བསྒྲགས་པ་ཙི་ནའི་རྒྱལ་རབས་ཀྱི་སྤྱི་དོན་ངོ་སྤྲོད། ཚན་པ་བཅུ་གསུམ་པ།

 འཆད་མཁན། གློག་ཞགས།

ངོ་སྤྲོད་ཚན་པ་བཅུ་གསུམ་པ།

རྩ་ཚིག་ལས། ཅིང་ལ་སྔ་རྗེས་གཉིས་སུ་ཤེས།།ཞེས་པ་ལྟར་དུ་ཅིང་ཤར་མའི་སྐོར་བཤད་པ། རྒྱལ་རབས་འདིར་རྒྱལ་པོ་བཅུ་གཅིག་བྱུང་། (སྤྱི་ལོ་༣༡༧—སྤྱི་ལོ༤༢༠བར།)

ཐོག་མཐའ་བར་གསུམ་དུ་ངེས་དགོས་པའི་གནད་ཚིག

ཐོག་མ། སྤྱི་ལོ་༣༡༧ལོར་ཅིང་ནུབ་མ་ཉམས་རྒུད་དུ་གྱུར་པ་དེ་ཤར་ཕྱོགས་ཀྱི་སི་མཱའི་རིགས་ཀྱིས་ཐོས་ནས་ཅིང་གི་རྒྱལ་རབས་ཉམས་མི་འོས་པར་དགོངས་ཏེ།སྤྱི་ལོ༣༡༨ལོར་ཤར་གྱི་ཕྱོགས་སུ་སི་མཱ་རཱེ་རྒྱལ་པོར་བསྐོས་ཏེ་ནན་ཅིན་རྒྱལ་སར་བྱས་ནས་ཏུ་བཙུག་པའི་ཀྲུང་གོའི་རྒྱལ་ཁབ་བམ་ཅིང་ཤར་མའི་རྒྱལ་རབས་ཚུགས།

མཐའ་མ། སྤྱི་ལོ་༤༢༠ལོར་ཅིང་ཤར་མའི་རྒྱལ་རབས་ཉམས་རྒུད་དུ་གྱུར་ནས་ལྷོ་ཕྱོགས་སུ་སྔ་རྗེས་ལ་ཀྲུང་གོར་རྒྱལ་ཁབ་བཞི་བྱུང་བར་ལྷོ་ཕྱོགས་ཀྱི་རྒྱལ་རབས་དང་ནུབ་བྱང་གི་རྒྱལ་ཁབ་དག་གིས་བཙུག་པའི་རྒྱལ་རབས་རྣམས་ལ་བྱང་ཕྱོགས་ཀྱི་རྒྱལ་རབས་ཞེས་ལྷོ་བྱང་རྒྱལ་རབས་ཟེར་བ་མགོ་ཚུགས།

བར་གྱི་གཟུང་བྱ། 1. ཝང་རུས་གཙོ་བོར་གྱུར་པའི་རུས་རྒྱུད་བཞིས་[1]སྲིད་སྐྱོང་རོགས་བྱས་པར་ཅིང་ཤར་མའི་ལོ་རྒྱུས་སུ་ཝང་དང་མཱ་ཡིས་གནམ་འོག་མཉམ་སྐྱོང་མཛད་ཅེས་པར་གྲགས། 2. མཐོ་རིམ་གྱི་སྐུ་དྲག་གི་རིགས་ཏེ་ཧྲི་རིགས་(士族,世族)སམ་ཧྭ་རིགས་(华族)དང་དམངས་ཕལ་བའི་རིགས་ལ་ཧྲུའུ་རིགས་(庶族)སམ་ཧན་རིགས་(寒族)ཞེས་ཧན་གྱི་རིགས་མངོན་གསལ་དོད་པོས་བཀར་བ་ཞིག་ཡིན་ལ།ད་ལྟའི་ཧན་རིགས་(汉族)ཞེས་པ་དེ་ནི་ཀྲུང་གོའི་མེ་སེར་རྒྱལ་རབསས་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་བའི་ད་ལྟ་ཁ་གཏད་དུ་ཡོད་པའི་ཀྲུང་གོའི་རྒྱལ་རབས་འདི་གཉིས་ཀྱིས་གསར་དུ་བཟོ་བཅོས་བྱས་པའི་མིང་བརྡ་ཙམ་ཡིན་། [1] རུས་བཞི།ཝང་།ཡུས།ཧྭན།ཞེ།(王氏,庾氏,桓氏,谢氏)

བོད་ཀྱི་རྒྱལ་རབས་གང་ཞིག་དང་དུས་མཉམ་ཡིན་པའི་དཔྱད་གཞི། ཚིགས་ལ་བཙན་ལྔའི་སྐབས། (སྤྱི་ལོ ༣༠༤—༤༥༢ལོའི་བར།)

སྔོན་མ།
 བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་མིན་ཞེས་པའི་དེབ་ངོ་སྤྲོད། ༥༦
རྗེས་མ།
ལྷ་སའི་དངོས་བྱུང་བདེན་དཔང་ངོ་སྤྲོད། ༢༧

ལན་ཞོག

ཁྱེད་རང་གི་གློག་འཕྲིན་ཁ་བྱང་འགྲེམ་སྤེལ་མི་བྱ། Required fields are marked *

Fill out this field
Fill out this field
Please enter a valid email address.
You need to agree with the terms to proceed

keyboard_arrow_up