བོད་ཀྱི་སྙན་ངག་པ་གྲགས་ཅན་གཅན་མེ་སྟག་ལགས།

དེ་རིང་གི་གངས་ལྗོངས་གླེང་སྟེགས་ཞེས་པའི་ལེ་ཚན་ནང་། བོད་ཀྱི་སྙན་ངག་པ་གྲགས་ཅན་གཅན་མེ་སྟག་ལགས་སྐུ་འཚོ་བཞུགས་སྐབས་སུ་འདི་གའི་རླུང་འཕྲིན་ཁང་གིས་ཁོང་ལ་སྙན་ངག་སྐོར་གྱི་བཅར་འདྲི་ཞུས་པའི་ཚན་པ་གཉིས་དང་། བྱེས་ཀྱི་སྙན་ངག་པ་དག་གིས་ཁོང་དང་འབྲེལ་བའི་སྙན་ངག་གྱེར་འདོན་བྱས་པ་ཁག་གཅིག་ཀེ་ཐོ་ཡིས་ཕྱོགས་བསྡུས་བྱས་པར་གསན་རོགས་གནོངས།

གངས་ལྗོངས་གླེང་སྟེགས།

གཞིས་ཀྱི་སྙན་ངག་པ་གྲགས་ཅན་གཅན་མེ་སྟག

བྱེས་ཀྱི་རྩོམ་པ་པོའི་སྡེས་རྗེས་དྲན་དུ་ཕུལ་བའི་སྙན་ངག་གྱེར་འདོན་པ།

བཅུད་པར་རྫ་སྐྱེས། གཡུ་ཞུན། འ་དོན་ཉི། ཆང་སྐྱེས། ཆབ་བྲག་ལྷ་མོ་སྐྱབས། གཅན་ཡུ་མོ། ཨ་འཇམ།

གཅན་མེ་སྟག་ལ་ཕུལ་བའི་དྲི་བ།

༡ ཁྱེད་རང་དེང་རབས་བོད་ཀྱི་རྩོམ་སྟེགས་སུ་སྐད་གྲགས་ཅན་གྱི་སྙན་ངག་པ་ཞིག་ཡིན་པས། ཁྱེད་རང་གསར་རྩོམ་གྱི་ལས་ལ་ཞུགས་པའི་བརྒྱུད་རིམ་ཞིག་གསུང་ན་འགྲིག་གམ།
༢ སྙན་ངག་ལ་འཛམ་གླིང་གི་སྙན་ངག་པ་མང་བོས་་ཟུར་ངོས་གང་རུང་ནས་བཞག་པའི་ངོས་འཛིན་སྟངས་སམ་ལྟ་གྲུབ་མང་བོ་ཞིག་ཡོད་པས། ཁྱེད་ཀྱིས་སྙན་ངག་ཟེར་བ་དེ་ཅི་ལྟ་བུ་ཞིག་ལ་ངོས་འཛིིན་གནང་གིན་ཡོད།
༣ སྙན་ངག་ནི་མིའི་ཚོགས་སྡེའམ་སྤྱི་ཚོགས་ཐུན་མོང་གི་མཛེས་དཔྱོད་ཀྱི་སེམས་སྒྲ་སྟོན་སྤྱད་ཅིག་རེད་དམ། ཡང་ན་མི་སྒེར་གྱི་ཐུན་མོང་མ་ཡིན་པའི་མཛེས་དཔྱོད་ཀྱི་འཚོལ་སྙེག་ཁེར་རྐྱང་བ་ཞིག་རེད།
༤ སྙན་ངག་ནི་རང་བྱུང་ཁམས་སམ་མིའི་རང་གཤིས་སུ་སྙེག་པའི་རིག་པ་ཞིག་ཡིན་ནམ་རང་བྱུང་ངམ་མིའི་རང་གཤིས་དང་ཁ་གྱེས་སྟངས་ཀྱི་རིག་པ་ཞིག་རེད། ཡང་ན་གཞན་ཞིག་རེད།
༥ མིའི་རིགས་ཀྱི་རང་གཤིས་ནི་མིའི་རིགས་ཀྱི་བསམ་བློའི་སྣང་ཚུལ་རྙིང་ཤོས་ཤིག་ཡིན་པས། མིའི་རང་གཤིས་སུ་བཅར་སྟངས་དང་རྙིང་ཞེན་གཉིས་ཀྱི་ཁྱད་པར་ཅི་ཞིག་ཡིན་ནམ།
༦ སྙན་ངག་ནི་མཛེས་དཔྱོད་ཅིག་ཡིན་པའི་ཆ་ནས་མངོན་སུམ་གྱི་ཤེས་པའི་མཛེས་དཔྱོད་ཅིག་རེད་དམ་རྗེས་དཔག་གི་ཤེས་པའི་མཛེས་དཔྱོད་ཀྱི་འགུལ་སྐྱོད་ཅིག་རེད། ཡང་ན་གཞན་ཞིག་རེད།
༧ མི་རབས་ཀྱི་ཆ་ནས་སྙན་ངག་ལ་དབྱེ་བ་འབྱེད་བྱེད་ཀྱི་ཚད་གཞི་དེ་གང་འདྲ་ཞིག་ཡིན་ནམ།
༨ མཇུག་མཐར། ཁྱེད་ལ་བོད་ཕྱི་ནང་གི་རྩོམ་སྟེགས་སུ་འབོད་སྐུལ་ལམ་དགོངས་ཚུལ་ཅི་ཞིག་གསུང་རྒྱུ་ཡོད་དམ།

སྔོན་མ།
སྲིད་པ་མགུ་བའི་མཆོད་ཕྲེང་།
རྗེས་མ།
དཔལ་དོན་གྲུབ་རྒྱལ་དང་བ་ཡེ་མ་ཁྱེ་གཅོད་པ་ཐར།

ལན་ཞོག

ཁྱེད་རང་གི་གློག་འཕྲིན་ཁ་བྱང་འགྲེམ་སྤེལ་མི་བྱ། Required fields are marked *

Fill out this field
Fill out this field
Please enter a valid email address.
You need to agree with the terms to proceed

keyboard_arrow_up