བསྒྲགས་པ་ཙི་ནའི་རྒྱལ་རབས་ཀྱི་སྤྱི་དོན་ངོ་སྤྲོད། ཚན་པ་བཅུ་དགུ།

འཆད་མཁན། གློག་ཞགས།

རྩ་ཚིག་ལས། སུའི་ཐང་བརྒྱུད་དེ་རབས་ལྔར་གྱེས༎ཞེས་པ་ལས་ཐང་གུར་རྒྱལ་རབས་སྨད་མའི་སྐོར་བཤད་པ། ཐང་གུར་རྒྱལ་རབས་ལ་རྒྱལ་པོ་ཉི་ཤུ་བྱུང་། (སྤྱི་ལོ༦༡༨—སྤྱི་ལོ༩༠༧བར།)

ཐོག་མཐའ་བར་གསུམ་དུ་ངེས་དགོས་པའི་གནད་ཚིག

ཐོག་མ། སྤྱི་ལོ་༦༡༨ལོར་ཀྲོའུ་བྱང་མའི་གོང་བློན་ཀ་ཆེན་བརྒྱད་ཀྱི་ཡ་གྱལ་ལེའུ་ཧུ་ཡི་སྲས་ལེའུ་ཡོན་ལ་སུའི་རྒྱལ་པོ་མཐའ་མས་གོ་གནས་བཟང་སྤྲོད་མཛད་དེ་ཐང་ཆེན་པོའི་རྒྱལ་རབས་མགོ་ཚུགས། མཐའ་མ། སྤྱི་ལོ༩༠༧ལོར་ཀྲུའུ་ཝུན་གྱིས་ཐང་གུར་རྒྱལ་རབས་བརླགས།[1]

བར་གྱི་གཟུང་བྱ།

༡ ཐང་གུར་གྱི་རྒྱལ་རབས་སྟོད་མ།(༦༡༨-༦༩༠)

༢ བར་དུ་ཧན་རིགས་(寒族)ཀྱིས་བཙུག་པའི་ཝུའུ་ཀྲོའུ་རྒྱལ་རབས།(武周༦༩༠-༧༠༥)

༣ ཐང་གུར་གྱི་རྒྱལ་རབས་སྨད་མ།(༧༡༠-༩༠༧)

༤ ཐང་རྒྱལ་རབས་སྟོད་སྨད་གཉིས་ནི་ཀྲོའུ་བྱང་མའི་རྒྱལ་ཁབ་ཀྱི་ཆབ་སྲིད་ཀྱི་འཛིན་སྐྱོང་སྐབས་སུ་གོང་བློན་ཀ་ཆེན་བརྒྱད་ཟེར་བ་དང་དམག་སྤྱི་ཆེན་པོ་བཅུ་གཉིས་ཟེར་བ་དག་ནི་རྒྱལ་ཁབ་དེ་འཛིན་སྐྱོང་བྱེད་པའི་ཀ་ཆེན་ལྟ་བུར་གྱུར་ཡོད་ལ།དེ་ལས་ཀྲོའུ་བྱང་མའི་གོང་བློན་ཀ་ཆེན་བརྒྱད་ཀྱི་ཡ་གྱལ་ལེའུ་ཧུ་ཡི་སྲས་ལེའུ་ཡོན་གྱིས་བཙུག་པ་ཞིག་ཡིན་པ་མ་ཟད།རྒྱལ་རབས་ལྷོ་མའམ་ཧུའུ་ལྔའི་ཡ་གྱལ་ཞན་པེ་རིགས་ཀྱིས་བཙུག་པ་ཞིག་ཡིན་སྟབས།རྒྱལ་རབས་ལྷོ་མའམ་ཀྲུང་གོའི་རྒྱལ་རབས་སུ་བགྲང་ཐབས་མེད།

[1] ཀྲུའུ་ཝུན་གྱིས་ཐང་གུར་རྒྱལ་རབས་བརླགས་པ།朱温灭唐

སྔོན་མ།
བལ་ཡུལ་གྱི་ནང་པའི་གནས་ཆེན་ཁག་ངོ་སྤྲོད། ༡༦
རྗེས་མ།
བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་མིན་ཞེས་པའི་དེབ་ངོ་སྤྲོད། ༦༣

ལན་ཞོག

ཁྱེད་རང་གི་གློག་འཕྲིན་ཁ་བྱང་འགྲེམ་སྤེལ་མི་བྱ། Required fields are marked *

Fill out this field
Fill out this field
Please enter a valid email address.
You need to agree with the terms to proceed

keyboard_arrow_up