ཡེར་ཁེན་དེ་སྡེ་པ་གཞུང་གི་ཁྱབ་ཁོངས་ཡིན་ནམ།

 འཆད་མཁན། ཆབ་མདོ་བློ་བཟང་ཤེས་རབ།

ཆེད་ལས། རྩོམ་པ་པོ་དང་ལོ་རྒྱུས་དང་རིག་གཞུང་ཞིབ་འཇུག་པ།

བརྗོད་དོན། ཡེར་ཁེན་དེ་སྡེ་པ་གཞུང་གི་ཁྱབ་ཁོངས་ཡིན་ནམ། མཁྱེན་ཡངས་སྐུ་ཞབས་ཆབ་མདོ་བློ་བཟང་ཤེས་རབ་ལགས་ཀྱིས་དཔེ་ཀློག་དང་ཉམས་ཞིབ་ཁྲོད་ནས་༧གོང་ས་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་དུས་སྐབས་སུ་བོད་ཀྱི་ནུབ་བྱང་ས་ཁུལ་དུ་འཁེལ་བའི་ཡེར་ཁེན་ནམ་ཤར་ཏུར་ཀི་སི་ཐན་ཞེས་པའི་ཡུལ་དེ་དང་བོད་གཞུང་དགའ་ལྡན་ཕོ་བྲང་དབར་གྱི་འབྲེལ་བ་དང་། ཡེར་ཁེན་དེ་དུས་སྐབས་དེར་བོད་གཞུང་གི་ཁྱབ་ཁོངས་སུ་ཡོད་མེད། སྐབས་དེའི་བོད་གཞུང་དགའ་ལྡན་ཕོ་བྲང་དང་མཚོ་སྔོན་ཁུལ་གྱི་སོག་པོ་དབར་གྱི་འབྲེལ་བ། ཡེར་ཁེན་དང་བོད་སོགས་བཅས་ཀྱི་འབྲེལ་བ་སོགས་ཀྱི་ཐད་ནས་ ༧གོང་ས་ལྔ་པ་ཆེན་པོའི་རྣམ་ཐར་དུ་ཀཱུ་ལའི་གོས་བཟང་གཙོས་ཡིག་ཆ་གཞན་མང་པོར་དབྱེ་ཞིབ་གནང་སྟེ་དབྱེ་ཞིབ་གཏིང་ཟབ་ཀྱིས་གསུང་བཤད་དོན་སྙིང་ལྡན་པ་ཞིག་གནང་ཡོད་པར་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་ལྷག་པར་དུ་ཉེ་རབས་ལོ་རྒྱུས་ཁྲོད་ཁུ་སུམ་མེར་གྱུར་བའི་དོན་དངོས་ཞིག་བསྐྱར་དུ་གླེང་སློང་གནང་སྟེ། བོད་ཀྱི་ཆོས་སྲིད་མངའ་ཐང་གི་ཁྱབ་ཚད་དང་སྟོབས་ཤུགས་ལ་ལྟ་སྟངས་དང་ནུས་པ་གསར་པ། ཞིབ་འཇུག་གི་ཁ་ཕྱོགས་ལ་སྣོན་མའི་ཕྲ་རྒྱན་ཞིག་བཏབ་འདུག་སྙམ་ཞིང་། དེང་སྐབས་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ནང་དོར་བའམ་མཐོང་རྒྱུ་མེད་པའི་གནས་ཚུལ་འདི་ལྟ་བུ་བོད་སྐད་ནང་འདི་ལྟའི་ཞིབ་འཇུག་གསར་པ་གོ་ཐོས་ཉུང་སྟབས་དོ་སྣང་བྱེད་རིན་ཆེ་ཞིང་། ཞིབ་ཏུ་གསུང་བཤད་ལ་གསན་གཟིགས་གནང་རྒྱུ་དང་། ཁྱེད་ཀྱིས་བླ་མཁར་གྱི་གསུང་བཤད་སྒྲ་སྒམ་དག་ལ་གསན་གཟིགས་གནང་རྗེས་མོས་རྟགས་འདེབས་པ་དང་། བཤེར་འདྲེན་བྱས་པ། དགོངས་ཚུལ་ཞབས་མཆན་འདེབས་པ་རྒྱལ་སྐྱོར་གནང་རོགས་ཞུ།

སྔོན་མ།
བལ་པོའི་རྒྱལ་རབས། བལ་ཡུལ་ནང་མི་རིགས་གང་དག་ཡོད་མེད་སྐོར།
རྗེས་མ།
གོར་བོད་དམག་འཁྲུག་སྔ་ཕྱི་རིམ་པ་གསུམ་གྱི་སྤྱི་བཤད། ༡༽

ལན་ཞོག

ཁྱེད་རང་གི་གློག་འཕྲིན་ཁ་བྱང་འགྲེམ་སྤེལ་མི་བྱ། Required fields are marked *

Fill out this field
Fill out this field
Please enter a valid email address.
You need to agree with the terms to proceed

keyboard_arrow_up