ཞང་ཡིག་དང་བོད་ཡིག་གི་འབྲེལ་བ།

 འཆད་མཁན། སྨན་རིའི་དགེ་བཤེས་ཤེས་རབ་དགེ་ལེགས།

གཏམ་བཤད་འདིའི་ནང་དོན་གནད་བསྡུས།

གདོད་མའི་དུས་ཀྱི་ཡི་གེ་སྤྱི་དང་། ལྷག་པར་དུ་འདྲ་གཟུགས་ཀྱི་ཡི་གེ་དང་དེའི་འགྱུར་བའི་བརྒྱུད་རིམ་ཁྲོད་ཀྱི་དབྱངས་གསལ་གྱི་ཡི་གེ། དེ་བཞིན་དུ་གནའ་བོའི་ཞང་ཞུང་གི་ཡི་གེའི་ངོ་བོ་དང་སྟོན་པ་གཤེན་རབ་ཀྱིས་ལེགས་བཅོས་མཛད་པ། གཞན་ཡང་གདོད་མའི་བོད་ཀྱི་ཡི་གེ་དང་རྒྱ་གར་གྱི་གནའ་བོའི་སིན་དྷུའི་ཡི་གེའི་བར་གྱི་འབྲེལ་བ། རྒྱ་གར་གྱི་ཚངས་པའི་ཡི་གེ་དང་དེའི་རྒྱུད་པ་ཕྱི་མ་ཀུབྟའི་ཡི་གེ། ཀུབྟའི་ཡི་གེ་དང་བོད་ཡིག་དབུ་ཅན་བར་གྱི་འབྲེལ་བ་སོགས་གཅིག་ལ་གཅིག་བརྟེན་དང་། མིའི་རིགས་ཀྱི་རྣམ་དཔྱོད་རིམ་པར་འཕེལ་བ་དང་བསྟུན་ནས་ཡི་གེ་ཡང་སྟབས་ཇེ་བདེར་བཏང་བ། དེའི་དབང་གིས་སྟབས་བདེར་ཕྱིན་པའི་ཡིག་གཟུགས་ཀྱི་རྩ་བའི་འདྲ་གཟུགས་ཀྱི་རི་མོ་གང་ཡིན་ངོས་ཟིན་དཀའ་བ་དེ་ལྟ་ན་ཡང་། ད་དུང་རི་མོའི་རྣམ་པ་མ་ཡལ་བའི་ཡིག་གཟུགས་ལྷག་མ་དེ་དག་གིས་གདོད་མའི་ཡིག་གཟུགས་དང་དེང་སྐབས་ཀྱི་ཡིག་གཟུགས་བར་གྱི་མ་བུའི་འབྲེལ་བ་གསལ་སྟོན་བྱེད་ཐུབ་པ་ཡིན། དེའི་དབང་གིས་མཐོ་སྒང་གི་གནས་འདི་གདོད་མའི་དུས་ནས་རིག་པའི་གཞུང་ལུགས་འཕེལ་རྒྱས་ཆེ་བའི་ཡུལ་གྲུ་ཞིག་ཡིན་པ་ལས། ཕྱིས་ཀྱི་བཤད་ཚུལ་ལྟ་བུའི་མུན་པ་དང་ཀླ་ཀློའི་ཡུལ་གྲུ་འཇིགས་སུ་རུང་བ་དེ་ལྟ་བུ་ཞིག་མིན་པ་ནི་ལོ་རྒྱུས་ཀྱིས་དུམ་བུ་དེ་དག་གིས་གཟུ་དཔང་བྱེད་ཐུབ་པ་ཡིན།

སྔོན་མ།
རྒྱལ་རབས་བོན་འབྱུང་དང་། གླེང་གཞི་བསྟན་པའི་བྱང་ཁུངས་ཀྱི་ནང་དོན་དང་ཞུ་སྒྲིག་གི་སྐོར། ༼སྨད་ཆ༽
རྗེས་མ།
བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་མིན་ཞེས་པའི་དེབ་ངོ་སྤྲོད། ༧༤

ལན་ཞོག

ཁྱེད་རང་གི་གློག་འཕྲིན་ཁ་བྱང་འགྲེམ་སྤེལ་མི་བྱ། Required fields are marked *

Fill out this field
Fill out this field
Please enter a valid email address.
You need to agree with the terms to proceed

keyboard_arrow_up