ལྕགས་མོའི་སྨྱན་སྦྱོར། སུམ་ཅུ་སོ་བརྒྱད་པ།

བོད་ནང་གི་གསར་འགྱུར།

༡ བོད་ནང་ནག་ཆུ་སྦྲ་ཆེན་རྫོང་དུ་ས་འགུལ་ཚད་རིམ་བདུན་ཅན་རྒྱུགས་ནས་ད་ལྟའི་བར་མི་གྲངས་༡༦རྐྱེན་འདས་དང་མི་གྲངས་བདུན་ཅུ་ལྷག་ལ་རྨས་སྐྱོན་བྱུང་བ་རྒྱ་ནག་གཞུང་ཕྱོགས་ཀྱི་གསར་འགྱུར་ནང་བརྗོད་བཞིན་ཡོད་ཀྱང་ས་གནས་རང་གི་མང་ཚོགས་ལ་འབྲེལ་བ་བྱེད་ཐུབ་མེད་།

བཙན་བྱོལ་བོད་ཀྱི་གསར་འགྱུར།

༡ ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཉེ་ཆར་ངྷ་རམ་ས་ལའི་ཐེག་ཆེན་གཙུག་ལག་ཁང་དུ་བོད་བརྒྱུད་ནང་བསྟན་གྱི་སྐབས་དགུ་བའི་དགེ་བཤེས་མའི་བསླབ་པ་མཐར་སོན་གྱི་མཛད་སྒོར་ཆིབས་བསྒྱུར་བསྐྱངས་བ།

༢ བོད་ནག་ཆུ་སྦྲ་ཆེན་ནང་ས་འགུལ་གྱི་གོད་ཆགས་བྱུང་མ་ཐག་བོད་མིའི་སྒྲིག་འཛུགས་ཀྱིས་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་འཚོག་པའི་ཐོག་སྲིད་སྐྱོང་མཆོག་གིས་རང་བྱུང་གོད་ཆག་དེར་གདུང་སེམས་མཉམ་བསྐྱེད་དང་ས་གནས་ཀྱི་གནས་སྟངས་དངོས་ཀྱི་ཐད་བློ་འཚབ་གནང་གི་འདུག

༣ ཉེ་ཆར་བོད་མའི་སྒྲིག་འཛུགས་ཀྱིས་ཨོ་གླིང་དང་ཐེ་ཝན་ནང་བོད་ཀྱི་སྐུ་ཚབ་དོན་གཅོད་གསར་བ་གཉིས་བསྐོ་བཞག་གནང་བ། ༤ ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་དུས་སྟོན་ཐེངས་གཉིས་བ་སྤེལ་བ།

རྒྱལ་སྤྱིའི་གསར་འགྱུར།

༡ ཨ་རིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་རང་དབང་ཁང་པས་ཕྱི་ལོ་༢༠༢༦ལོའི་འཛམ་གླིང་གི་དྲ་གནས་རང་དབང་གནས་སྟངས་ཐད་ཀྱི་སྙན་ཐོ་བཏོན་པའི་ཁྲོད་རྒྱ་ནག་ནི་དྲ་གནས་དམ་དྲག་ཐད་ཆེས་སྡུག་ཤོས་ཀྱི་ཡུལ་གྲུ་དེ་ཆགས་ཡོད།

༢ ཨ་རིའི་སློབ་ཆེན་སུམ་ཅུ་ལྷག་གིས་བདེ་འཇགས་ཉེན་ཁའི་ཆེད་ཕྱི་རྒྱལ་གྱི་སྡེ་ཁག་དང་མཉམ་འབྲེལ་བྱེད་རྒྱུ་མཚམས་འཇོག་བྱས་བ་ཨ་རིའི་རྒྱལ་སྲུང་ལྷན་ཁང་གིས་གསལ་བསྒྲགས་སྤེལ་བ་དང་རྒྱ་ནག་གིས་དེར་སྐྱོན་བརྗོད་བྱས་འདུག

༣ ཡུཀ་རེན་དང་ར་ཞི་ཡ་ཨ་རི་བཅས་བར་གྱི་ཞི་བདེའི་གྲོས་མོལ་ཕྱི་ཟླ་༡༡པའི་ཚེས་མགོར་གནང་རྒྱུ་ཡུག་རེན་གྱི་སྲིད་འཛིན་ནས་བརྗོད་འདུག དཔྱད་གཏམ། དེ་རིང་གི་དཔྱད་གཏམ་ལེ་ཚན་ནང་དུ་ཉེ་སྔོན་རྒྱ་ནག་གཞུང་གིས་མགོ་ལོག་རྨ་ཆེན་རྫོང་ཁོངས་ཀྱི་བོད་ཡིག་སློབ་གྲྭ་གསུམ་སྒོ་བརྒྱབ་ཡོད་པ་དང་འབྲེལ་ནས་དེའི་དམིགས་ཡུལ་དང་ད་ལྟ་སློབ་མ་དེ་དག་གང་དུ་ཡོད་པ་སོགས་ཀྱི་ཐད་བོད་ཀྱི་སློབ་གསོ་སྤྱི་ཚོགས་རིག་པ་བ་འབུམ་རམས་པ་རྒྱལ་ལོ་ལགས་སུ་བཅར་འདྲི་བྱས་ཡོད།

 

སྔོན་མ།
Richard Gere དང་མཉམ་དུ་གླེང་མོལ།
རྗེས་མ།
མགོ་ལོག་ཏུ་བོད་སློབ་སྒོ་བརྒྱབ་དང་རྒྱ་བསྒྱུར་ལ་སེམས་འཚབ།

Leave a Reply

keyboard_arrow_up