པུ་རངས་ཀྱི་མངའ་བདག་འོད་ལྡེ་ཡི་དྲག་པོའི་སྟོབས་ཤུགས་དང་ལ་དྭགས་བུ་རིགས་ནས་རྙེད་པའི་རྡོ་བརྐོས་ཡི་གེ་དབར་གྱི་འབྲེལ་བ་ལས་ཅུང་ཟད་འཕྲོས་པ།

འཆད་མཁན། གཅན་བཟོད་རྒྱམ།
བཞུགས་གནས། འཕགས་ཡུལ་བྷ་ཎ་ར་སི་ཧུན་དུ་གཙིག་ལག་སློབ་ཆེན།
ཆེན་ལས། ཕྱི་ནང་གི་ལྟ་གྲུབ་ཐད་ཀྱི་འབུམ་རམས་ཉམས་ཞིབ་པ།

གཏམ་བཤད་འདིར་བོད་ཀྱི་མངའ་རིས་ཀྱི་ནུབ་ཕྱོགས་ས་འབྲེལ་མར་ཡུལ་ལ་དྭགས་ཁོངས་གཏོགས་སུ་ཡོད་པའི་བུ་རིགས་རྫོང་ནས་རྙེད་པའི་མངའ་རིས་ཀྱི་མངའ་བདག་འོད་ལྡེ་ཡི་རྡོ་བརྐོས་ཡི་གེ་ངོ་སྤྲོད་དང་། དེ་མཚུངས་མངའ་བདག་འོད་ལྡེ་ཡིས་བྲུ་ཤ་དང་ལི་ཡུལ། འུ་ཐན་སོགས་སུ་དྲག་པོའི་དམག་དྲངས་ཏེ་མངའ་མཛད་པ་དང་དཔྱད་ཁྲལ་བསྡུས་ཚུལ། མངའ་རིས་ཀྱི་མངའ་བདག་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བོད་དུ་གདན་འདྲེན་པའི་ཕྱིར་དུ་གར་ལོག་སོགས་སུ་གསེར་འཚོལ་དུ་ཕེབས་སྐབས་གར་ལོག་གི་དམག་གིས་བཟུང་སྟེ་བཙོན་འཇུག་གིས་མཐར་གསེར་སྐུ་ཕུང་དང་ལྗིད་མཉམ་པས་བླུན་དགོས་ཚུལ་དང་། ཁོང་གི་ཡང་ཚ་བྱང་ཆུབ་འོད་ཀྱིས་གསེར་མང་པོ་བཙལ་ནས་ཁུ་བོ་གར་ལོག་གི་བཙོན་ནས་བླུ་བར་བརྩམས་པ་ན། ལྷ་བླ་མས་གསེར་གྱི་ང་བླུ་བ་བས་ཇོ་བོ་ཅིས་ཀྱང་བོད་དུ་གདན་འདྲེན་དགོས་པ། ང་བླུས་ཀྱང་ཚེ་རིང་པོ་མེད་ཚུལ་གྱིས་མཐར་གར་ལོག་གི་བཙོན་དུ་སྐུ་འདས་ཡོད་པའི་བཤད་ཚུལ་ཀྱི་ཐད་ལ་དོགས་སློང་བྱས་པ། བོད་ཀྱི་ལོ་རྒྱུས་ཡིག་ཆར་འཁོད་པའི་གནའ་བོའི་བྲུ་ཤ་དང་གར་ལོག་སོགས་དེང་སྐབས་ས་གནས་གང་དུ་ངོས་འཛིན་དགོས་མིན་གྱི་བསམ་ཚུལ་སོགས་གལ་གནད་ཆེ་ཞིང་དོན་སྙིང་གིས་ཕྱུགས་པའི་ལོ་རྒྱུས་དཔྱད་རིག་པའི་གཏམ་བཤད་ཅིག་ཡིན་པས། བོད་ཀྱི་རྒྱལ་རབས་ལོ་རྒྱུས་ལ་ཐུགས་སྣང་ཅན་དང་ཉམས་ཞིབ་སློབ་གཉེར་གནང་མཁན་ཚོས་ཅི་ནས་ཀྱང་གཟན་གཟིགས་གནང་གལ་ཆེ།

སྔོན་མ།
བོད་ཀྱི་ཏུན་ཧོང་ཞིབ་འཇུག་དེ་བྲག་ཕུག་དང་ལྡེབས་རིས་ཀྱི་སྟེང་དུ་འབབ་རན།
རྗེས་མ།
རྒྱའི་མིང་རྒྱལ་རབས་དང་ཆིང་རྒྱབ་རབས་སྐབས་ཀྱི་རྒྱའི་ཡིག་ཚང་དུ་འཁོད་པའི་བོད་དང་འབྲེལ་བའི་སྐོར་ངོ་སྤྲོད།

ལན་ཞོག

ཁྱེད་རང་གི་གློག་འཕྲིན་ཁ་བྱང་འགྲེམ་སྤེལ་མི་བྱ། Required fields are marked *

Fill out this field
Fill out this field
Please enter a valid email address.
You need to agree with the terms to proceed

keyboard_arrow_up