ཕྱི་ལོ་༢༠༢༤དང་གྱེས་པ།

གཡུ་ཞུན།་(ཨ་རི།)

བཞུད་པའི་ལམ་བུ་པགས་རྩག་རྙིང་པ་ཇི་བཞིན
གོང་ཁ་ན་ལྷགས་རླུང་ཤུར་ཤུར་ལྡིང
ཕྲག་ཁ་ན་ཟླ་འོད་སྨག་རུམ་ནང་ཟུག
ཚོན་མདོག་ཟད་པའི་ལྟེབ་ཁུག་རེ་རེ་ན
ཁ་བ་ས་ལ་ཟགས་པའི་རྗེས་ཤུལ་བག་ཏུ་ཉལ
འདས་སོང་གི་ཉིན་མཚན་རེ་རེའི་ཁུག་སོ་ན
དགའ་བ་དང་སྐྱོ་བ་སྡང་བ་ཡང་ན
ཞེན་ཆགས་དང་འཁང་ར་
ཡང་ན་ཕངས་པ
ལོ་ཟླས་འཁོར་མོའི་སྐྱིབས་ན་སྦེད

ཕྱི་ལོ་༢༠༢༥དང་གླན་པ

ཉི་ཟེར་གྱི་འོད་ཐིག་དང་པོ་ལ་རྩེ་ནས་འཕྲོ་སའི་ཡུལ
དུས་བཞིར་གོས་དཀར་བཀླུབས་པའི་ཁ་བའི་ཡུལ་དངཁ་བའི་མི
རྒྱང་རིང་གི་ཡུལ་ན་མཛེས་སྡུག་གིས་ཁེར་རྐྱང་དུ་འཚོ
སྙན་ངག་དང་རྨི་ལམ་གྱི་མེ་ཏོག་བཞད་ས
འཛུམ་ཆུང་ས་ལ་ལྷུང་ས་མིག་ཆུར་མུ་ཏིག་བརྒྱུས་ས
གཏམ་རྒྱད་ཀྱི་བྱུང་བ་བྱོ་སའི་ཁ་བའི་ཡུལ་དང་ཁ་བའི་མི
བློ་ཁོག་ཆེ་བ་བརྟན་བརླིང་ཡིད་དཀར་གྱི་བཙན་རྫོང
ས་མཐའི་འཁྱམས་པོའི་སེམས་པ་དྲོན་པོ་གླན་ས
རྒྱང་རིང་ཁ་བའི་ཡུལ་དང་ཁ་བའི་མི
འདང་བརྩེའི་སེམས་རྩ་གསོ་བའི་ཡུལ
ལོ་ལ་གསར་བར་དགའ་བདེ་སྤྲོ་སྐྱིད་ལྡན་པར་ཤོག
འབད་པའི་ལས་ལ་རེ་བའི་དངོས་གྲུབ་སྩོལ་བར་ཤོག

གཡུ་ཞུན་ནས
༠༡/༠༡/༢༠༢༥

 

 

 

སྔོན་མ།
སྲིད་པའི་ཞང་ཞུང་སྐོར་གྱི་རགས་བཤད། ཚན་པ་གཉིས་པ།
རྗེས་མ།
སོག་པོའི་རྟ་དམག་གིས་བོད་དུ་ཉི་ཧོང་གི་རལ་གྲི་ཀླད་ལ་གདེངས་པ་ཞེས་པའི་བརྩམས་ཆོས་ངོ་སྤྲོད། ཚན་པ་ཉུ་ཤུ་རྩ་གསུམ་པ།

ལན་ཞོག

ཁྱེད་རང་གི་གློག་འཕྲིན་ཁ་བྱང་འགྲེམ་སྤེལ་མི་བྱ། Required fields are marked *

Fill out this field
Fill out this field
Please enter a valid email address.
You need to agree with the terms to proceed

keyboard_arrow_up