཆེ་རུ་གཏོང་གིན་འདུག གནམ་དཔང་ལས་མཐོ་བའི་ཤེས་སྒོ་དང་ལྕགས་རིགས་ཀྱིས་བསྐྲུན་པའི་ནིའུ་ཡོག་གི་ཁྲོམ་གཞུང་འདིར། མི་ཚོགས་ཀྱི་རྒྱུན་ནི་ཆུ་བོ་བཞིན་བཞུར་བཞིན་ཡོད་ཀྱང་། དོན་དངོས་སུ་འདི་ནི་བརྩེ་དུང་དབེན་པའི་བྲག་རོང་གྲང་མོ་ཞིག་དང་འདྲ་བའི་ཚོར་བ་བྱུང་། དེ་རུ་ཁྱེད་ནི་འབར་བའི་མེ་ལྕེ་ཞིག་སྟེ། གྲང་ཤི་རྒྱག་པའི་ཁང་བརྩེགས་དེ་དག་གི་མདུན་དུ། བདེན་པ་དང་རང་དབང་གི་ཆེད་དུ་རང་ལུས་དཔལ་འབར་དུ་སྤར་སོང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་དར་སྣ་ཚོགས་ལྷན་ལྷུབ་ཏུ་གཡོ་བའི་འགྲམ་དུ། གངས་སེང་གཡུ་རལ་ངོམས་པའི་བོད་ཀྱི་རྒྱལ་དར་བཙུགས་ནས་རང་ལུས་མེ་ལྕེ་ལ་སྤར་བ་དེ་ནི། མི་རིགས་ཞིག་གི་ན་ཟུག་དང་། རེ་སྒུག མཐར་ཐུག་གི་རྨི་ལམ་སོགས་མཚོན་ཡོད།
བློ་དགའ་ལགས། ཁྱེད་ཀྱིས་རང་གི་ཤ་དང་ཁྲག་གི་ཕུང་པོ་དེ་མེ་ལྕེའི་ཀློང་དུ་བསྲེགས་ཤིང་། དུ་བ་ནག་པོ་དེ་མཁའ་ཡངས་སུ་འཕྱུར་དུས། ཁྱེད་ཀྱིས་མི་ཡུལ་གྱི་སྣང་བ་དང་ལོངས་སྤྱོད་ཡོད་ཚད་བློས་བཏང་མོད། འོན་ཀྱང་། ཁྱེད་ཀྱི་ལུས་སྲོག་གི་མེ་ལྕེ་དེས། རྒྱལ་ཚོགས་གཙོས་པའི་འགྲོ་བ་མིའི་རིགས་ཀྱི་གཡོ་ཟོལ་དང་རྫུ་བག་གི་ཕྱི་ཤུན་དེ་བརྟོལ་ཡོད་ལ། ང་ཚོའི་རྣམ་ཤེས་ཀྱི་གཏིང་རུམ་དུ་འཁྱགས་རོམ་ལ་འགྱུར་བཞིན་པའི་ཟུངས་ཁྲག་གི་ཚ་རླབས་དེ་ཡང་བསླངས་བྱུང་། ད་དུང་ཁྱེད་ཀྱིས་རང་གི་ཚེ་སྲོག་དཔང་པོར་བཟུང་ནས་རྒྱལ་ཚོགས་ཀྱི་སྒོ་ཆེན་རྡུང་དུས། དབང་ཆ་ཅན་ཚོའི་རྣ་བ་འོན་ཀྱང་། འཛམ་གླིང་ཡོངས་ཀྱི་བོད་མིའི་སེམས་སུ་གནམ་ལྕགས་ཕོག་པ་ལྟ་བུའི་རྨ་ཁ་དང་སྙིང་སྟོབས་ཤིག་བསྩལ་ཡོད།
ད་ལྟ་ཁྱེད་ཉིད་བར་དོའི་འོད་ཀྱི་གླིང་ག་དེར་བཞུགས་ཡོད་པས། ཁྱེད་ཀྱིས་མྱ་ངན་གྱི་མིག་ཆུ་ཙམ་མ་ཡིན་པར། ང་ཚོའི་ལག་ཟུང་གནམ་ལ་འཕྱར་བའི་ཁུ་ཚུར་དང་། མིག་ཀོང་ནས་མཆེད་པའི་འཁོན་འཛིན་གྱི་མེ་ལྕེ་དེ་ཡང་མཐོང་གི་ཡོད་དམ།
མ་གཞི་ཁྱེད་ཀྱང་འདམ་ནས་སྐྱེས་པ་མིན་ལ་བྲག་ནས་མཆེད་པ་ཡང་མ་ཡིན་པར། ཕ་བཟང་བླ་རྐང་གསེར་གྱིས་རྡུང་འདྲ་དང་། མ་བཟང་རུས་པ་དུང་གིས་རྡུང་འདྲ། བུ་དཔའ་བོ་དང་མི་བཙན་པོ་འཁྲུངས་སའི་ཁྱིམ་ཚང་ཞིག་གི་རྒྱུད་འཛིན་ཡིན་ལ། བྱམས་སྙིང་རྗེ་ཅན་གྱི་ཕ་མ་དང་ཤ་ཚ་བརྩེ་བ་ཅན་གྱི་ཕུ་ནུ་མང་བའི་ཁྱིམ་ཚང་ཞིག་གི་གཅེས་ཕྲུག་ཀྱང་ཡིན་པས། ཁྱེད་ཀྱི་ནང་མི་ཚོས་ཀྱང་བློ་སྙིང་ས་ལ་ལྷུང་བ་ལྟ་བུའི་སྐྱི་གཡའ་བའི་སྡུག་བསྔལ་ནང་དུ་སྨྲེ་སྔགས་འདོན་བཞིན་ཡོད་ངེས་ལ། གལ་ཏེ་ང་ཚོས་ཀྱང་རང་དབང་གི་ལུང་བ་འདི་ལ་ཁྲེལ་དང་ངོ་ཚ་ཡིས་རང་གི་རྐང་ལག་ལ་ལྕགས་སྒྲོག་འདི་བརྒྱབ་མེད་ཚེ། ཁ་བཏགས་དང་མཆོད་མེ་ཁྱེར་ནས་ཁྱོའི་ཕ་ཡུལ་གྱི་ཁང་ཁྱིམ་ལ་འགྲོ་རན་ཨཱང་། རང་དབང་གི་རྣམ་ཤེས་འཕུར་ཆོག་སའི་བར་དོ་ནས་ཁྱེད་ཀྱིས་ཀྱང་ཡུལ་མིའི་གདུང་བ་མཐོང་ཚེ་སེམས་རྩ་ལ་ཚེར་མས་བྲན་པ་ལྟར་ཡིན་ངེས། ང་ཡང་དེ་ལ་ཆ་རྒྱུས་ཟབ་ཅིང་། འདི་ནི་ནང་མི་ཚོའི་སེམས་རྩ་འཁྱགས་པས་བསྡམས་པའི་དུས་ཚིགས་ཤིག་ཡིན།
བློ་དགའ། དེ་དགོང་ངས་ཁྱེད་ལ་སྙིང་ཉེ་བའི་ངང་ནས་བློ་དགའ་ཞེས་འབོད་ཆོག་པར་ཞུ། ཁྱེད་ཀྱང་ང་ལྟར་རང་གི་ལྟེ་ཁྲག་འཕོ་སའི་ཕ་ཡུལ་དང་། ཤ་ཁྲག་གི་ཕུང་པོ་སྦྱིན་མཁན་དྲིན་ཆེན་ཕ་མ་ལ་སོགས་པར་གྱེས་ཕྱག་ཕུལ་ནས་ས་མཐའ་འགྲིམས་མཁན་བོད་མི་སྟོང་ཕྲག་མང་པོ་དང་གཅིག་མཚུངས་ཡིན། ཁྱེད་ཀྱིས་ཀྱང་བདེན་པའི་ཨུ་ཚུགས་ཀྱིས་མཛེས་པའི་ཕྱིར་དྲན་དང་དྲན་གདུང་གི་ན་ཟུག་ལོ་ཟླའི་པང་ཁར་སྦས་ཞོར། གཞན་ཡུལ་དུ་རྒ་བཞིན་པའི་བླ་མ་བྱང་སེམས་ཅན་ཞིག་གི་དབུ་སྐྲ་དཀར་པོར་གྱུར་ཀྱང་། ས་མཐར་བཞུགས་པའི་འདུག་རོགས་ཀྱི་གྲལ་མཐའ་སྲུང་ནས་འདུག་མཁན་ཞིག་ཀྱང་ཡིན། མཐའ་དོན་ཁ་ཞེ་སྡང་དང་ལུས་ལ་རྒྱ་སྲུངས་ནས་རང་གི་ཕ་ཡུལ་གྱི་རི་ཆུ་ནགས་གསུམ་ལ་ཐེངས་གཅིག་མཇལ་རྒྱུ་ཡང་མ་རག་པར། ཡོད་ཚད་བོད་རང་བཙན་གྱི་རྒྱལ་མཚན་འོག་ཏུ་དམར་སྲེག་བཏང་བས། ང་ཚོས་ཁྱེད་ཀྱི་བློས་གཏོང་འདི་པར་སྒྲོམ་ནང་གི་འདྲ་པར་ཞིག་དང་། ཁ་གཡང་ཙམ་གྱི་རྗེས་ནས་བརྗེད་པར་གཏོང་སྲོལ་མེད།
བར་དོའི་འོད་ཀྱི་གཞུང་ལམ་ནས་ཕྱིར་མིག་ཅིག་བལྟས་ཚེ། ཁྱེད་རང་ཁྲོ་ཉམས་དང་བློ་ཕམ་གྱི་ཚོར་བ་སྤྲོད་པའི་གནས་ཀྱང་ཡོད་ངེས། མི་ཡུལ་འདི་ན་འཇིག་རྟེན་ཧྲིལ་པོ་དཀར་པོར་གཏོང་བྱེད་ཀྱི་སྒྲོན་མེ་འཆི་བར་མི་འཛེམ་ཡང་། ཐ་ན་རང་གི་སེམས་ཀྱི་གློག་འོད་ཙམ་ཡང་སྤར་མི་ཕོད་པའི་ཁེ་ཕན་རིང་ལུགས་པ་དང་ཤེས་ཡོན་པ་ཁྲམ་པ་ཡང་ཧ་ཅང་མང་ལ། ཁོ་ཚོས་རང་ཉིད་ཀྱི་ཕ་བསད་ཚུལ་དང་མ་གཡེམ་ཚུལ་བཤད་དེ། ཁེ་ཕན་ཡོད་ཚད་བླངས་ནས་ནུབ་ཕྱོགས་ཀྱི་གྲོང་ཁྱེར་གང་སར་མི་གཟུགས་ཙམ་མངོན་དུས། བསྐྱར་དུ་དགྲ་བོའི་སྒོ་ཁར་པུས་མོ་འཛུགས་མཁན་དང་རྐང་རྩེར་ལྕེ་ལྡག་བྱེད་མཁན་སྐོར་ཞིག་ཡོད།
ཁོ་ཚོ་ནི་རང་གི་སེམས་ཀྱི་བློ་མིག་སྒྲིབ་ཅིང་། བོད་མིའི་སྐྱིད་སྡུག་མཉམ་མྱོང་དང་གཅིག་སྒྲིལ་གྱི་དཔུང་རྡང་ནང་ལ་མི་ཡོང་བའི་མི་ཚོགས་ཤིག་ཡིན་ལ། ཁོ་ཚོས་ཐ་ན་དྲ་ལམ་གྱི་ལས་འགུལ་དང་བོད་མིའི་གཅིག་སྒྲིལ་གྱི་སྙིང་སྟོབས་ལའང་རྒྱབ་སྐྱོར་གྱི་དཔུང་རོགས་བྱེད་ཕོད་པར། རང་གི་ཁེ་ཕན་ཙམ་གཉེར་མཁན་གྱི་རྒྱུ་འབྲས་གོ་ལྡོག་པ་དག་ཡིན། དེ་དག་ནི་ཁྱེད་གསོན་པའི་དུས་སུ་རེ་བའི་ཡུལ་མིན་ལ། ཁྱེད་བཞུད་པའི་ཚེ་ཡང་སྨོན་པའི་གནས་མ་ལག་པས། ཁོ་ཚོའི་ཕྱོགས་ལ་བློ་ཕམ་མ་གནང་རོགས། མི་དེ་དག་ནི་ང་ཚོའི་མི་རིགས་ཀྱི་ལུས་པོ་འདིའི་ཤ་གསེང་གི་ནད་འབུ་ལྟ་བུ་ཡིན་ལ། དུས་ནམ་ཡང་ང་ཚོའི་སྐྱིད་སྡུག་གི་གྲལ་དཀྱིལ་དུ་འགྲེང་མི་སྲིད་པས། ང་ཚོས་ཀྱང་ཁོ་ཚོའི་བཏང་སྙོམས་དང་རྒྱབ་གཏོད་ཀྱི་སྣང་བརྙན་དེ་ཚོར་ཀུ་ཡངས་གཏོང་འདོད་མེད།
ཡང་གཅིག་བཤད་ན། ཁྱེད་བཞུད་ཤུལ་དུ་བུ་བློ་རྒྱ་ཅན་དང་མ་ཤེས་རབ་ཅན་ཡོངས་ཀྱིས། ཁ་མིག་ཡར་ལྟ་དང་ལག་རྡང་སྦྲེལ་ནས། “ང་ནི་བོད་པ་ཡིན། བོད་རང་བཙན་ཡིན། རྒྱ་མི་བོད་ནས་ཕར་རྒྱུགས་ཤིག སེམས་ཤུགས་མ་ཆག་བོད་མི་ཚོ།” ཞེས་ཡུན་རིང་ཉར་བའི་སེམས་ནང་གི་མིག་ཆུ་དུས་གཅིག་ལ་འདོན་ཞོར། འབོད་སྒྲ་མཉམ་དུ་སྒྲོག་ཅིང་གོམ་ཞེང་མདུན་དུ་སྤོ་བཞིན་ཡོད་ཀྱང་། ཚོད་དཔག་དཀའ་ཞིང་འགྲེལ་བཤད་བྱེད་ཐབས་མེད་པའི་མི་ལ་ཤས་ཀྱིས། སྔར་བཞིན་བོད་མིའི་མདུན་བསྐྱོད་ཀྱི་ཁ་ཕྱོགས་ལ་དོ་ཕོག་གཏོང་ཞིང་། བོད་མིའི་འབོད་སྒྲ་དང་རེ་བ། སྙིང་སྟོབས་དང་ལ་རྒྱ་བཅས་མཐོ་རུ་གཏོང་བར། ཤ་ཚ་ཁུལ་དང་འགན་ཁུར་ཚུལ་གྱིས། དགྲ་ནི་ཕྱི་ན་མེད་པར་ནང་ན་ཡོད་པའི་ཚུལ་ཞིག་མངོན་པ་ཡང་ཁྱེད་ཀྱིས་མཐོང་ངེས་ལ། བློ་སྙིང་བྲང་གསུམ་བོད་ལ་གཏོང་མཁན་ཞིག་གི་ངོས་ནས། ཁྱེད་ཀྱང་བློ་འཚབ་སྐྱེས་སྲིད་མོད། འོན་ཀྱང་གསོན་པོའི་ཡུལ་གྱི་ང་ཚོ་ཡང་བློ་རྒྱ་ཅན་དང་ཤེས་རབ་ཅན་ཡིན་པས། ཁྱེད་གཙོས་པའི་བོད་མི་ ༡༧༠ ལྷག་གིས་ཚེ་སྲོག་བཏང་ནས་བླ་འགུག་བྱེད་པའི་ང་ཚོའི་གཅིག་སྒྲིལ་དང་དམ་ཚིག་ལ་ལས་སླ་བོར་མཐོར་མི་སྲིད་པས་སེམས་ཁྲལ་མ་གནང་རོགས།
ཁྱེད་ཀྱིས་བར་དོའི་ལམ་ནས་ཕྱིར་མིག་ཅིག་ལྟོས་དང་། ང་ཚོས་ཁྱེད་ཀྱི་རེ་བ་དེ་གཡུགས་མི་སྲིད་ལ། ང་ཚོས་ཁྱེད་གཙོས་པའི་བོད་མི་ ༡༧༠ ལྷག་གི་ཚེ་སྲོག་ལ་སྣང་མེད་གཏོང་མི་སྲིད། ང་ཚོས་ང་ཚོའི་འཐབ་རྩོད་འདི་མཚམས་འཇོག་གི་མིན། ང་ཚོས་ཁྱེད་ཀྱི་མེ་ལྕེ་དེ་ང་ཚོའི་སེམས་ཁོང་དུ་རྟག་ཏུ་འབར་ཐབས་བྱ་ངེས།
བློ་དགའ་ལགས། ཞག་མ་ ༡༦ ཡི་རྗེས་སུ་ཁྱེད་ཀྱང་བར་དོ་བཞག་ནས་ཕེབས་དགོས་ལ། ཁྱེད་ཀྱི་རྣམ་ཤེས་དག་ཞིང་གི་གླིང་གར་གཤེགས་པའི་ལམ་བར་དུ། ཕྱིར་མིག་ཅིག་ལྟོས་དང་། གངས་ཅན་འགྲོ་བའི་འདྲེན་པ་ཆེན་པོའི་ཞབས་སེན་གསེར་གྱི་འཁོར་ལོ་དེ། མི་ཡུལ་འདིར་བརྟན་པོར་བཞུགས་ཡོད་ལ། ཁོང་གིས་བྱམས་བརྩེའི་ཕྱག་ཟུང་གིས་ཁྱེད་ཀྱི་དམར་སྲེག་ཐེབས་པའི་ལུས་སྲོག་ལ་བྱུག་པ་མཛད་ནས། ཁྱེད་ལ་ཞི་བའི་དབུགས་དབྱུང་སྦྱིན་ངེས།
མ་གཞི་ཁྱེད་རང་། ད་དུང་ཚེ་རབས་དུ་མར་བོད་དུ་སྐྱེས་ཏེ། སྔར་ལྟར་བཙན་པོའི་རྒྱལ་རབས་ཀྱི་སྙིང་སྟོབས་ཁྱེར་བའི་བོད་མི་ཞིག་ཏུ་འགྱུར་སྙིང་འདོད་པ་ངས་ཤེས་མོད། རྒྱལ་ཁབ་ཤོར་སོང་བའི་ང་ཚོ། ཕ་ཡུལ་ཡོད་ཀྱང་ལོག་དབང་མེད་པའི་ང་ཚོ། མེས་པོའི་རལ་བ་བྲེག་ནས་སྒོ་ཁའི་དར་ཤིང་འགྱེལ་ས་དེ་རུ། མི་ལྟར་འཚོ་བར་ཚེ་སྲོག་གིས་འགྲོ་གྲོན་གཏོང་དགོས་ས་དེ་རུ། ཡང་ན་དུས་རབས་ཉེར་གཅིག་གི་བཙོན་པ་གསར་པ་ལྟ་བུའི་ང་ཚོ། མ་ཤི་གསོན་བྲལ་གྱིས་ཐབས་མེད་དམ་ཚིག་སྲུང་ནས་ཚེ་གང་ལ་མི་ཡུལ་འཁྱམས་དགོས་པའི་ལས་དབང་འདི་དག་བསམ་ན། ངས་ཁྱེད་རང་རང་བཙན་གྱི་རྒྱལ་ཁབ་ཅིག་ཏུ་སྐྱེས་པར་སྨོན་ལམ་བཏབ་ཡོད། ངས་ཁྱེད་རང་བཙན་བྱོལ་དུ་འབྲོ་མི་དགོས་ཤིང་། རང་ས་རང་ཡུལ་ནས་རང་སྐད་རང་ཁྱིམ་ཡོད་སའི་རྒྱལ་ཁབ་ཅིག་ཏུ་སྐྱེས་པའི་སྐྱབས་མཇུག་ཞུས་ཡོད།
ཁྱེད་ཀྱིས་ཚེ་རབས་འདིར་བོད་མི་རིགས་ལ་བཞག་པའི་བྱས་རྗེས་འདི་ནི། ཡི་གེ་ཤེས་ཙམ་གྱི་སྐྱག་ལབ་ཅན་ཁྲི་སྟོང་ལས་ཀྱང་རྩ་ཆེ་བས། མི་ཞིག་གིས་མི་རིགས་ལ་བཅིངས་པའི་བརྩེ་བ་དང་ལ་རྒྱ་འདི་ཙམ་ནི། ཚེ་རབས་ལས་ཀྱི་བསོད་ནམས་དང་བགོ་བསྐལ་ཡིན་ཆོག་པས། ད་ནི་ཁྱེད་ཀྱང་རྒྱལ་ཁབ་ཡོད་པའི་འབངས་མི་ཞིག་ཏུ་སྐྱེས་པར་ཤོག་ཅིག
致勇士洛嘎让赞
岱洛
(一)
灼热的傍晚
惊闻你自焚
毅然决然
为雪域蕃巴的复国愿望
破茧化蝶涅槃重生
一团火红
卓然而立于联合国大厦前
燃烧着
民族的希望
燃烧着
我们的屈辱
燃烧着
人性的肮脏
你倔强倨傲的风骨
冲破世俗的云霄
刹那间
整个世界只有你身体燃烧的噼啪声
那是荒谬悲惨
与冷漠无视的对撞
鲜血淋漓的控诉
中共泯灭人性反人类的罪行
还有蕃巴无处安放
万箭穿心般的伤痛
仰天长啸
世界是否还有善的空间
人权何在
民主何在
文明何在
一个人活着
人微言轻无力的活着
而那股纯粹的精神推着你
在宝贵的生命尽头
惨烈地爆发出
团结一心拿回自己的国家
吼出无数人如鲠在喉的心声
遗言沸腾与我们之间
一起咆哮的
还有那面雪山狮子旗
中国滚出图伯特
图伯特人民永存!
(二)
香港百万抗争运动的失败
殖民学前寄宿制的残暴推进
而今
荒唐的民族团结法的颁布
中间道路束之高阁
犹如天方夜谭
合理的存在已被消灭
岂能奢望
不存在的合理
民族存亡关头
对错自知
良心迈向何方
至此
让我们致敬英烈洛嘎让赞拉
请你安息
致敬以最痛的方式
献身于复国运动的
伟大的英雄们
蕃巴永远的骄傲
请你们安息
相信邪不压正
非裔解奴
以色列复国
中原坍塌指日可待
雪域高原失而复得时
伴随才旺罗布的《回家》
我们相见!
于2026年7月2日
悼念在联合国总部前自焚抗议的洛嘎让赞
桑杰嘉
发布者民主中国 | 7 月 8, 2026 |
洛嘎让赞啦走了,留下那刻入骨髓的背影,留下那永恒的生命之火焰离开了我们。
震惊、悲痛、嚎哭—颤抖着手打开电脑写下“洛嘎让赞”后发呆到深夜—-我什么都没有写,我能写什么呢?一切表达的如此彻底,如此的明确。眼前浮现您走向前方的背影,烈火中如须弥山般的坚硬—-我的手指在键盘上如此的无力,脑海里的词汇是如此的贫乏,无法用语言表达你的勇气,你的爱国情怀,你的伟大。更何况,此时此刻我一个偷生怕死者的言辞是多么的枯燥、空虚—-
每个悲痛难眠的夜晚我一次又一次打开电脑,手在颤抖、脑海一片空白—-
今天,心里是满满的偷生之负罪感,但我还是强忍着悲痛,鼓起勇气写了这篇文章,以此怀念走向远方,却永驻心底的勇士洛嘎让赞先生
美国的图伯特人举办各种抗议中国政府的活动时,洛嘎让赞那健壮的身影总是会出现在呐喊的队伍中。笔者2023年前不曾认识他,但在各种抗议活动的队伍里不会缺席的洛噶让赞已经是没有打过招呼的熟人。2023年去美国纽约时和他见了一面,没想到那是我们第一次也是今生最后一次见面—-
7月3日,一大早传来洛嘎让赞先生在纽约联合国总部大楼前的交通分隔島上自焚抗议的消息,随后在社会媒体上大量转载自焚抗议的视屏。我顿时震惊、悲痛、嚎哭—发呆了很久,很久。真如维吾尔人Ilshat H. Kokbore 在《我们为何流泪——写给自焚的图伯特兄弟》中写的:“你的神情平静而安然,没有愤怒的呐喊,没有激昂的姿态,也没有丝毫迟疑。那一刻,你仿佛不是走向死亡,而是走向久别的故乡;不是走向火焰,而是走向雪山;不是与世界诀别,而是去拥抱那些早已离散的亲人,去亲吻你魂牵梦萦的土地。”如同图伯特境内外一百六十多名自焚抗议者一样洛嘎让赞先生没有一丝的恐惧和迟疑,为了图伯特国家和人民的苦难,为了图伯特民族的生存,他点燃生命呼唤世界,呼吁联合国在内的国际社会和世界人民。
据了解详情的人士介绍,洛嘎让赞先生在自焚抗议前穿上了图伯特服装,通过自己的脸书视屏直播了整个自焚抗议的过程,从视屏中看到他手持图伯特国旗走过去,并将国旗插好,然后点火自焚抗议,整个视屏近二十一分钟,最后,赶到自焚抗议现场的警察切断了视屏。
自2009年图伯特境内发生第一起自焚抗议之后,前后有一百六十多位图伯特自焚抗议中国政府,一百二十多位自焚抗议者已牺牲。有几位被中国政府关押,实施酷刑折磨,而且,强迫他们编造谎言,或者中国政府直接编造谎言称自焚抗议者“精神失常”、“家庭不和”、甚至编造由于感情问题自焚等等。但也有些自焚抗议者留有遗嘱,非常清楚的说自己自焚抗议的原因。中国政府进行残忍的镇压和连带惩罚寺院、村庄和家人等极其残酷的手段进行打压,但是自焚抗议继续发生。后来由于很多图伯特有识之士和境内外高僧大德们的呼吁下自焚抗议运动暂时停止了。洛嘎让赞先生是首位在西方国家自焚抗议的图伯特人。
洛嘎让赞是一直坚持争取图伯特独立而抗争,因此,他名字洛嘎后面加让赞(独立)用洛嘎让赞这个名字,“這是他的政治表達,也是他身份與信念的重要組成部分。”
洛嘎让赞的遗嘱
为了防止中国政府编造谎言,或者歪曲图伯特人的自焚抗议行为,洛嘎让赞先生在自焚抗议前在自家车库留下遗嘱,并用视屏发表在自己的脸书上。在遗嘱中他非常清楚的指出:“我今天要做這個行動,不是因為我缺乏衣食住行,不是因為我沒有吃的、沒有穿的、沒有住的,也不是為了我個人的生活問題。這一切,是為了圖伯特的獨立,為了圖伯特的抗爭。”
洛嘎让赞还在遗嘱中清楚的表达了中国非法侵占图伯特:“為什麼圖伯特境內的图伯特人沒有任何自由?為什麼我們的民族面臨被消滅的危機?為什麼我們連供奉尊者達賴喇嘛法相的權利都沒有?這都是因為我們失去了自己的國家,失去了自己的自由。很多人說我們沒有國家。不是的,我們有國家;只是我們的國家被中國佔領了。”
每当在图伯特境内外发生自焚抗议事件后,境外图伯特人为了哀悼自焚抗议者,按图伯特传统文化习俗停止过藏历年,停止举办大型的庆祝活动,停止载歌载舞等喜庆活动。因此,洛嘎让赞在其遗嘱中强调:“我們現在做的,是為了保存自己的語言與文化。所以,該跳舞的還是要跳舞,該唱歌的還是要唱歌。因為這些都是為了讓年輕一代的图伯特人,能夠接受並傳承自己的語言與文化。”
洛嘎让赞还考虑到四天后是达赖喇嘛尊者的华诞,为了自己的自焚抗议不影响图伯特人庆祝达赖喇嘛华诞,他在遗嘱中叮嘱:“我們即將迎來尊者達賴喇嘛九十一歲華誕。我希望全球各地的图伯特人,都要盛大舉辦尊者的祝壽活動。這些都非常重要。我們不要因為一個人的行動,就只停留在悲哀或默哀之中。我們真正需要悲哀、需要默哀的,是我們失去了自己的國家。我們每一個人都應該為此發起更大的行動。”
从洛嘎让赞遗嘱的细节说明了他在自焚抗议前进行了深思熟虑。当然,他的遗嘱还呼吁“流亡图伯特人不能忘記自己的責任。”他说:“我們每一個人都應該為圖伯特的自由發聲,為圖伯特的未來想辦法。尊者達賴喇嘛曾經說過,生活在國外的藏人,不要因為自己有了房子、有了車子,就感到滿足,因為圖伯特境內的图伯特人仍然生活在苦難之中。”并指出图伯特人的苦难“是因為我們失去了自己的國家”。
洛嘎让赞在遗嘱中特别呼吁流亡图伯特人要团结、为图伯特独立事业贡献力量。他说:“对我們每一個人都應該團結起來,為恢復圖伯特的自由、為圖伯特的獨立,做出更多努力。”
洛嘎让赞在遗嘱最后希望每个图伯特人继续为图伯特事业奋斗,他说: “我雙手合十請求大家:如果你們真的要哀悼我,請按照我在這裡所說的願望去做。希望每一個人都為圖伯特的事情繼續努力,繼續奮鬥。最後,我想說:圖伯特獨立萬歲!博傑洛!(圖伯特勝利!)”
流亡图伯特人永记的记忆
洛嘎让赞的自焚抗议震惊了流亡图伯特社会,图伯特人行政中央司政边巴次仁7月3日发表声明表达深切哀悼。
司政在声明中表示:“我们缅怀并崇敬洛嘎让赞对民族事业所展现的奉献精神,但生命无比珍贵,应当珍惜生命,继续为图伯特长远的自由事业而努力。我谨代表图伯特人行政中央,诚挚呼吁全体图伯特人珍惜自己的生命。图伯特境内持续发生的种族灭绝,以及自 7 月 1 日起实施的《民族团结进步促进法》,正是迫使洛嘎让赞作出这一悲壮抉择的重要原因。他加入了至少 157 位在图伯特境内以牺牲生命唤起国际社会关注中国统治下残酷镇压的藏人行列。”
司政边巴次仁在声明中“向洛嘎让赞的家属、亲友及全体图伯特人社区致以最深切的慰问。他代表图伯特人行政中央及全体图伯特人民庄严承诺,图伯特人将永远铭记这些牺牲者的精神,并继续不懈努力,确保他们的牺牲不会白费。”
最后,“司政紧急呼吁流亡图伯特人、世界各国政府及国际人权机构,正视图伯特境内日益严峻的人权危机,在图伯特历史的关键时刻挺身而出,为图伯特人民发声。”
7月3日下午,图伯特人行政中央领导层与全体公务员在司政会议厅举行追思祈福法会,悼念洛嘎让赞。
洛嘎让赞自焚抗议之后不久,纽约的图伯特人陆续前往在自焚抗议的现场,敬献鲜花、哈达、进行祈福—并在悲痛中高喊口号抗议中国政府,呼吁联合国关注洛嘎让赞、关注图伯特问题。
世界各地的图伯特人为洛嘎让赞举办祈福法会、前往各国中国驻外机构前示威抗议。并誓言遵行洛嘎让赞先生的遗嘱,继续坚持为图伯特自由事业奋斗!立誓为流亡图伯特人的团结贡献力量!
洛嘎让赞于 1974 年出生在图伯特东部康区分甘孜扎麦玉如村,父亲叫索嘎,母亲叫多杰拉姆。1992年,离图伯特流亡印度,进入印度南部的甘丹寺北顶学院学习。约于 2006 年前往美国,之后长期居住于纽约,一直积极投身图伯特独立运动。当地时间 7 月 2 日下午约 6 时 30 分在纽约联合国总部大楼前的交通分隔島上自焚抗议,最终于当晚约 7 时许不幸离世。
最后,引用维吾尔人Ilshat H. Kokbore 的文章的话来结束这篇文章。
“一个人,只有当所有正常的表达都被当作是敌对而被漠视,所有和平的呼吁都被当作耳旁风而被无视,所有通向希望的大门都被关闭的时候,才会把自己的生命,化作一道燃烧的光,照向这个依然沉睡的世界。
火焰燃烧的,不只是身体。
它燃烧的是尊严,是信仰,是一个民族不愿屈服的灵魂。
它照亮的,也不仅仅是天空。
它照亮了世界本应看见、却始终不愿直视的苦难。”
这里为您提供该篇悼念文章的藏文翻译。在翻译过程中,人名、地名以及专有名词均根据藏语习惯进行了精准转换(如“洛嘎让赞”译为 བློ་དགའ་རང་བཙན།,“图伯特”译为 བོད་།,“藏人行政中央司政边巴次仁”译为 བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་། 等)。
我们为何流泪——写给自焚的图伯特兄弟
昨夜,我久久不能入睡。
那段视频,一遍又一遍地在我的眼前浮现。
联合国大厦前,风轻轻吹动着那面神圣的图伯特雪山狮子旗。旗帜猎猎作响,仿佛来自雪域高原的风,穿越了群山、峡谷和漫长的岁月,吹到了纽约,也吹进了每一个仍然相信自由的人心中。
然后,我看见了你。
图伯特兄弟——Lobga Rangzen。
你的神情平静而安然,没有愤怒的呐喊,没有激昂的姿态,也没有丝毫迟疑。那一刻,你仿佛不是走向死亡,而是走向久别的故乡;不是走向火焰,而是走向雪山;不是与世界诀别,而是去拥抱那些早已离散的亲人,去亲吻你魂牵梦萦的土地。
当火焰升起的时候,我的眼泪也落了下来。
我知道,没有人愿意成为火焰。
更没有人愿意让自己的身体,成为一个民族最后的语言。
作为一名维吾尔人,我没有资格要求你选择另一条道路,因为我知道,那是你信仰与理想的追求;那不是绝望,并非旁观者所能够体会和丈量;有些沉默,有些决绝,并不是语言可以表述和穿透的。
一个人,只有当所有正常的表达都被当作是敌对而被漠视,所有和平的呼吁都被当作耳旁风而被无视,所有通向希望的大门都被关闭的时候,才会把自己的生命,化作一道燃烧的光,照向这个依然沉睡的世界。
火焰燃烧的,不只是身体。
它燃烧的是尊严,是信仰,是一个民族不愿屈服的灵魂。
它照亮的,也不仅仅是天空。
它照亮了世界本应看见、却始终不愿直视的苦难。
对于维吾尔人来说,这样的痛苦并不陌生。
我们的信仰圣地清真寺被亵渎、被拆毁,我们的语言文字被禁止,我们的文化遭遇全面清洗,我们的家庭被迫分离、妻离子散,我们的知识分子被成千上万人地投入监狱,无数无辜普通人的命运,也在维吾尔种族灭绝的血雨腥风中家破人亡。
因此,当图伯特人在哭泣的时候,我们无法无动于衷。
因为我们知道,那不是一个民族的哭泣。
那是所有失去自由的民族共同的哭泣。
雪山与天山,相隔万里。
佛经与《古兰经》,吟诵着不同的信仰。
图伯特人与维吾尔人,说着不同的语言,拥有不同的传统。
然而,我们都深爱自己的母语,都珍惜祖先留下的文化,都希望自己的信仰能够得到尊重,都希望自己的孩子能够自由地成长,不必因为自己的民族身份而恐惧,不必因为自己的文化而沉默。
这些,本不应该是梦想。
这些,本应是人与生俱来的权利。
今天,当我写下这些文字的时候,我并不希望世界记住火焰本身。
我希望世界记住,一个人为什么不得不走进火焰。
我更希望,这道火焰能够成为最后一道。
愿你,是最后一位不得不用生命向世界呼喊的人。
愿未来,再没有年轻人用身体点燃希望,再没有母亲在火光中失去自己的孩子,再没有一个民族需要用死亡证明自己仍然活着。
愿有一天,图伯特高原上的风,不再带着悲伤。
愿有一天,天山脚下的风,也不再夹杂泪水。
愿雪山依旧洁白,愿绿洲依旧葱茏。
愿孩子们能够自由地说自己的语言,老人能够安静地诵读自己的经典,青年能够无惧地讲述自己的历史,每一个民族都能够堂堂正正地活在自己的土地上,以自己的名字,以自己的文化,以自己的尊严。
今天,我以一位维吾尔人的身份,为图伯特兄弟祈祷。
愿你的灵魂回到雪山。
愿你的勇气留在人间。
愿你的火焰,不再意味着牺牲,而终将化作照亮自由、尊严与和平的晨光。
如果眼泪能够跨越民族,那么今天,图伯特人的眼泪,也是维吾尔人的眼泪。
如果祈祷能够跨越信仰,那么今天,我愿以一位维吾尔人的虔诚,为你祈祷:
愿逝者安息。
愿生者坚强。
愿自由终将到来。
愿这片大地,再也没有人为自由而燃烧自己的身体。

