དྲུག་བཞིའི་ལས་འགུལ་དང་བོད་པའི་སློབ་ཕྲུག

རྒྱ་ནག་གི་དྲུག་བཞིའི་དམངས་གཙོ་ལས་འགུལ་བྱུང་ནས་མི་ལོ་༣༥ འཁོར་ཡོད་པ་དང་བསྟུན། ཉེ་ཆར་ཁ་ན་ཌར་གནས་བཞུགས་འབུམ་རམས་པ་རྒྱལ་ལོ་ལགས་ནས་བོད་དོན་ལས་འགུལ་བསྟི་གནས་ཁང་གི་བཅར་འདྲི་དང་ལེན་གནང་སྐབས། ཁོང་རང་ཉིད་དགུང་ལོ་༢༣ ཡིན་དུས་རྒྱ་ནག་གི་ལན་ཀྲུའུ་གྲོང་ཁྱེར་ནས་དྲུག་བཞི་ལས་འགུལ་ནང་དངོས་སུ་མཉམ་ཞུགས་བྱས་མྱོང་ཡོད་པར་མ་ཟད། སྐབས་དེ་དུས་རྒྱ་མི་སློབ་ཕྲུག་གཅིག་པུ་མ་ཡིན་པར། བོད་པ་དང་སོག་པོ། ཡུ་གུར་བ་ལ་སོགས་པ་རྒྱ་མི་མིན་པའི་སློབ་ཕྲུག་མང་པོ་ཞིག་ཀྱང་རྒྱ་ནག་གི་གྲོང་ཁྱེར་འདྲ་མིན་ནང་ནས་ལས་འགུལ་དེའི་ནང་མཉམ་ཞུགས་བྱས་ཡོད་པའི་གནས་ཚུལ་ངོ་སྤྲོད་གནང་འདུག ཚེ་རིང་དབང་མོ་ལགས་ནས་སྐབས་དེ་དུས་བོད་པའི་སློབ་ཕྲུག་ཚོ་དྲུག་བཞིའི་ལས་འགུལ་ནང་མཉམ་ཞུགས་ཇི་ལྟར་བྱས་ཡོད་མེད་དང་། ཁོང་རང་ཉིད་ཀྱི་མྱོང་ཚོར། དེ་བཞིན་བོད་པའི་སློབ་ཕྲུག་ཚོས་བཏོན་པའི་རེ་འདུན་དང་ལས་འགུལ་དེའི་ཤུགས་རྐྱེན་སོགས་ཀྱི་ཐད་ཁེ་ཎ་ཌའི་ཊོ་རོན་ཊོ་གཙུག་ལག་སློབ་ཆེན་གྱི་འབུམ་རམས་པ་དང་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཟུར་པ་རྒྱལ་ལོ་ལགས་སུ་བཅར་འདྲི་ལ་གསན་གཟིགས་གནང་རོགས།

ཨ་རིའི་རླུང་འཕྲིན་ཁང་གི་དྲ་རྒྱའི་ཐོག་ནས་འདྲེན་བཀོད་བྱས།

སྔོན་མ།
བོད་རྒྱའི་འབྲེལ་བའི་ལོ་རྒྱུས་དང་ད་ལྟའི་གནས་བབ།
རྗེས་མ།
བོད་རྒྱལ་ཁབ་ཅེས་པའི་བརྩམས་ཆོས་ཀྱི་སྐོར།

ལན་ཞོག

ཁྱེད་རང་གི་གློག་འཕྲིན་ཁ་བྱང་འགྲེམ་སྤེལ་མི་བྱ། Required fields are marked *

Fill out this field
Fill out this field
Please enter a valid email address.
You need to agree with the terms to proceed

keyboard_arrow_up