ལྕགས་མོའི་སྨྱན་སྦྱོར། སུམ་བཅུ་སོ་དྲུག་པ།

བོད་ནང་གི་གསར་འགྱུར།
༡) བདེ་ཆེན་ཁུལ་དུ་རྒྱ་ནག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟླ་བའི་བྱ་འགུལ་ཐེངས་བཅུ་བདུན་པ་ཟེར་བ་སྤེལ་ཏེ་ལས་ཁུངས་དང་སློབ་གྲྭ་སྡེ་བ་དགོན་པ་སོགས་ཀྱི་ནང་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཁྲིམས་ཟེར་བ་སྐུལ་སྤེལ་བྱེད་པ་དྲིལ་བསྒྲགས་བྱེད་ཀྱིན་འདུག

བཙན་བྱོལ་བོད་ཀྱི་གསར་འགྱུར།
༡) པི་ཏི་མི་མང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མི་འགྱངས་པར་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་རེད།་
༢) བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་བཀོད་སྒྲིག་འོག་རྒྱ་གར་ནང་ཞི་ཅིན་ཕེན་ BRICS ཆེས་མཐོའི་ལྷན་ཚོགས་ཐོག་ཡོང་རྒྱུར་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག

རྒྱལ་སྤྱིའི་གསར་འགྱུར།
༡) མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་འགན་འཛིན་གྱིས་བོད་ནང་གི་གནས་སྟངས་ཇེ་སྡུག་འགྲོ་བཞིན་པར་ཐུགས་འཚབ་དང་བོད་མིའི་ཐོག་རྒྱ་ནག་གིས་ལག་བསྟར་སྲིད་ཇུས་དེ་རིགས་ལ་མྱུར་དུ་འགྱུར་བ་གཏོང་དགོས་པའི་འབོད་སྐུལ་བྱས་འདུག
༢)ཧོང་ཀོང་མཐོ་རིམ་ཁྲིམས་ཁང་ནས་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་འགོ་ཁྲིད་ཟུར་བ་གསུམ་ལ་ཉེས་ཆད་བཅད་པར་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དཔོན་རིགས་ནས་ཁོང་ཚོའི་བཅད་ཁྲ་དེ་ཕྱིར་འཐེན་དགོས་པའི་འབོད་སྐུལ་བྱས་འདུག
༣) ཨ་རིའི་ནང་༩པའི་༡༡གི་འཇིགས་སྐུལ་དྲག་སྤྱོད་པའི་འཇབ་རྒོལ་བྱས་ནས་ལོ་༢༥འཁོར་བའི་དུས་དྲན་ཉིན་ནིའུ་ཡོག་དང་ཕན་ཌ་གྷན།ཕེན་སོ་ཝེ་ནི་ཡ་བཅས་ས་ཚིགས་གསུམ་ནས་རྗེས་དྲན་མཛད་སྒོ་འཚོག་ཡོད།

དཔྱད་གཏམ།
དེ་རིང་གི་དམིགས་བསལ་ལེ་ཚན་ནང་ད་ལྟ་རྒྱ་གར་ནང་ཚེ་རིང་མཐར་ཕྱིན་ལགས་ནས་བོད་རང་བཙན་གོམ་བགྲོད་དང་ཨ་རིའི་ནང་བསོད་ནམས་རྡོ་རྗེ་ལགས་ནས་བོད་རང་དབང་གོམ་བགྲོད་ཅེས་བོད་མི་སྒེར་བ་གཉིས་ཀྱིས་གོམ་བགྲོད་ལས་འགུལ་ཟླ་གཅིག་ལྷག་རིང་སྤེལ་བཞིན་པའི་སྐོར་ཁོང་རྣམ་གཉིས་ལ་བཅར་འདྲི་བྱས་ཡོད།

སྔོན་མ།
༄༅། །ཡུལ་ཆོས་ཞིབ་འཇུག་པད་དཀར་ཆུན་པོ་ཞེས་བྱས་བ་བཞུགས་སོ།།

Leave a Reply

keyboard_arrow_up