རྒྱ་གར་ཤར་ཕྱོགས་ཨོ་ཊི་བི་ཤའམ་ Odisha ཀ་ལིང་ཀའི་ཡུལ་དུ་ནང་བསྟན་གསང་སྔགས་ཀྱི་བསྟན་པ་དར་བའི་སྐོར།

 གཏམ་བཤད་གནང་མཁན། སྐུ་ཞབས་དཔལ་ལྡན་བོད་དམ་བློ་བཟང་དཔལ་ལྡན།

ཆེད་ལས། འདྲ་པར་དང་བརྙན་ལེན་གྱི་ལམ་ནས་ལོ་རྒྱུས་ཡིག་ཚགས་རྩོམ་སྒྲིག་གནང་མཁན།

 བརྗོད་སྙིང་། རྒྱ་གར་ཤར་ཕྱོགས་སུ་ཡོད་པའི་གནའ་བོའི་ནང་པའི་གནས་ཆེན་ཨོ་ཊི་བི་ཤའམ་ཀ་ལིང་ཀའི་ཡུལ་དུ་གསང་སྔགས་ཀྱི་བསྟན་པ་དར་བའི་སྐོར་དང་། གནས་དེའི་དེང་སྐབས་ཀྱི་གནས་སྟངས་ངོ་སྤྲོད། དེ་དང་འབྲེལ་བའི་གནས་ཚུལ་གཞན་དག་ས་ཁྲ་དང་པར་རིས་ཀྱི་ལམ་ནས་ངོ་སྤྲོད་ཧ་ཅང་ཡག་པོ་གནང་འདུག་པས་ཐུགས་སྣང་གནང་རིན་ཆེན་པོ་ལྡན་ཞིང་། ནང་པའི་གསང་སྔགས་ཀྱི་བསྟན་པ་ཤུགས་ཆེར་དར་འཕེལ་བྱུང་མྱོང་སའི་གནས་འདིའི་ངོ་སྤྲོད་ཁོང་གི་གཏམ་བཤད་འདི་ལྟ་བུ་པར་རིས་དང་བརྙན་ལམ་ནས་བྱས་པ་བོད་སྐད་ནང་དུ་མེད་ཅིང་། ངོ་སྤྲོད་གཏམ་བཤད་འདི་ནི་སྐུ་ཞབས་དཔལ་ལྡན་ཁོང་རང་ཉིད་དངོས་སུ་ས་གནས་ས་ཐོག་ཏུ་ཕེབས་ཏེ་ཞིབ་འཇུག་རྒྱུས་ལོན་དང་། འགྲེམ་སྟོན་ཁང་ལ་ཆོག་མཆན་ཞུ་ས་ཏེ་འགྲེམ་སྟོན་ཁང་ནང་གི་གནའ་བོའི་རྡོ་བརྐོས་གལ་ཆེ་བ་ཁག་ཅིག་དང་ཕྱི་རོལ་གང་སར་ཡོད་པའི་རྡོ་སྐུ་བཅས་འདྲ་པར་དང་བརྙན་བརྒྱ་ལྷག་བླངས་པ་རྣམས་ཕྱོགས་བསྡུས་ཀྱིས་ཁ་གསལ་ཞིང་གོ་བདེ་བའི་ལམ་ནས་ངོ་སྤྲོད་གནང་བ་ཞིག་ཡིན་ཞིང་། ཁོང་གི་གཏམ་བཤད་འདིའི་དགོས་དམིགས་ནི་བོད་མི་དད་ལྡན་པ་དང་ལོ་རྒྱུས་ཞིབ་འཇུག་པ་རྣམ་པར་རྒྱུས་སྟོན་ནམ་རྒྱུ་ཆ་མཁོ་སྤྲོད་གནང་བ་ཙམ་ཡིན་ཚུལ་གསུངས་བྱུང་། བོད་མི་ཚོའི་བློ་ཡུལ་ན་མེད་པའི་ནང་བསྟན་གསང་སྔགས་ཀྱི་གནས་ཆེན་འདི་ལྟ་བུ་བོད་སྐད་ནང་པར་དང་བརྙན་རིས་ཀྱི་ལམ་ནས་ངོ་སྤྲོད་གནང་བ་མ་ཟད། ཐེངས་འདིའི་གཏམ་བཤད་སྒྲ་སྒམ་ཨང་བརྒྱད་པ་འདི་ཁོང་རང་གིས་བཟོ་བསྒྲིགས་གནང་བ་ཡིན་པས། བླ་མཁར་གྱི་ངོས་ནས་སྐུ་ཞབས་ཁོང་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་རྒྱུ་དང་། སླད་མར་ཡང་རྒྱ་བལ་འབྲུག་གསུམ་སོགས་ཀྱི་གནས་ཆེན་ཁག་ངོ་སྤྲོད་དང་། རྒྱུས་སྟོན་ཡོང་བའི་རེ་བ་སྙིང་ནས་ཞུ།

སྔོན་མ།
བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་མིན་ཞེས་པའི་དེབ་ངོ་སྤྲོད་མདོར་བསྡུས།
རྗེས་མ།
བལ་ཡུལ་རྒྱལ་རབས་རིམ་བྱོན།

ལན་ཞོག

ཁྱེད་རང་གི་གློག་འཕྲིན་ཁ་བྱང་འགྲེམ་སྤེལ་མི་བྱ། Required fields are marked *

Fill out this field
Fill out this field
Please enter a valid email address.
You need to agree with the terms to proceed

keyboard_arrow_up