ལྕགས་མོའི་སྨྱན་སྦྱོར། བཞི་བཅུ་ཞེ་གཅིག་པ།

བོད་ནང་གི་གསར་འགྱུར།

༡ རྒྱ་ནག་གིས་བོད་ཀྱི་དགེ་འདུན་པ་རྣམས་རྒྱ་ནག་དམག་མིའི་དུར་འཇུག་ཁང་དུ་ལྟ་སྐོར་ལ་ཁྲིད་ནས་ཁ་བཏགས་ཕུལ་དུ་འཇུག་གི་ཡོད་པའི་གནས་ཚུལ་ཐོན་འདུག

བཙན་བྱོལ་བོད་ཀྱི་གསར་འགྱུར།

༡ ༧གོང་ས་རྒྱལ་ས་རིན་པོ་ཆེ་མཆོག་གིས་འཆར་ཅན་དད་ལྡན་པར་མཇལ་ཁ་སྩོལ་བཞིན་པ་ལྟར་སོག་ཡུལ་ནས་ཕེབས་པའི་དད་ལྡན་པ་གཙོས་པའི་མཇལ་འཅར་བ་སུམ་བརྒྱ་ལྷག་ལ་མཇལ་ཁ་བསྩལ་བ།

༢ བོད་མིའི་སྒྲིག་འཛུགས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ད་ལྟ་ཨ་རིའི་རྒྱལ་སར་གཞུང་འབྲེལ་གཟིགས་སྐོར་གནང་བཞིན་པ་ལྟར་ཨ་རིའི་གྲོས་ཚོགས་འཐུས་མི་སོགས་གནད་ཡོད་མི་སྣར་མཇལ་འཕྲད་ཀྱིས་བོད་ཀྱི་གནས་སྟངས་སྐོར་གླེང་མོལ་གནང་བ། ༣ གཞུང་ཁོངས་མ་ཡིན་པའི་སྒྲིག་འཛུགས་ Safeguard Defendersཞེས་པའི་ཚོགས་པས་སྙན་ཐོ་ཞིག་བཏོན་པའི་ནང་རྒྱ་ནག་གིས་བཙན་བྱོལ་བོད་མི་དང་ཡུ་གུར་བ་སོགས་ཀྱི་ཐོག་ལྟ་སྲུང་ནན་མོ་བྱེད་ཀྱི་ཡོད་པ་ཐེར་འདོན་བྱས་འདུག

རྒྱལ་སྤྱིའི་གསར་འགྱུར།

༡ ཨ་རིའི་ཚན་རྩལ་འཕྲུལ་རིག་རྩེར་སོན་Nvidiaཚོང་ལས་ཁང་གི་ལག་བསྟར་འགན་འཛིན་ཇེ་སེན་ཧོང་གི་དགའ་རོགས་ཧོང་ལི་རྒྱ་ནག་གི་མྱུལ་མ་ཡིན་པར་དོགས་གཞིའི་འོག་ཁོང་གིས་ཚོང་ལས་ཁང་གི་འགན་འཛིན་ནས་དགོངས་པ་ཞུས་བ་མ་ཟད་གནས་ཚུལ་རྩད་ཞིབ་ཆེད་ཨ་རིའི་གྲོས་ཚོགས་ཀྱི་འབྲེལ་ཡོད་ལས་དོན་ཚོགས་ཆུང་གིས་ཁོང་གྲོས་ཚོགས་ནང་ཞིབ་རྟོག་ཆེད་འབོད་འགུག་བྱེད་ཀྱི་ཡོད་པ་རེད།

༢ ཨ་རིའི་དམིགས་བསལ་སྐུ་ཚབ་ཀྱིས་ར་ཞི་ཡའི་སྲིད་འཛིན་ཕུའུ་ཌེན་དང་ཐུག་འཕྲད་བྱས་འདུག

དཔྱད་གཏམ།

དེ་རིང་གི་དཔྱད་གཏམ་ལེ་ཚན་ནང་དུ་ད་ལོའི་ཕྱི་ཟླ་བདུན་པའི་ཟླ་དཀྱིལ་ནས་བཟུང་རྒྱ་གར་ངྷ་རམ་ས་ལ་ནས་ལ་དྭགས་དེ་ནས་ཕྱིར་ངྷ་སའི་བར་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཆེད་གོམ་བགྲོད་གནང་མཁན་སྐལ་བཟང་མཐར་ཕྱིན་ལགས་ཀྱི་ཀ་ཁ་ག་ང་རྣམ་པར་རྒྱལ་ཅིག་ཅེས་པའི་ལས་འགུལ་གྱི་ངོ་བོ་སོགས་ཀྱི་ཐད་ཁོང་ལ་ཐད་ཀར་བཅར་འདྲི་གནང་ཡོད།

སྔོན་མ།
རྒྱ་ནག་གཞུང་གིས་དགེ་རྒྱལ་ལོ་མཆོག་ཁྲིམས་གཏུགས་བྱས་པའི་སྐོར་གྱི་བགྲོ་གླེང་།
རྗེས་མ།
འབུམ་རམས་པ་རྒན་རྒྱལ་ལོ་མཆོག་ལ་རྒྱ་ནག་གིས་ཁྲིམས་གཏུགས་སྐོར་ཀྱི་བགྲོ་གླེང་བརྙན་འཕྲིན་ཕྱོགས་བསྡུས།

Leave a Reply

keyboard_arrow_up